Gtso 'khor rnams kyi dbang bskur skabs dang skang bshags dus su 'kho ba rgyan gyi mnga' dbul

From Shangpa Resource Center








Resource ID Sup17
Title gtso 'khor rnams kyi dbang bskur skabs dang skang bshags dus su 'kho ba rgyan gyi mnga' dbul
Topics Chadrupa
Sub-Topics Various
Author Khyungpo Neljor
Link BDRC W3CN18508 (v3p.48)

གཙོ་འཁོར་རྣམས་ཀྱི་དབང་བསྐུར་སྐབས་དང་བཤགས་དུས་སུ་འཁོ་བ་རྒྱན་གྱི་མངའ་དབུལ་བཞུགས་སོ།

རྒྱན་ཆས་ཀྱི་རྗེས་གནང་ནི།
པན་ཙ་ལི་ཀར་དམར་མཐིང་། །སེར་ལྗང་རིན་ཆེན་རྒྱན་སྤྲས་སེར། །སྲབ་འཇམ་ཡང་གཉེན་ཕོད་ཁ་སོགས། །དཔལ་ཆེན་ནམ་ཟ་ལེགས་གསོལ་ཅིག །རྩ་སྔགས་བཛྲ་པ་ཤེ་ཨ་ཧཱུྃ།
གདུབ་བུ་སྐེ་རགས་དོ་ཤལ་རུས། །འཁོར་ལོ་རྣ་ཆ་མགུལ་རྒྱན་དྲུག །དཔལ་ལྡན་མགོན་པོའི་སྐུའི་རྒྱན་ཡིན་གྱིས། །འཁོར་བཅས་དཔའ་བའི་ཆས་བཞུག་ཅིག །རྩ་སྔགས་སརྦ་བྷི་མ་ཨ་ཧཱུྃ།
དབུ་བརྒྱན་སྙན་ཆ་མགུར་ཆུ་དང་། །དཔུང་རྒྱན་སེ་མོ་དོ་ལ་སོགས། །རིན་ཆེན་སྣ་ཚོགས་བཀོད་ལེགས་མཛས། །འཁོར་བཅས་ཡིད་འོང་ཆས་ཞུག་ཅིག །རྩ་སྔགས་བཛྲ་སརྦ་རད་ན་སུ་ཙ་མེ་ཀ་ཨ་ཧཱུྃ།
རྒྱལ་བ་རིགས་ལྔས་མཚན་པ་ཡི། །ཐོད་སྐམ་རིན་ཆེན་དབུ་བརྒྱན་འདི། །དར་དཔྱངས་ཅོད་པན་མེ་ཏོག་བཅས། །རབ་བརྗིད་དབུའི་རྒྱན་གསོལ་ཅིག །རྩ་སྔགས་རད་ན་ཤྲི་ལ་སུ་ཙ་སྭ།
།འདུ་བྱེད་བདུད་སྡེ་ལྔ་བཅུ་སོགས། །དག་པའི་མགོན་པོ་ཁྲག་འཛག་ཕྲེང་། །ལྔ་བཅུ་རྒྱུ་མས་སྦྲེལ་འདི་འབུལ། །རབ་བརྗིད་དོ་ཤྭལ་འདི་གསོལ་ཅིག །རྩ་སྔགས་བཛྲ་ཀ་པ་ཀུ་ཏ་ཝ་རི་ཨ་ཧཱུྃ།
།འཁོར་བའི་བདག་འཛིན་བྲལ་བ་ཡི། །ཐོད་སྐམ་ཚངས་སྐུད་ནག་པོས་སྦྲེལ། །ཕྲིན་ལས་སྒྲུབ་སྔགས་དོ་ཤལ་ཕྲེང་། །བརྗིད་པའི་རྒྱན་འདི་འཆད་པར་མཛོད། རྩ་སྔགས་བཛྲ་པ་ཏི་ཨ་རུ་ན་ཏེ་ཨོཾ་ཧཱུྃ།
རུ་དྲའི་ཞིང་ལུགས་ལྗང་ལོར་བཅས། །ཞེ་སྡང་རྣམ་དག་མཁའ་མཉམ་འདི། །ཁྲོ་རྒྱལ་མགོན་པོའི་གོས་ཡིན་གྱི། །སྟོད་གཡོགས་གཡང་གཞི་འདི་གསོལ་ཅིག །རྩ་སྔགས་བཛྲ་པ་ཏཾ་མ་ཏ་རུ་ཁ་ཨ་ཧཱུྃ།
གླང་ཆེན་ཀོ་རློན་ཁྲག་འཛག་རྒྱུན། །གཏི་མུག་རྣམ་དག་མུན་མདངས་ཅན། །དཔལ་ཆེན་མགོན་པོའི་གོས་ཡིན་གྱིས། །སྟོད་གཡོགས་ན་བཟའ་འདི་གསོལ་ཅིག །རྩ་སྔགས་བཛྲ་ཧ་ཏི་པ་ཏེ་ཡེ་ཤཱི་ཧཱུྃ།
གཅན་ཟན་སྟག་ལུགས་ཁྲག་ཟིལ་ཅན། །ང་རྒྱལ་རྣམ་དག་རི་མོས་མཚན། །སྡེར་གཞི་ལྡན་པའི་ཤམ་ཐབས་འདི། །སྨད་གཡོགས་ན་བཟར་བཞེས་སུ་གསོལ། རྩ་སྔགས་བཛྲ་བར་མུ་ཏཾ་ཛ་ར་ཡེ་ཨ་ཧཱུྃ།
བདུད་དང་རུ་དྲའི་སྙིང་ཁྲག་དང་། །འགྲོ་དྲུག་བསྒྲལ་བའི་རག་ཏ་དང་། །འདོད་ཆགས་རྣམ་དག་ཐིག་ལེ་གཞིར། །བྱུག་པའི་རྫས་མཆོག་བཞེས་སུ་གསོལ། རྩ་སྔགས་བཛྲ་ཁ་པ་རག་ཏ་པ་ཝར་པ་ཏ་ཨ་ཧཱུྃ།
ཁམས་གསུམ་བཅུད་བསྡུས་ཞུན་ཆེན་དང་། །འགྲོ་ཀུན་ལོག་སྲེད་ཀུན་བྲལ་བའི། །རྐང་མར་ཞག་གི་ཟོ་རིས་གསུམ། །བྱུག་པའི་རྫས་མཆོག་བཞེས་སུ་གསོལ། རྩ་སྔགས་བཛྲ་པ་ར་པ་ཏ་གྷ་ཡ་ཨ་ཧཱུྃ།
སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱིས། །འཁྲུལ་རྟོག་དུག་ལྔ་ཀུན་བསྲེགས་པའི། །ཐལ་ཆེན་ཚོམ་བུ་ཡེ་ཤེས་ལྔ། བྱུག་པའི་རྫས་མཆོག་བཞེས་སུ་གསོལ། རྩ་སྔགས་བཛྲ་ཀརྨ་ཀུ་ཏ་པ་ཏ་ཨ་ཧཱུྃ།
དཀར་དམར་སེར་མཐིང་ལྗང་བའི་སྦྲུལ། །ཅོད་པན་སྙན་ཆ་མགུལ་བརྒྱན་གདུབ། །ལྟོས་འགྲོའི་དོ་ཤལ་སྣ་ཚོགས་ཀུན། །བརྗིད་པའི་རྒྱན་མཆོག་བཞེས་སུ་གསོལ། རྩ་སྔགས་བཛྲ་ཧ་སུ་ན་ཡ་ཧྲི་ཏ་ཨ་ཧཱུྃ།
དྲི་མེད་པད་མ་ཉི་ཟླ་དང་། །དགྲ་བགེགས་མི་རོ་བསྣོལ་བའི་ཁྲི། །གཟི་རྗིད་འོད་ཟེར་འབར་བ་འདི། །ཐབས་ཤེས་ཁྲི་གདན་བཞེས་སུ་གསོལ། རྩ་སྔགས་བཛྲ་པད་མ་ཀྲི་ཀྲི་རི་ནི་ཨ་ཧཱུྃ།
རང་རིག་གསལ་བ་ཡེ་ཤེས་སྒྲོན། །སྙོན་མོངས་སྡུག་བསྔལ་བསྲེག་བྱེད་ཀྱི། །བསྐལ་པའི་མེ་དཔུང་འབར་འཚུབ་འཁྱིལ། །འཇིགས་བྱེད་བསྲུང་འཁོར་འོང་འབར་བཞེས། རྩ་སྔགས་བཛྲ་བྷི་ནི་རཾ་པ་ཏ་ཀ་ཨ་ཧཱུྃ།
འགྲོ་ཀུན་ཚོགས་གཉིས་རྫོགས་ཕྱིར་དུ། །བདུད་རྩི་སྨན་དང་རག་ཏ་ཁྲག །ཞལ་ཟས་གཏོར་ཚོགས་འབྱོར་བཤམས་བཟང་། །མཐུན་པའི་རྫས་མཆོད་བཞེས་སུ་གསོལ། རྩ་སྔགས་བཛྲ་སརྦ་ཀུ་ར་བྷ་ལིཾ་ཏ་བ་རཾ་ཨ་ཧཱུྃ།
ཐུགས་རྗེས་ཕྲིན་ལས་ཕྱུར་བསྐུལ་སྒྲ། །བདུད་སྡེ་ཟིལ་གནོན་རོལ་མོའི་ཚོགས། །སྟོང་གསུམ་ཀུན་ཁྱབ་སྒྲ་ལྡན་རྣམས། །མཆོད་པར་བཞེས་ལ་དངོས་གྲུབ་བརྩོལ། རྩ་སྔགས་ཤ་པ་ཏ་ཨ་ཧཱུྃ།
མགོན་པོ་ཕྱག་དྲུག་འཁོར་བཅས་ཀྱི་རྒྱན་ཡིག་བདག་ཁྱུང་པོ་རྣལ་འབྱོར་པས་ཉམས་སུ་མྱོང་པར་བྱེད་པའོ། ཨྀཐི།།