K+Shetra pa la'i gri gug la brten nas dgra srog bral ba
Resource ID | SCv11p891 |
---|---|
Title | k+She tra pa la'i gri gug la brten nas dgra srog bral ba |
Topics | Kshetrapala |
Sub-Topics | Various |
Author | Gelek Pelsang |
Link | BDRC W23922 WA00KG09215 (p.357) |
༈ ཀྵེ་ཏྲ་པཱ་ལའི་གྲི་གུག་ལ་བརྟེན་ནས་དགྲ་སྲོག་དབྲལ་བ་བཞུགས་སོ།
༈ ༼ཞེ༽ ཀྵེ་ཏྲ་པཱ་ལའི་གྲི་གུག་ལ་བརྟེན་ནས་དགྲ་བོ་སྲོག་དང་འཕྲལ་བ་ནི། གྲི་ལྕགས་ལ་གྲི་གུག་གི་གཟུགས་བྲིས། དེའི་སོ་ལ་ལིངྒ་ཚོན་གང་པ་ལ་དུག་ཁྲག་གིས་སྔགས་ཀྱིས་མཐའ་ནས་བསྐོར། ཉ་ཕྱིས་སམ་དུང་ཕོར་གྱི་ནང་དུ་བཞག་ལ་དགུག་གཞུག་ལྷ་དབྱེ་བྱ། ཡིད་ཆེས་པ་དང་གྲི་གུག་གི་གྲི་ལྕགས་ཀྱི་མཚོན་གྱི་བཏུབས། དགྲ་བོའི་ཟག་རྫས། གྲོ་སེར་བས་རྡུངས་པའི་བག་ཟན་དང་སྦྱར་ལ་དགྲ་བོ་སོར་བཞི་པ་བྱ། དེ་ཕག་ཐོད་དུ་བཅུག་ཐུན་གྱི་བྲབ། ཞག་ཉི་ཤུའི་བར་དུ་ཀྵེ་ཏྲ་པཱ་ལའི་བསད་སྔགས་ཆིག་སྒྲིལ་དུ་བསྒྲང་ཞིང་། གཏོར་མ་ཕུལ། འཕྲིན་བཅོལ། དེ་ཁྱི་ནག་པོ་དཀར་ཐིག་གིས་དབེན་པ་ལ་བྱིན་ན་འགུམ་མོ།།