K+She tra pa la'i rlung sgrub bzlog med ha la khong song man ngag

From Shangpa Resource Center








Resource ID SCv11p921
Title k+She tra pa la'i rlung sgrub bzlog med ha la khong song man ngag
Alt. title k+She tra pA la'i las sbyor
Topics Kshetrapala
Sub-Topics rlung bsgrub
Author Gelek Pelsang
Link BDRC W23922
WA00KG09215 (p.376)
Notes Close to dom gyi chu 'dzin la brten pa'i rlung sgrub kyi rab zhag bdun 'bring brgyad tha ma dgu la dgra po 'gum pa

༈ ཀྵེ་ཏྲ་པ་ལའི་རླུང་བསྒྲུབས་བཟློག་མེད་ཧ་ལ་ཁོང་སོང་༼ལྟ་བུའི་༽མན་ངག་བཞུགས་སོ།།
༈ ༼ཁོ༽ ཀྵེ་ཏྲ་པཱ་ལའི་ལས་སྦྱོར་ནི།
།དུག་ཁྲག་སྦྱར་བའི་རུ་པ་བྲི། །སྙིང་གར་མིང་རུས་སྔགས་ཀྱིས་བསྐོར། ཟག་རྫས་བྱུགས་ལ་སྣེ་མིག་ཏུ། །དོམ་གྱིས་སེན་མོས་ཎི་མིག་ཕུབ། །བ་སུ་ཏ་ཡིས་ཤི་སྐྲའི་བཀུད་པས་དྲངས། །གྲི་རུའི་གྲི་གུག་བཀུད་སྣར་དྲངས། །གཟུངས་བྲིས་སྐྲ་ཡི་ཁ་སྣ་གདམས། །རང་ཉིད་ཡེ་ཤེས་མགོན་པོར་བསྐྱེད། །ཁྲི་ཕྲག་གཅིག་གི་བཟླས་པ་བྱེད། །སྐྱེར་པའི་ཕུར་པ་མཛུབ་གང་ལ། །གྲི་ཁྲག་ངར་བླུད་དེ་ལ་ནི། །བཀའ་སྡོད་ལས་ཀྱི་མགོན་པོར་བསྐྱེད། །དེ་ལ་སྐུད་སྣ་བཏགས་ནས་སུ། །དགྲ་བོའི་བུ་ག་ཞགས་པས་བསྡམས། །གྲི་གུག་གིས་ནི་སྲོག་རྩ་གཅོད། །སྙིང་ཁྲག་ཐམས་ཅད་གསོལ་བར་བསམ། །རང་གི་ཐུགས་ཀའི་ཧཱུྃ་ལས་ནི། །འོད་འཕྲོས་མགོན་པོ་བསྐུལ་བར་བསམ།
།ཨོཾ་ཀྵེ་ཏྲ་པཱ་ལ་བིགྷྣན་ཆེ་གེ་མོ་མཱ་ར་ཡ་ཧཱུྃ་ཕཊ། མ་ཧཱ་ཀཱ་ལ་ཡཀྵ་དམ་ཉམས་འདིའི་སྲོག་རྩ་ལ་རྦུད་རྦུད། ཐུཾ་ཐུཾ། ཤིག་ཤིག །དགྲ་བོའི་ཙིཏྟ་བཾ་རིལ་རྦད། ཁ་ལ་ཕུར་ཡཾ་རྦད།
འདི་ནི་ཞག་བདུན་བར་དུ་བསྒྲུབས། །བརྟགས་ནི་རབ་འབྲིང་ཐ་མ་གསུམ། །རབ་ནི་ཞག་བདུན་འབྲིང་ནི་བརྒྱད། །ཐ་མ་དགུ་ཡིས་ནང་དུ་འགུམ། །གཏོར་མ་འབུལ་བ་གཞུང་དུ་གསལ། །ཐུན་བརྡེག་བསྲེག་བསྣུན་འདིར་མི་དགོས། །བཟློག་མེད་ཧ་ལ་ལྟོར་སྲོང་འདྲ།
།མང་ཐོས་དགེ་ལེགས་དཔལ་བཟང་གིས། །མཁས་གྲུབ་གོང་མའི་མན་ངག་ལ། །ལྷད་ཞུགས་བསལ་ནས་དག་པར་བྱས།
།གཏོར་མའི་ལས་སྦྱོར་༼གོང་དུ་བཤད་ཟིན་༽ཟུར་ན་ཡོད། རྒྱ་རྒྱ་རྒྱ།