Dzi na mi tra'i DA ma ra ru la brten nas smyo ru 'jug pa

From Shangpa Resource Center








Resource ID SCv11p892
Title dzi na mi tra'i DA ma ru la brten nas smyo ru 'jug pa
Topics Jinamitra
Author Gelek Pelsang
Link BDRC W23922
WA00KG09215 (p.357)

༈ ༈ ཛི་ན་མི་ཏྲའི་ཌཱ་མ་རུ་ལ་བརྟེན་ནས་སྨྱོ་རུ་འཇུག་པ་བཞུགས་སོ།།
༈ ༼ཟེ༽ ཛི་ན་མི་ཏྲའི་ཌཱ་མ་རུ་ལ་རྟེན་ནས་དགྲ་བོ་སྨྱོ་རུ་བཞུག་པ་ནི།
སྨྱོན་པའི་རོ་རས་སམ། རོ་ལ་བཀབ་པའི་ཤོག་བུ་ལ་ཐོད་པ་སྐམ་པོ་ལྟག་པ་སྤྲད་པ་བྲི། ཐོད་པ་གཅིག་ལ་ཆུ་རིས་དང་། གཅིག་ལ་རླུང་རིས་བྲི། དེ་གཉིས་ཀྱི་ནང་དུ་དུག་དང་སྣག་ཚ་སྦྱར་ལ་ལིངྒ་མཚོན་གང་པ་རེ་བྱེད། དེའི་མཐའ་མར་ཡིག་མགོ་ནང་དུ་བསྟན་ལ།
ཨོཾ་ཛི་ན་མི་ཏྲ་ཝ་ཤཾ་ཀུ་རུ་ཆེ་གེ་མོ་མཱ་ར་ཡ་ཧཱུྃ་ཕཊ། ཨ་བེ་ཤ་ཡ། ཨ་བེ་ཤ་ཡ། སརྦ་ཙ་ཏུར་མཾ་རིལ་རྦད།
ཅེས་པས་བསྐོར། དེ་ལིའམ་མཁར་བའི་སྣོད་དུ་བཞག་ལ་དགུག་གཞུག་དང་ལྷ་དབྱེ་བྱ། ཡིད་ཆེས་པ་དང་འགྲུབ་ཁུང་དུ་བཞག་ལ། གོང་གི་སྔགས་འདྲེན་ཅིང་དུག་ཆུ་དང་ཚེར་མ་ཅན་གྱི་ཤིང་བླང་ལ་ལིངྒ་ལ་བྲབ། རང་གི་དྲི་མ་མ་སོང་བར་བྱེ། དེ་ཁྱི་སྨྱོན་གྱི་ཐོད་པར་བླུག་ལ་ལམ་གྱི་བཞི་མདོར་སྦས་ན་སྨྱོ་བར་འགྱུར་རོ།།