Byed k+She tra pa le gdams pa k+She tra pA la spro la khrid ma grags pa

From Shangpa Resource Center








Resource ID SCv11p901
Title shog dril dgu pa la / las byed k+She tra pA la'i gdams pa k+She tra pA la sprel khrid mar grags pa
Topics Kshetrapala
Sub-Topics Various
Link BDRC W23922
WA00KG09215 (p.363)

༈ ཤོག་དྲིལ་དགུ་པ་ལ། ལས་བྱེད་ཀྵེ་ཏྲ་པཱ་ལའི་གདམས་པ་ཀྵེ་ཏྲ་པཱ་ལ་སྤྲེལ་ཁྲིད་མར་གྲགས་པ་བཞུགས་སོ།
༈ ༼ཤེ༽ མྱུར་མཛད་སྤྱན་རས་གཟིགས་ཀྱི་བཀའ་ཉན་པ། །ནག་པོ་དཔལ་འབར་ཕྱག་དྲུག་འཇིགས་པའི་སྐུ། །ཁྲོས་ནས་ལས་བྱེད་ཀྵེ་ཏྲ་པཱ་ལ་ཡི། །བསྟན་པ་བསྲུང་ཕྱིར་འདི་ཉིད་བསྒྲུབ་འདོད་པས། །ལུག་ནག་སྙིང་དུ་རིན་ཆེན་སྣ་ལྔ་དང་། །སྲོག་གི་འཁོར་ལོ་གསེར་གྱིས་བྲིས་པ་བཞག །མདའ་མོ་བྱ་རྒོད་སྒྲོ་ཡི་རྩ་བ་ལ། །དམར་ནག་དར་དང་ཙ་ཀ་ལི་བཏགས་ནས། །དུར་ཁྲོད་ས་ལས་དཀྱིལ་འཁོར་གྲུ་བཞིའི་དབུས། །གྲུ་གསུམ་ནང་དུ་མཚན་ངན་རབ་ཆད་ཐོད། །དེ་ནང་དགྲ་བོའི་ལིངྒ་བག་ཟན་ལ། །འདྲ་འབག་བྱས་ལ་སྙིན་ཁར་ཎི་དང་ཛ། །མཐའ་མར་རྦད་བསད་སྔགས་ཀྱིས་བསྐོར་བ་བཞག །ལྷོ་ནུབ་མགོ་བསྟན་སྙིང་ཁར་ཕུར་པ་གདབ། །ཚེར་ཤིང་ནག་པོའི་ཕུར་པ་སོར་བརྒྱད་པ། །སྔགས་བྲིས་གནོད་སྦྱིན་དངོས་སུ་བྱིན་བརླབ་པ། །དེ་ནས་དུར་ཁྲོད་ས་དང་རྐང་གཅིག་ཤིང་། །བྲག་ནག་སོག་པོ་ཁྲོས་འདྲའི་ས་དག་ལ། །མགོན་པོའི་བཀའ་ཉན་བྱ་དཀར་ནག་པོ་ནི། །གཡས་པ་སྙིང་འཛིན་གཡོན་པ་སྤྲིའུ་ཁྲིད། །དེ་ཡི་ཡུམ་ཆེན་དུས་མཚན་ནག་མོ་ནི། །ལྟས་ངན་འུག་པའི་མགོ་ཅན་མིག་གསུམ་མ། །གཡས་པ་རུ་མཚོན་གཡོན་པ་ཐོད་ཁྲག་འཛིན། །ལིངྒ་དེ་ཡི་གཡས་གཡོན་གཉིས་སུ་བཞག །སྙིང་གར་སྔགས་དང་དགྲ་ལ་བྷྱོ་བྲིས་བཞག །ཁ་བསྒྱུར་ཁྲཾ་བྱ་བྱས་པ་མགོ་ལ་གཟུགས། །བདག་ཉིད་མགོན་པོར་གསལ་བའི་གཟུགས་རྙན་མདུན། །ལས་བྱེད་ཀྵེ་ཏྲ་པཱ་ལ་དོམ་ལ་ཞོན། །གཡས་སུ་ཀྵེ་ཏྲའི་སྤྲུལ་པ་སྤྲེའུ་ཁྲིད། །གཡོན་དུ་བུད་མེད་འུག་གདོང་ལས་ལ་འཆའ། །དེ་ལྟར་གསལ་ལ་སྔགས་འདི་སྒྲུབ་པར་བྱ།
ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་པཱ་ལ་བིགྷྣན་བི་ན་ཡ་ཀ་ཀཱ་ལ་འུར་བ་འུར་བ། རྒྱུག་རྒྱུག །བྲེང་བྲེང་། ཐུཾ་རིལ་ཛ་ཛ། དམ་ཉམས་ཙིཏྟ་ནན། རྦུད་རྦུད། ཨ་བེ་ཤ །ཨ་བེ་ཤ །བེ་ཤ་ཡ། བེ་ཤ་ཡ། སྲ་ཏོ་ཀ་རི་ཡ། ༼ཨ་བེ་ཤཡ།༽ སྲ་ཏོ་ཀ་རི། རཀྵ་ཙིཏ་ཏེ་ཎི་ཤ་སྙིང་ལ་སྤྲིལ་སྤྲིལ། སུཾ་ཏྲི་མ་རུ་ལུ་རུ་ལུ་དགྲ་ལ་བྷྱོ།
།ཀྵེ་ཏྲ་པཱ་ལ་༼རྐྱངས་པ་༽རྦད་ནན་འདི་བཟླས་སོ། །ལྕགས་ཕྱེ། ཟངས་ཕྱེ། རྡོ་ཕྱེ། ཁྲག་སྣ། དུག་སྣ། ཡུངས་དཀར་ནག །ད་རུ་ར་རྣམས་ཀྱིས་ཐུན་བྲབས། ལིངྒ་ལ་ད་དུ་ར་དང་། ཁ་ཤོག་པ་བསྲེས་ན་བཟང་།
དམིགས་པ་ནི། རང་ཡི་དམ་དུ་གསལ་བས། ཀྵེ་ཏྲ་པཱ་ལ་ཞགས་པ་དང་སྙིང་ཐོགས་པ་མང་པོ་སྤྲོས་ནས། ཞགས་པས་དགྲ་བོ་བཅིངས། སྤྲིའུ་སྐྱོན་ནས་ཁྲིད་བྱུང་བས་འབྲུབ་ཁུང་དུ་བཅུག་ནས། གན་རྐྱལ་དཀྱིགས་ཀྱུར་བར་བསམས་ལ་ཐུན་གྱི་བྲབས། སྔགས་གོང་མས་ཞག་གསུམ་ན་རྟགས་ཐོན། འོག་མ་ཡང་ཞག་གཅིག་བདུན་ཉི་ཤུ་རྩིག་གིས་འགྲུབ་སྟེ། གང་ཟག་གི་༼ཉམ་ལེན་གྱི་༽ཁྱད་པར་དུ་གདའོ། །ཆོ་འཕྲུལ་བྱུང་ནས་མ་བྲབ་ན་དགྲ་བོ་དེ་འཆི་བར་འགྱུར་རོ། །སྒྲུབ་པ་ཐོན་ནས་གཟུགས་བརྙན་དེ་གཉིས་དགྲ་ལ་བསྐྱལ། ལིངྒ་ཕུར་པས་བརྡུབས་ལ་སྦྱིན་སྲེག་བྱ། འདིས་དགྲ་ལ་སྨྱོ་འབོགས་ཡོང་ཞིང་དགྲ་བོ་སྨྱོ་བར་འགྱུར་རོ། །བསྐུལ་རྣམས་བྱའོ།།