Phyag drug pa'i khrid yig

From Shangpa Resource Center
Revision as of 12:09, 1 April 2022 by Sengue (talk | contribs)








Resource ID Sup18
Title phyag drug pa'i khrid yig
Topics Chadrupa
Sub-Topics Manual
Author Sangyé Tönpa
Associated Person Rahula
Khyungpo Neljor
Link BDRC W3CN18508 (v3p.50)

Needs to be re-read
ཕྱག་དྲུག་པའི་ཁྲིད་ཡིག།

བླ་མ་མགོན་པོ་དབྱེར་མེད་ལ་གུས་པས་སྐྱབས་སུ་མཆིའོ།
བླ་མ་ར་ཧུ་ལའི་གདམས་པ་ཡེ་ཤེས་ཀྱི་མགོན་པོ་ལ་བརྟེན་ནས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་བྱེད་པ་ལ་དོན་གསུམ་སྟེ། སྔོན་འགྲོ་དང་། དངོས་གཞི་དང་། རྗེས་སོ།
།དང་པོ་ནི། དུར་ཁྲོད་དང་བས་མཐའ། ཤིང་གཅིག་ལ་སོགས་དཔའ་བོ་མཁའ་འགྲོ་འདི་བའི་ཡིད་དང་མཐུན་པའི་གནས་སུ་བདེ་བའི་སྟན་ལ་འདུག་སྟེ། མདུན་གྱི་ནམ་མཁར་ཡེ་ཤེས་ལས་གྲུབ་པའི་གཞལ་ཁང་གི་དབུས་སུ། སྣ་ཚོགས་པད་མ་དང་ཉི་མའི་གདན་གྱི་དབུས་སུ། བླ་མ་དང་མགོན་པོ་དབྱེར་མེད། མདུན་དུ་རྒྱུད་སྡེ་ལྔ་ལ་སོགས་པ། ཡི་དམ། གཡས་སུ་སངས་རྒྱས། རྒྱབ་དུ་གསུང་རབས། གཡོན་དུ་ཐེག་པ་ཆེ་ཆུང་གི་དགེ་འདུན། དེའི་ཕྱི་རོལ་འཁོར་ལྔ། དེའི་ཕྱིར་ཕྱོགས་སྐྱོང་བཅུ། དེའི་ཕྱིར་གཙང་རིས། དེའི་ཕྱིར་དམ་ཅན་རྒྱ་མཚོ་རྣམས་རིམ་བཞིན་གསལ་གདབ། དེ་ལ་མཎྜལ་དང་མཆོད་པས་མཆོད་དེ། སེམས་ཅན་ཐམས་ཅད་མགྲིན་གཅིག་དུ། བདག་དང་སེམས་ཅན་ཐམས་ཅད་བླ་མ་མགོན་པོ་དབྱེར་མེད་ལ་སྐྱབས་སུ་མཆིའོ། །ཡི་དམ་ལྷ་ཚོགས་ཐམས་ཅད་ལ༴ སྐུ་གསུམ་ངོ་བོ་སངས་རྒྱས་རྣམས་ལ༴ ལུང་དང་རྟོགས་པ་དམ་པའི་ཆོས་ལ༴ དོན་གཉིས་ཕུན་ཚོགས་དགེ་འདུན་རྣམས་ལ༴ བཀའ་བསྲུངས་ཡེ་ཤེས་སྤྱན་ལྡན་རྣམས་ལ༴ ཅེས་བརྒྱ་རྩ་བྱའོ། །དྲིན་ཅན་ཕ་མས་གཙོ་བྱས་སེམས་ཅན་ཐམས་ཅད་རྡོ་རྗེ་འཆང་གི་གོ་འཕང་ལ་དགོད་པར་བྱ། དེའི་ཆེད་དུ་དགོས་འདོད་ཀུན་འབྱུང་གི་མགོན་པོ་སྒྲུབ་པར་བྱའོ། །སངས་རྒྱས་ཆོས་དང་འཕགས་པའི་ཚོགས༴ ཅེས་ལན་གསུམ་བྱའོ། །གཅིག
།དེ་ནས་རང་ཐ་མལ་དུ་གནས་པའི་སྤྱི་བོར། རྡོ་རྗེ་སེམས་དཔའ་དང་མགོན་པོ་ཐ་དད་མེད་པར་བསྒོམ་པའི་དཔྲལ་བར་ཨོཾ་གྱིས་མཐར་ཡིག་རྒྱ་དཀར་པོ། མགྲིན་པར་ཨ་ལ་ཡིག་རྒྱ་དམར་པོ། ཐུགས་ཀར་ཧཱུྃ་ལ་ཡི་གེ་རྒྱ་སྔོན་པོ་ནས་སྐོར་བ་ལ་དམིགས་ཏེ་བཟླས་པས་འོད་ཟེར་སྒོ་གསུམ་ལ་ཐིམ། སྡིག་སྒྲིབ་དག་ལུས་ཤེལ་སྒོང་ཕྱིས་པ་ལྟར་གྱུར། སླར་ཡང་རང་གི་སྤྱི་བོར་ཐིམ་པས་བདེ་སྟོང་འཛིན་མེད་ཀྱི་ངང་དུ་བཞག །ཐུན་གཉིས།
དེ་ནས་རང་བདེ་མཆོག་ལྷན་སྐྱེས་སུ་གསལ་བའི་སྤྱི་བོར་མགོན་པོ། དེའི་སྟེང་དུ་སྤྱན་རས་གཟིགས་ཁྭ་ས་པ་ནི། དེའི་སྟེང་དུ་རིམ་བཞིན་རྡོ་རྗེ་འཆང་གི་བར་བསྒོམ། དེ་རྣམས་ལ་ཕྱི་ནང་གསང་གསུམ་གྱིས་མཆོད། སེམས་ཅན་ཐམས་ཅད་དང་མགྲིན་གཅིག་དུ་མོས་གུས་ཆེན་པོས་བློ་དང་མཐུན་པའི་མན་ངག་ལམ་དམ་པ་སྟོན་པའི། བླ་མ་རྣམས་དང་རྗེ་བཙུན་སྤྱན་རས་གཟིགས།་།མགོན་པོ་དབྱེར་མེད་སྐུ་ལ་གསོལ་བ་འདེབས། །སྒྲིབ་གཉིས་དག་ནས་སྐུ་གཅིག་ཐོབ་དུ་གསོལ། ཅེས་ལན་བདུན་དང་། རྒྱུད་པའི་གསོལ་འདེབས་རེ་དང་། བླ་མ་མགོན་པོ་དབྱེར་མེད་ལ་གསོལ་བ་འདེབས། མགོན་པོ་བླ་མ༴ རྗེ་བཙུན་སྤྱན་རས་གཟིགས་ལ༴ བདག་གིས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ། བླ་མ་རྣམས་རིམ་པས་ཞུ་ནས། རྩ་བའི་བླ་མ་ལ་ཐིམ་ཁ་སར་པ་ནི་མགོན་པོ་ལ་ཐིམ། མགོན་པོ་སྐྲག་དང་གཟི་མདངས་ཆེན་པོ་འོད་དུ་མེ་རེ་རེ་འདུག་པ། རང་གི་སྤྱི་བོ་ན་མར་ཐིམ་ནས་སྨིན་འཚམས་ཡན་ཆད་གང་། བུམ་དབང་ཐོབ། ལུས་ཀྱིས་སྡིག་སྒྲིབ་དག །མགྲིན་པ་ཡན་ཆད་གང་། གསང་དབང་། ངག་གིས་སྡིག་སྒྲིབ་དག །སྙིང་ཁ་ཡན་ཆད་གང་། གསུམ་པ་ཐོབ། ཡིད་ཀྱི་སྡིག་སྒྲིབ་དག །རྐང་མཐིལ་ཡན་ཆད་འོད་ཟེར་སྣ་ཚོགས་པས་གང་། སྒོ་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་སངས་དག །དབང་བཞི་པ་ཐོབ། མ་བཅོས་གསལ་སྟོང་འཛིན་མེད་ཀྱི་ངང་དུ་ཅི་གནས་མཉམ་པར་བཞག །རྗེས་བསྔོ་བ་སྨོན་ལམ་གྱིས་རྒྱས་གདབ་པོ། །དམིགས་ཐུན་གསུམ་པའོ།
།དངོས་གཞི་ནི། སྭ་བྷ་ཝས་རང་གཞན་སྟོང་པ་ཉིད་དུ་གྱུར། དེའི་ངང་ལས་པད་མ་དམར་པོ་འདབ་མ་རྒྱུད་པའི་དབུས་སུ། ཉི་མའི་སྟེང་དུ་གྲི་གུག་ནག་པོ་རྡོ་རྗེ་མཚན་པའི་ལྟེ་བར་ཧཱུྃ། དེ་ལས་འོད་ཟེར་ཁ་དོག་ལྔ་འཕྲོས། དོན་གཉིས་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་སྐུ་མདོག་མཐིང་ནག །གཡས་གྲི་གུག་དང་། གཡོན་ཐོད་ཁྲག་འཛིན་པས་ཡུམ་ལ་འཁྱུད་པ། གཡས་བར་པས་ཕྲེང་བ། ཐ་མས་མཁའ་འགྲོ་དབང་བསྡུད་ཀྱི་ཌ་མ་རུ་དྲག་ཏུ་འཕྲོལ་བ། གཡོན་བར་པ་རྩེ་གསུམ། ཐ་མ་ཞགས་པའོ། །སྤྱན་གསུམ་དམར་ལ་ཞལ་མཆེ་བ་གཙིགས་པ། སྨིན་མ་དང་སྨ་རའི་ཨག་ཚོམས། དབུ་སྐྲ་ཁཾ་སེར་གྱེན་དུ་བརྫེས་པ། ཐོད་སྐམ་ལྔའི་དབུ་རྒྱན་པ། ཐོད་བརློན་ལྔ་བཅུའི་དོ་ཤལ་བྱས་པ། དཔྲལ་བར་སི་དྷུ་རས་བྱུགས་པ། མི་སྐྱོད་པས་དབུ་རྒྱན་པ། སྦྲུལ་དཀར་ཁྲས་དབུ་བརྒྱན་པ། དམར་ཁྲས་སྙན་ཆ། སེར་པོས་མགུལ་རྒྱན་པ། ལཇང་ཁུས་དོ་ཤལ། ནག་པོས་སྐེ་རག་དང་ཞབས་བརྒྱན། དྲིལ་བུ་གཡེར་ཁས་མཛས་པ། སྟག་ལྤགས་བརློན་པའི་ཤམ་ཐབས། གླང་པོ་ཆེའི་ཀོ་བརློན་གྱི་་་་་ང་བཞི་གསོལ་བའི་དཔང་ན། ཡུམ་རྡོ་རྗེ་གཅིག་ཤོས་མ་མཐིང་ནག་ཕྱག་གཡས་གྲི་གུག་བཟུང་པ་སྟེ་ཡབ་ཀྱི་འཕྲག་པར་འཕྱར་བ། གཡོན་ཐོད་ཁྲག་ཡབ་ཀྱི་ཞལ་དུ་སྟོབ་ཅིང་། ཞབས་གཉིས་ཡབ་ལ་འཁྲིལ་པར་བསམ་པའི་གཉིས་ཀའི་གནས་གསུམ་དུ་ཡི་གེ་གསུམ། ཧཱུྃ་ལས་འོད་འཕྲོས་ཡེ་ཤེས་པ་སྤྱན་དྲངས་མཆོད། ཛ་ཧཱུྃ་བཾ་ཧོས་གཉིས་སུ་མེད་པར་འདྲེས། བཛྲ་ས་མ་ཡ་ཛས་རིགས་ལྔ་སྤྱན་དྲངས། མཆོད་བསྟོད་གསོལ་བ་གདབ། དེ་དག་གི་བུམ་པས་དབང་བསྐུར། སྔར་གྱི་རིགས་བདག་གསལ་གདབ། ལྷ་སྐུ་སྣང་ལ་འཛིན་པ་མེད་པའི་ངང་དུ་འཛིན་པ་མེད་པར་ཅི་གནས་བཞག །དེས་དམིགས་སྐོར་བཞི་པའོ།
།དེ་ལ་སྐྱོ་ན་མདུན་དུ་མགོན་པོ་ཡབ་ཡུམ་འཁོར་བཅས་གསལ་བ་ལ་མཆོད་བསྟོད། གསོལ་བ་གདབ། ལུས་གནད་ཆོས་བདུན་བྱ། རླུང་རོ་ལན་གསུམ་འབུད། གཙོ་འཁོར་གྱི་སྐུ་གསུང་ཐུགས་ཡོན་ཏན་ལ་དམིགས་ནས། སྔགས་ཡིག་འབྲུ་བཅུ་གསུམ་པ་རྒྱ་རྩ་ལ་སོགས་པ་བཟླས་པ། མདུན་སྐྱེད་ཀྱི་གནས་ལྔ་ནས། འོད་ཟེར་ཁ་དོག་ལྔ་རང་གི་གནས་གསུམ་དུ་བྱུང་པར་དམིགས་ཏེ། སྔགས་བརྒྱ་རྩ་ལ་སོགས་དང་རླུང་རེ་བསྟུན། ་་་བ་འཛིན་དུས་སུ་སྔགས་རེ་དང་རླུང་རེ་སྤེལ་ནས་བཟུང་པས་མགོན་པོ་གཙོ་འཁོར་རྣམས་ཧཱུྃ་སྔོན་པོའི་འོད་ཀྱི་རང་བཞིན་ཅན་དུ་གྱུར། རང་གི་སྣ་བུག་གཡོན་ནས་རྔུབས། ཐུགས་ཀའི་ཧཱུྃ་ལ་ཐིམ་པར་བསམ་སྟེ། སྔགས་དང་སྦྲགས་ནས་རླུང་བཟུང་ནས་ཞག་བདུན་གྱིས་འགྲུབ་པར་འགྱུར་རོ། །ཐུན་ལྔ་པའོ།
།དེ་ནས་མི་གཡེལ་རྒྱུན་དུ་རྟེན་པ་ནི། སྲོད་དང་ཐོ་རངས་སྐབས་སུ་མགོན་པོ་འཁོར་བཅས་མདུན་དུ་སྐྱེད། མཆོད་བསྟོད་དབུལ། དེ་ནས་སྔགས་རྣམས་ཟླས་པས། འོད་ཟེར་གྱི་ཚུལ་དུ་མགོན་པོའི་ཞལ་ནས་རྒྱུད་བདག་སྐྱེད་ཀྱི་ཞལ་དུ་ཞུགས་ལྟེ་བ་ནས་འཐོན། མདུན་སྐྱེད་ཀྱི་ལྟེ་བར་ཞུགས་སྔར་བཞིན་འཁོར། ལྟེ་བར་ཧཱུྃ་རབ་དུ་འབར་བ་ལས་སྔགས་ཀྱིས་འཁོར་བར་བསམ། གཞན་ཡང་སྤྲོ་སྡུ་ལ་སོགས་ཀྱི་ཟླས་པ། གཞན་བཞིན་བྱེད་ཀྱང་རུང་ངོ་། །ཐུན་འཇོག་ཁར་མདུན་སྐྱེད་ཀྱིས་འཁོར་རྣམས་འོད་དུ་ཞུ་གཙོ་བོ་ལ་ཐིམ། དེའང་འོད་དུ་ཞུ་གྲི་གུག་འབར་བ་ཅིག་ཏུ་གྱུར། དེ་ཞུ་ཧཱུྃ་དུ་གྱུར། དེ་རང་གི་སྙིང་ཁའི་ཧཱུྃ་ལ་བསྟིམ། དེ་ལྟར་བྱས་ལུས་དང་གྲིབ་མ་བཞིན་མི་འབྲལ། དེས་མདུན་པའི་ཤུགས་དེད་ནས་སྨི་ལམ་བར་དོ། ཕྱི་མ་རྣམས་སུ་རང་སེམས་རླུང་མགོན་པོ་གསུམ་དབྱེར་མེད་དུ་འགྱུར་རོ། །དེས་དམིགས་པ་དྲུག་གོ
།དེ་ནས་རང་གི་སྤྱི་བོ་ནས་གསང་གནས་བར་རྩ་དབུ་མ་མཚན་ཉིད་བཞི་ལྡན། དེའི་གཡས་སུ་རོ་མ་དམར་མོ། གཡོན་བརྐྱང་མ་དཀར་བ་གཉིས་དབུ་མ་ལ་རྩེར་བའི་ཚུལ་དུ་གནས། འཁོར་ལོ་བཞི། རྩ་སྟོང་ཕྲག་བདུན་བཅུ་རྩ་གཉིས། །དམིགས་པ་བདུན་ནོ།
།དབུ་མའི་ཡར་སྣར་ཧཱུྃ་དཀར་ལ་དངས་པ་ཁ་ཆོད་ཀྱི་ཚུལ་དང་། སུམ་མདོར་རླུང་གི་དལ་བ་དན་དང་བཅས་པའི་ལྟེ་བར་ཉི་མའི་དལ་ལ་རཾ་མེའི་དང་བཞིན་ཅན་གཅིག་བསམ། །དམིགས་ཐུན་བརྒྱད་པའོ།
།དེ་ནས་དཀྱིལ་ཅོག་བྱས་ཏེ་རླུང་རོ་ལན་གསུམ་འབུད། ལུས་སྒུལ་སྐྱོད་ཅུང་ཟད་བྱས་པས་རོ་སྐྱོང་ལྷོད་ཤིག་སོང་། གཡས་གཡོན་གཉིས་ནས་རླུང་རྔུབས་དབུ་མའི་སྒོར་ཚུད་པས། དེ་ཇེ་སྦོམ་ལ་ཐམས་ཅད་སྟོང་པར་སོང་། རླུང་བཟུང་བས་རླུང་གི་དལ་གཡོས། རཾ་ལས་མེ་གློག་འཁྱུག་པ་ལྟ་བུ་འབར། དེ་ནས་ཇེ་རིང་ལ་ལྟེ་བ། ཐུན་དགུའོ།
།སྙིང་ཁ། ཐུན་བཅུ་པའོ།
།མགྲིན་པར་རིམས་ཀྱིས་སླེབས། ཐུན་བཅུ་གཅིག་གོ
།དེའི་མདངས་ཀྱིས་ཧཱུྃ་ལས་བྱང་སེམས་བབས་འཁོར་ལོ་བཞི་དང་ལུས་བྱིན་ཀང་ནས་ནོར་བུའི་རྩ་བར་སླེབས། ཐུན་བཅུ་གཉིས་སོ།
།དགའ་བཞིའི་བདེ་བ་ལ་སེམས་འཛིན། ཐུན་བཅུ་གསུམ་པ།
།ཁམས་ཕྱིར་འཆོར་བ་འདྲ་ན། ནོར་བུའི་རྩེར་ཧཱུྃ་དཀར་པོ་གཅིག་ཁ་ཚངས་ཀྱི་ཚུལ་དུ་ཡོད་པ་སྙིང་ཁ་ནས་ཧཱུྃ་སྔོན་པོ་གཅིག་ཆད། ཧཱུྃ་དཀར་པོ། བཅུ་བཞི།
།སྔོན་པོ་ཡི་ཞབས་ཀྱུས་ལྕགས་སྒྲོག་གི་ཚུལ་དུ་འཁྱུད་པ། འོག་རླུང་བསྐུམ། གླིང་བཞི་གཅིག་དུ་བསྡུས། ཐུན་བཅོ་ལྔ་པ།
།སྔོ་བོས་དཀར་པོ་འཐོན་པས་རིམས་བཞིན་དྲངས་སྤྱི་བོར་སླེབས་ཧཱུྃ་ལ་ཐིམ་ཏེ། སེམས་དམིགས་རླུང་གསུམ་ཅིང་ཟད་ཡར་གཏད། བཅུ་དྲུག་པ།
།མགོ་བོ་ན་བ་ལ་སོགས་པ་བྱུང་ན། མེ་ལྕེ་མར་སྨད། བྱང་སེམས་འབབས་པ་ཇེ་མཐོ་བཏང་། འབེབས་ལ་སོགས་བྱ། སླར་སེང་གེ་རྣམ་གྲོལ་ལ་སོགས་པས་ལུས་བྱིན་ལ་འགྲེམས་སོ། བཅུ་བདུན་པའོ།
།དེ་ནས་སྙིང་ཁའི་ཧཱུྃ་ལས། ཀྵེ་ཏྲ་པ་ལ། ཛི་ན་མི་ཏྲ། ཌ་ཀི་ར་ཛ། ཏྲག་ཤད་ནག་པོ་རྣམས་དཀར་དམར་མཐིང་གསུམ། གྲི་གུག་དང་ཐོད་ཁྲག་འཛིན་པ་ནས་རེ་མཚོན་རེ་རྩམ་མང་པོ་ཆད་ནས་ལུས་ཀྱིས་གར་བསྒྱུར། ངག་གིས་སྔགས་སྣ་ཚོགས་སྒྲོགས་པས་སྤྱི་བོ་ནས་རྐང་ཐིལ་ནང་ཡན་ཆད་ཁེངས་པ་ལ་ཤེས་པ་རྩེ་གཅིག་དུ་གཏད། ལུས་ངག་གི་ཉམས་བྱུང་ན་བཟོ་མེད་དུ་བཞག་གོ །ཐུན་འཇོག་ཁར་དབུ་མའི་ནང་གི་ལྷ་ཚོགས། ཡབ་ཀྱི་ཤངས་གཡས་ནས་ཐོན། ཡུམ་གྱི་ཤངས་གཡོན་ནས་ཞུགས། ཡུམ་གྱི་དབུ་མ་ཁེངས། ཡུམ་གྱི་བྱང་སེམས་དམར་པོ་རྣམས་བདེ་བའི་རང་བཞིན་དེ་དག་ལ་འདུས། ཡུམ་གྱི་མཁའ་ནས་ཐོན། ཡབ་ཀྱི་གསང་གནས་ནས་ཞུགས། ཐུགས་ཁའི་ཧཱུྃ་ལ་ཐིམ། སླར་ཡུམ་ཡབ་ལ་ཐིམ། ཡབ་སྤྱན་དབུས་མ་ལ། དེ་རིམ་བཞིན་མི་དམིགས་པར་སེམས་རིག་སྟོང་དབྱེར་མེད། གདངས་འགག་མེད་རང་ཤར། སྤྲོས་བྲལ་ཆེན་པོའི་ངང་ལ་བཞག་གོ །དེས་ཐུན་བཅོ་རྒྱད་པའོ།
།ཕྱག་རྒྱ་ཆེན་པོ་ནི་གོང་གི་དེ་རྣམས་རང་ལ་སེམས་གནས་ཤིང་། ལྟ་བའི་གཤིས་ལུགས་ལ་ཡོད་མེད་བྱིང་རྒོད་ལ་སོགས་སྤྲོས་པའི་མཐའ་དབེན་ཞིང་། ཉམས་སུ་མྱོང་ལ་བརྗོད་བྱ་ལས་འདས་པ་གསལ་སྟོང་ནམ་མཁའ་ལྟ་བུའི་ངང་ལ་གནས་པར་བྱེད་དེ། བླ་མའི་ཞལ་ལས་ཤེས་སོ། །དེའི་ངང་ནས་རང་རིག་པ་དེ་རིག་སྟོང་གྱུ་གྱུ་འགྱུ་བ་དེ་འགྱུས་སྟོང་། རྣམ་རྟོག་བཟང་ངན་ལུང་མ་སྟན་གྱིས་མ་སྒྲིབ་པར་་་་་་་་དེ་གསལ་སྟོང་ལ་འཇོག་ཅིང་། དེའང་བྱིན་བརླབས་བུམ་པ་གང་བྱོར་རྒྱུད་པ་རྩ་བའི།
རྗེས་ནི་རྫོགས་རིམས་དེའི་ངང་ནས་སྐད་ཅིག་གིས་མགོན་པོར་ལྡང་། སྣང་ཚད་མགོན་པོའི་སྐུའམ། སྣང་སྟོང་། གྲགས་ཚད་སྔགས་སམ་གྲགས་སྟོང་། དྲན་རྟོག་ཐམས་ཅད་ཆོས་ཉིད་དམ་རང་གྲོལ། མདོར་ན་སྤྱོད་ལམ་རྣམ་བཞིར་ང་རྒྱལ་ལམ། དྲན་པའི་ཐག་པས་འཛིན་པར་བྱའོ། །དེ་ལྟར་འབད་ན་ཚེ་འདིར་ཚོགས་ལམ་མགོ་ཟིན་ནས་བར་དོར་དོན་གཉིས་ལྷུན་གྲུབ་ཀྱི་འོད་གསལ་མངོན་དུ་གྱུར་ཏེ་སངས་རྒྱའོ།
།ཞེས་བླ་མ་ར་ཧུ་ལས་གསུང་ངོ་། །མགོན་པོའི་མཆོག་སྒྲུབ་པའི་མན་ངག་ཐུན་མོང་མ་ཡིན་པ་མཁས་གྲུབ་ཁྱུང་པོའི་གསུང་གཞིར་བཞག །ཆོས་རྗེ་སྟོན་པའི་ཞལ་གདམས་གཅིག་རྒྱུད་བཞིན་རྗེད་པས་འཇིགས་ནས་ཡི་གེར་བཀོད་པ། ཅིག་གམ་གསུམ་ལས་མང་པ་ལ་མི་སྦྱིན་པ་བཀའ་རྒྱ་མའོ། །ཤུབྷཾ།