Dpal ldan lha mo'i phyag g.yon gyi thod pa la brten nas dgra bo phung du 'jug pa
Resource ID | SCv11p890 |
---|---|
Title | shog dril bdun pa la dpal ldan lha mo'i phyag g.yon gyi thod pa la brten nas dgra bo phung du 'jug pa |
Topics | Pelden Lhamo |
Sub-Topics | Various |
Author | Gelek Pelsang |
Link | BDRC W23922 WA00KG09215 (p.356) |
༈ ཤོག་དྲིལ་བདུན་པ་ལ། དཔལ་ལྡན་ལྷ་མོའི་ཕྱག་གཡོན་གྱི་ཐོད་པ་ལ་བརྟེན་ནས་དགྲ་བོ་ཕུང་དུ་འཇུག་པ་བཞུགས་སོ།
༈ ༼ཝེ༽ མ་ཧཱ་ཀཱ་ལ་ན་མོ།
དཔལ་ལྡན་ལྷ་མོའི་ཕྱག་གཡོན་གྱི་ཐོད་པ་ལ་རྟེན་ནས་དགྲ་བོ་ཕུང་དུ་འཇུག་པ་ནི།
ནལ་བུའི་ཐོད་པར་ཕུང་ཤུལ་གྱི་ས་དང་། ལྷ་ཁང་རྙིང་པའི་ས། ལམ་གྱི་བཞི་མདོ། འཁྲུག་པ་ཆེན་པོ་བྱུང་བའི་ས་རྣམས་བསྡུས་ལ། རྟ་དྲེལ་བོང་གསུམ་གྱི་གཅིན་དང་སྦྱར་ལ་རྔ་མོང་གི་གཟུགས་འཛུབ་གང་པ་བྱ། ར་ཁྱི། བྱི་བ། བྱི་ལ། བྱ་རོག །འུག་པའི་ཁྲག་གི་བྱུགས། གྲི་ཐལ་དང་། སྔར་གྱི་ས་བསྡུས་པ་ལ་སྤྲེའུའི་ཁྲག་གིས་བྱུགས་པ་ལ་འཐེབ་གང་པ་སྐྱོན། དེའི་ལག་གཡས་པར་གྲོང་ཁྱེར་དཀྲུག་པའི་སྔགས་བྲིས་ལ་བཏགས། གཡོན་པའི་སོར་མོ་ལྔ་བསྒྲད་པར་བྱ། མགོན་པོ་འཁོར་བཅས་ལ་གཏོར་མ་ཕུལ་ལ་ཕྲིན་ལས་བཅོལ། ལྷ་མོའི་འབོད་པའི་སྔགས་ཀྱི་གཤམ་དུ་གྲོང་ཁྱེར་དཀྲུག་པའི་སྔགས་བཏགས་པ་ཞག་གསུམ་གྱི་བར་དུ། ཐུན་རྫས་སྔགས་ལ་རབ་གནས་བྱ། །ཐུན་རྫས་ཀྱི་ཐོད་པ་བྱུར་གྱིས་བཀང་། ཉི་ཟླ་དང་བྲལ་བའི་སྲོད་ཙམ་ལ་དགྲ་བོའི་ཁང་པའི་བྱང་ཤར་དུ་དོང་བྲུས་ལ་སྦ། ཕྱིན་ཅི་ལོག་ཏུ་བསྐོར་བྱ་ཞིང་ཐུན་ལྷག་མ་རྣམས་གཏོར། ཕྱི་མིག་མི་བལྟ་བར་རང་གནས་སུ་ལོག་ལ་བསྐང་བཤགས་ཞག་གསུམ་གྱི་བར་དུ་བྱ། དེས་ནི་ཕ་རོལ་ཕུང་བར་འགྱུར་རོ།།