Mgon po zhal gsum phyag drug pa'i sgrub thabs bsdus pa bram ze chen pos mdzad pa
Resource ID | Ten2 |
---|---|
Title | mgon po zhal gsum phyag drug pa'i sgrub thabs bsdus pa bram ze chen pos mdzad pa |
Alt. title | nag po chen po'i sgrub thabs nag po chen pos byin gyis brlabs pa'i sgrub thabs |
Topics | Chadrupa |
Sub-Topics | Sadhana |
Author | Saraha |
Associated Person | Khyungpo Neljor Atayavajra |
Link | W1PD95844 (v47 p.494) |
Notes | Close to SCv11p179 |
མགོན་པོ་ཞལ་གསུམ་ཕྱག་དྲུག་པའི་སྒྲུབ་ཐབས་བསྡུས་པ་བྲམ་ཟེ་ཆེན་པོས་མཛད་པ་བཞུགས་སོ།།
།རྒྱ་གར་སྐད་དུ། ཨཐིཥྛ་ན་མ་ཧཱ་ཀ་ལ་ས་དྷ་ན་ན་མཿ
བོད་སྐད་དུ། ནག་པོ་ཆེན་པོའི་སྒྲུབ་ཐབས་ཞེས་བྱ་བ།
འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ།
།སྟོངཔའི་ངང་ལས་པཾ་ལས་པད་མ་རམལས་ཉི་མའི་གདན་སྟེངས་ན། །བྱེ་ན་ཡ་ཀ་བརྡལ་བའི་ཐག །ཧཱུཾ་ལས་གྲི་གུག་གི་སྤྲོ་བསྡུ་ལས་ནག་པོ་ཆེན་པོ་ཞལ་གསུམ་ཕྱག་དྲུག་པ། །སྟག་ལྤགས་དང་ནི་རུས་པའི་རྒྱན་གྱིས་མཛེས། །སྦྲུལ་ཆེན་རྒྱན་དང་རལ་པ་ཐུར་དུ་འཕྱང་། །སྲིན་པོའི་ཐོད་ཕྲེང་རུས་པ་ནག་པོ་ཡི། །ཐོད་པས་དབུ་ལ་རབ་ཏུ་བརྒྱན་པའོ། །གཡས་དཀར་གཡོན་ནི་དམར་ཞིང་སྤྱན་གསུམ་པ། །ཁྲོས་པའི་སོ་གཙིགས་རབ་ཏུ་གཏུམ་པའི་མདོག །གཡས་པ་གྲི་གུག་བར་པ་བགྲང་ཕྲེང་སྟེ། །ཐ་མས་ཆོས་སྒྲ་ཌ་མ་རུ། །དྲག་པོ་ཁྲོལ་ཞིང་གར་སྟབས་མཛད། །གཡོན་པ་ཐོད་པ་དང་ནི་མདུང་རྩེ་གསུམ། །དེ་བཞིན་ཞགས་པས་དགྲ་བོ་འཛིན་པར་བྱེད། །བརྐྱང་སྐུམ་གར་ཐབས་མཛད་པའི་ཞབས་བཞི་རོལ། །མི་བསྐྱོད་བྱིན་གྱིས་བརློབ་ཅིང་
རྒྱབ་ཏུ་མ་ཧཱ་ཀ་ལ་ནི། །དམར་ནག་གཡས་པས་གྲི་གུག་འཛིན། །གཡོན་པ་ཐོད་ཁྲག་ཞལ་དུ་རྔུབ། །རུས་པའི་རྒྱན་ལྡན་གཅེར་བུ་མོ། །གར་སྟབས་ཀེང་རུས་གདན་ལ་བཞུགས། །མཆེ་གཙིགས་སྤྱན་གསུམ་ཁྲོས་པའི་ཞལ། །གཙོ་བོ་དང་ནི་དུས་མཉམ་བསྐྱེད། །ལས་ཀྱི་ལྷ་མོ་བཞི་པོ་ཡིས། །གདུག་པ་ཅན་ཀུན་ཀུན་འགུགས་བྱེད་ཅིང་། །བཟུང་ནས་གཙོ་ལ་སྟོབས་པར་བྱེད། །སྔགས་ཀྱི་ཟླས་པ་དེ་རྗེས་བཙལ།
།ཨོཾ་ཤཱི་བཛྲ་ཙན་དྷ་མ་ཧཱ་ཀཱ་ལ་བྲ་ཐི་ཐ་ན་མ་མ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། རྩ་བའི་སྔགས་སུ་བསྟན་པ་ཡིན།
།ཨོཾ་ཤྲི་བཛྲ་ཙན་དྷ་མ་ཧཱ་ཀ་ལ་ཛ་ལི་ཁྲེཾ་ཀྵེ་ཏྲ་བིག་ནན་བྷི་ན་ཡཀྵ་ཧཱ་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། གཙོ་འཁོར་ཉེ་སྙིང་སྔགས་སུ་བསྟན།
།ཨོཾ་མ་ཧཱ་ཀ་ལི་ནི་ཧཱུཾ་ཕཊ། ཨོཾ་མ་ཧཱ་ཀ་ལི་ཁྲེ་ཏ་པ་ལ་ཧཱུཾ་ཧཱུཾ་ཕཊ། ཨོཾ་རད་ནི་ཏ་ཀི་ར་ཛ་ཧཱུཾ་ཕཊ། ཨོཾ་མ་ཧཱ་ཀ་ལི་ནི་ཤ་ཏྲུཾ་མ་ར་ཡ་ཧཱུཾ་ཕཊ། འཁོར་གྱི་སྔགས་སུ་བསྟན་པ་ཡིན།
།ལྷ་མཉེས་པ་ཡི་གཏོར་མ་ནི། །ཤ་ལྔ་བདུད་རྩི་རྣམ་པ་ལྔ། །ཀ་པ་ལ་བླུགས་བྱིན་བརླབས་ཏེ། །ཙན་དན་ཤིང་ལ་གཙོ་འཁོར་རྣམས། །བབས་ནས་རྣལ་འབྱོར་མདུན་དུ་ནི། །སྒྲ་དང་བཅས་པས་བྱོན་པ་ལ། །གསང་བའི་སྔགས་འདིས་དབུལ་བར་བྱ། །ཨོཾ་མ་ཧཱ་ཀ་ལ་ཤ་ས་ནན། ཨ་པ་ཀ་རི་ཤ་རི་ཤཾ། ཨ་པས་ཙི་མ་ཧཱ་ཀ་ཥྚཾ་པཾ་ཨི་རྟཾ་རད་ན་ཏྲ་ཡ་ཨ་པ་ཀ་རི་ནི་ཡ་ཏི་པྲ་ཏི་ཛ་སྨ་ར་སི་ཏད་ཏཾ། ཨི་དཾ་དུཥྚཾ་ཁ་ཁ་ཁ་ཧི་ཁ་ཧི། མ་ར་མ་ར། གྲིཧྣ་གྲིཧྣ། བྷན་དྷ་བན་དྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མི་ཀེ་ན། མ་ར་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ། གཙོ་འཁོར་རྣམས་ཀྱི་གསོལ་བས་སམ།
།ཨོཾ་མ་ཧཱ་ཀ་ལ་སོ་སྠི་ན་ཙ་ལ་ནཱ་ནེ། པུ་ར་ཛ་ལིང་ནི། ཛྙ་ཀ་ར་ན་བྷ་ཧཱུཾ་ཀ་ན་ནི་ར་བ་ས་ཝུ་ར་ཧཱུཾ་ག་ཀ་ཧཱུཾ་ཀ་ཕེམ་ཀ་ར་བྷི་བྷི་ཤ་ན། ད་པ་དི་པི་ལ་དྷ་མ་རུ་ཨེ་པ་ལ་སེ་ཀ་ཀ་ལ་ཧ་ཧི། ཨོཾ་ཡ་ན་ས་ན་ཛོ་ཀི་ནི་ན་ཡ། ཨ་ནེ་དེ་ཨེ་ཙེ་ལུ་ལ་ཨེ་ན་ས་ནི་པྲ་རྣ་ཝི་ས་ཝུ་ར་ཐིས་སྠ་ན་མ་མ་ཧཱ་ཀ་ལ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། སྔགས་དེས་ལེགས་པར་བསྟོད་པའོ།
།དེ་ལྟར་རྟགས་དང་ལྡན་པ་ཡིས། །སྒྲུབ་པའི་ལས་ལ་བརྩོན་པར་ནི། །སྔགས་ལ་ཤམ་བུར་གདག་པར་བྱ། །དེ་ནས་གསང་བའི་ལས་བྱ་བ། །གཙོ་འཁོར་སྔགས་ལ་མ་ར་ཡ། །བླ་མས་བསྟན་པ་ཤེས་པར་བྱ། །སྦྱིན་སྲེག་བྱས་ལ་མནན་པར་བྱ། །རབ་ཆད་ཐོད་པ་སྟེང་འོག་ལ། །གཙོ་འཁོར་འཁོར་ལོ་བྲིས་བྱས་ལ། །ལྟེ་བར་ནག་པོའི་ལིང་ག་བྲི། །ཁ་སྦྱར་བར་དུ་ལིང་ག་གཞུག །རོ་རས་དྲིལ་ལ་མནན་པ་བྱ། །ཡང་ན་བེད་དམ་འབྲུབ་ཁུང་དུ། །མན་ངག་བཞིན་དུ་མནན་པར་བྱ། །གཏོར་མས་སྟེང་ནས་མནན་ལ་བཞག །རྟགས་བྱུང་སྐྱེས་པའི་ཙིཏྟ་རུ། །མ་ཧཱ་ཀ་ལིའི་སྙིང་པོ་དང་། །འཁོར་དང་བདུད་རྩིར་བཅས་པ་བཞུགས། །སྐུ་ཡི་དྲིལ་ལ་དར་ནག་གཏུམ། །རང་རེ་མཆན་ཁུང་གདགས་པར་བྱ། །སྐབས་སུ་ལག་པས་གཟུང་བྱས་ལ། །བསད་པའི་སྔགས་ཀུན་བཟླས་པར་བྱ། །བདག་གི་ནག་པོ་སྒྲུབ་པའི་ཐབས། །རང་ཉིད་བྱིན་གྱིས་བརློབས་པ་འདི། །རྩམས་པའི་དགེ་བ་གང་ཡོད་པ། །དཔལ་ལྡན་མགོན་པོའི་ཞལ་མཐོང་ཤོག།
།།ནག་པོ་ཆེན་པོས་བྱིན་གྱིས་བརླབས་པའི་སྒྲུབ་ཐབས། ས་ར་ཧས་མཛད་པ་རྫོགས་སོ།། །།
རྒྱ་གར་གྱི་བླ་མ་ཨ་ཏ་ཡ་བཛྲ་དང་། ལོཙྪ་བ་ཤངས་པ་ཚུལ་ཁྲིམས་མགོན་གྱིས་བསྒྱུར་བའོ།། མངྒཱལཾ།།