Su kha sid+d+hi'i gsang sgrub byin brlabs kyi bka'

From Shangpa Resource Center
Revision as of 10:23, 2 February 2023 by Sengue (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)








Resource ID CN91
Title gsang sgrub byin brlabs kyi bka'
Topics Initiation
Sub-Topics Sukhasiddhi
Associated Person Virupa
Sangyé Nyentön
Bodong Cholé Namgyel
Link BDRC W22103 (p.448)
Notes For a longer version see su kha sid+d+hi'i dbang chog

གསང་སྒྲུབ་བྱིན་བརླབས་ཀྱི་བཀའ།

ན་མོ་གུ་རུ།
གཞན་ལ་བྱིན་རླབས་བྱེད་པར་འདོད་པས་དབེན་གནས་ཉམས་དགའ་བའི་ས་ཕྱོགས་སུ་ཕྱག་དར་དང་ཆག་ཆག་གདབ། བླ་མ་དཀོན་མཆོག་གི་བརྟེན་བཀྲམ། མཆོད་པ་བཟང་དུ་བཤམ། ས་གཞི་སྟར་ལ། བདུད་རྩི་ལྔ་དང་ཆང་སྲེས་ལ་གྲུ་བཞིར་བྱུག །དེ་ལ་པད་མ་འདབ་བཞི་ལྟེ་བ་མུ་ཁྱུད་དང་བཅས་པ་བྲི། མདུན་གྱི་འདབ་མ་སྔོ་སྐྱ་བྲི། གཡས་ཀྱི་འདབ་མ་དམར་པོ། རྒྱབ་ཀྱི་འདབ་མ་དཀར་པོ། གཡོན་གྱི་སེར་པོ། གོང་རས་ལྗང་ཁུ། ལྟེ་བ་མུ་ཁྱུད་ནག་པོས་བགང་། །དབུས་སུ་ཧཱུྃ་ནག་པོ། མདུན་ནས་གཡས་སྐོར་དུ་ཧ་རི་ནི་ས། ཁ་དོག་པད་མ་དང་མཐུན་པར་བྲི། དེའི་སྟེང་དུ་མན་ཇི་བཞག་གོ །དེའི་སྟེང་དུ་མེ་ལོང་ལ་ཆང་དང་བདུད་རྩི་སྲེས་ལ་བྱུག །དེ་ལ་སིན་དྷུ་ར་དར་ཚགས་བྱས་ལ་ཁོད་སྙོམས་པར་བྱུག །དེ་ལ་པད་མ་དང་ཡིག་གེ་སྔར་བཞིན་བྲི། སྟེང་འོག་གི་ཡིག་གེ་ཧཱུྃ་གཉིས་པོ། སློབ་དཔོན་ནག་པོ་བཱིར་ཝ་པ་དང་། དགེས་མཛད་ཐ་དད་མེད་པར་སྒོམ། ཡིག་གེ་མཁའ་འགྲོ་མ་བཞིའི་ངོ་བོར་བལྟས་ལ། རྣམ་པ་ཡིག་གེའི་གཟུགས་སུ་བསམ། འོག་མ་དམ་ཚིག་སེམས་པ་ལ་། གོང་མ་ཡེ་ཤེས་སེམས་པར་སྒོམ།
དེ་ལ་འབྱོར་ན་མཆོད་པ་ལྔ་ཚན་ལྔས་སྐོར། མ་འབྱོར་ན་ཅི་འབྱོར་པས་སྐོར། གཏོར་མ་གསུམ་རྒྱབ་ཏུ་བཤམ། ཐོད་པ་ཆང་གིས་བཀང་བ་ལ་བདུད་རྩི་བཏབ་ལ་རང་གི་མདུན་དུ་བཞག །བྱིན་རླབས་སྤྱི་དང་མཐུན། རྡོ་རྗེ་དྲིལ་བུ་དང་། ཌ་མ་རུ་སྟ་གོན་བྱ། སློབ་མ་མང་ཉུང་དུ་ཡོད་པ་རྣམས་ཁྲུས་བྱས་ལ་གྲལ་རིམ་གྱིས་བཞག །རང་སྟན་བདེ་བ་ལ་འདུག་སྟེ། ཡི་དམ་ལྷའི་ང་རྒྱལ་གྱིས་བྱིན་གྱིས་རླབས་པའི་ཆང་སློབ་མ་རྣམས་ལ་གཏོར་ཞིང་བགེགས་བསྲུང་།
དེ་ནས་སློབ་མ་རྣམས་བློ་རིམས་ཀྱིས་ཁྲིད་ཏེ། སྡིག་པ་བཤགས། སྐྱབས་འགྲོ་ཐུན་མོང་བ་དང་། སྐྱབས་འགྲོ་སེམས་སྐྱེད་སྤྱིར་བཞིན་ཕ་རོལ་ཏུ་ཕྱིན་པའི་ལུགས་སུ་བྱའོ། །དེ་ནས་སྔགས་ཀྱི་གནང་བ་བྱིན་པ་ལ་སོགས་པ་དང་ཡན་ལག་ལྔ་བྱའོ།
།དེ་ནས་སློབ་དཔོན་ལ་མེ་ཏོག་ཕུལ། ཕྱག་འཚལ་མོས་གུས་དྲག་དུ་བྱའོ། །བླ་མས་མཆོད་པ་བསངས་ལ་ལྷ་ལ་དབུལ། བྱིན་གྱིས་རློབ་པར་གསོལ་བ་གདབ། ༼བཱིར་བ་པ་ཧཱུྃ། སུ་ཀ་མ་སིདྡྷི་ཧཾ།༽ ཧཱུྃ་གིས་གསོལ་བ་གདབ་ཅིང་རོལ་མོ་རྡུང་། དེ་ནས་སློབ་མ་རྣམས་ལུས་བཅོས་ཏེ།
དངོས་གཞིའི་གདམས་ངག་མངོན་རྟོག་རྣམས་༼ངོ་སྤྲོད་ལ་༽སྒོམ་དུ་བཅུག །བླ་མས་དམིགས་པས་བྱིན་རླབས་དབབ་ཅིང་། རོལ་མོ་བཀྲོལ་གསོལ་བ་གདབ་པ་དང་། བབས་ལུགས་གསུམ་སྤྱི་དང་མཐུན། སློབ་མ་ལ་རིག་པ་ངོ་སྤྲད་དོ།
།དེ་ནས་ཚོགས་ལ་ལོངས་སྤྱད། གཏོར་མ་དབུལ། ལྷག་གཏོར་བཏང་ཞིང་མཎྜལ་གྱི་ལྷ་རྣམས་སློབ་མའི་སྤྱི་བོར་སྡུའོ།
།དམ་ལ་བསིལ། ལྷག་ཆད་བཤགས་ལ་ཅི་བདེར་༼ལུས་ངག་ཡིད་གསུམ་༽གནས་པར་བྱའོ།
།བྱིན་གྱིས་རློབ་པའི་གདམས་ངག་འདི། །བླ་མའི་གསུང་བཞིན་ཡི་གེར་བཀོད། །མཁའ་འགྲོ་རྣམས་ལ་བཟོད་པར་གསོལ། །དགེ་བ་སེམས་ཅན་དོན་དུ་བསྔོ། །མཁའ་འགྲོ་མ་གནད་ཀྱི་གསང་སྒྲུབ་སངས་རྒྱས་གཉན་སྟོན་ནས་རྒྱུད་པའོ། །སློབ་མ་བློ་ཆུང་བ་རྣམས་ལ་གུ་ཧེ། ཨྀཐི།།

ཡེ་ཤེས་ཀྱི་ཌཱ་ཀི་མ་སུ་ཁ་མ་སིད་དྷིའི་དབང་བཞི་བདག་ཉིད་ལེན་པ་དང་། གཞན་ལ་སྐུར་བའི་སྐབས་སུ་གསོལ་བ་གདབ་པའི་ཚིག་ནི།
བུམ་དབང་གི་གསོལ་འདེབས་ཀྱི་ཚིག་ནི། སྐྱོབ་པའི་དཀྱིལ་འཁོར་མངོན་སུམ་དུ། །ཏིལ་གྱི་གང་བུ་བཞིན་གང་བས། །བདག་འདི་ལ་ནི་དབང་སྐུར་གསོལ། །ཅེས་ལན་གསུམ་གྱིས་གསོལ་བ་གདབ་བོ། །དེ་ནས་ལྷ་ཚོགས་རྣམས་ཀྱིས། ཇི་ལྟར་ལྟམས་པ་ལ་སོགས་པའི་ཚིགས་བཅད་སྔགས་དང་བཅས་པས་བུམ་དབང་སྐུར་རོ།
།གསང་དབང་གི་གསོལ་འདེབས་ནི། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །ཅེས་སོགས་ཤློ་ཀ་གཅིག་གོ །དག་སྐུར་བ་ནི། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི། །གསང་གསུམ་གནས་ལས་བྱུང་བ་ཡི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །རྡོ་རྗེའི་དབང་སྐུར་ཆེན་པོ་སྦྱིན། །ཅེས་པ་སྔགས་དང་བཅས་པས་བྱང་སེམས་ལྕེ་ཐོག་ཏུ་སྦྱིན་ནོ།
།ཤེས་རབ་ཡེ་ཤེས་ཀྱི་གསོལ་གདབ་ནི། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི། །མཁའ་མཉམ་ཡེ་ཤེས་བདུད་རྩི་ནི། །རྡོ་རྗེའི་ལམ་ནས་རབ་བསྡུས་ནས། །བདེ་བ་ཆེན་པོའི་དབང་སྐུར་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་གདབ་བོ། །ལྷ་རྣམས་ཀྱིས་དེ་དག་གི་སྟེང་དུ། །བདེ་བ་སྐྱེད་ཕྱིར་རིགས་ཀྱི་ཡུམ། །རྒྱལ་སྲས་ཡེ་ཤེས་དབང་བསྐུར་སྦྱིན། །ཅེས་སྔགས་དང་བཅས་པས་སྦྱིན་ནོ།
།དབང་བཞི་པའི་གསོལ་འདེབས་ནི། ཀུན་མཁྱེན་ཡེ་ཤེས་ཐུགས་རྗེའི་བདག །སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། །དེང་འདིར་བཤད་པའི་རིན་ཆེན་གྱིས། །གཙོ་བོ་བདག་ལ་དབང་སྐུར་གསོལ། །ཞེས་ལན་གསུམ་གསོལ་བ་བཏབ་པས་བླ་མ་དང་དབྱེར་མེད་པའི་ལྷ་ཚོགས་རྣམས་ཀྱིས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས། །ཁམས་གསུམ་ཡེ་ཤེས་བདུད་རྩི་ནི། །ཞེས་པ་ལ་སོགས་པ་ངོ་སྤྲད་དོ། །དབང་གི་ཕྱག་ལེན་བླ་མའི་ཞལ་ནས་ཕྱུང་བ་རྫོགས་སོ།
།དད་ལྡན་ཐོས་པ་ཅན་འགའ་མ་གཏོགས་པ། །ལོག་རྟོག་སྒྲོ་སྐུར་ཅན་མ་བསྟན་མི་བྱ། །རྨོངས་པ་མུན་སྤྲུལ་ཅན་ལ་མི་སྦྱིན་ནོ། །རྙེད་དང་བཀུར་སྟིའི་ཕྱིར་དུ་བསྟན་མི་བྱ།

ཨེ་མ་ཧོཿ གུ་རུ་ན་མོ།
ཆོས་རྗེའི་ཞལ་ནས། སྤྱིར་ངའི་གདམས་ངག་རྣམས་སྣོད་མིན་ལ་མི་སྦྱིན། ཁྱད་པར་དུ་གསང་སྒྲུབ་འདི་སྟེར་བའི་སྐབས་སུ་སྣོད་བརྟག་པ་གལ་ཆེ་སྟེ། དེའང་མངོན་ཤེས་ཀྱི་བརྟག་པའམ། མ་མོ་ཤ་ཟ་སྣ་ཚོགས་ཀྱི་སྒོ་རྟགས་ལ་སྟོན་པ་ཡིན་ནོ། །དེ་མིན་ན། གཡུའམ། གསེར་རམ། ཆ་རྐྱེན་གང་ཕངས་པ་གཅིག་ལ། དྲག་པ་གཅིག་ང་ལ་ཕུལ་དང་། གདམས་ངག་བསྟོན་བྱས་པས་ཆ་རྐྱེན་ལ་ཕངས་པ་མི་བྱེད་པར་འབུལ་ན་སྣོད་དུ་རུང་ཙམ་ཡིན་པས་འདིའི་གདམས་ངག་དང་བྱིན་རླབས་སྦྱིན། དེ་ལ་འགྲོ་དོན་ཕྱོགས་མེད་འབྱུང་བ་དང་། མཁའ་འགྲོ་འདུ་བ་དང་། བར་ཆད་གང་གིས་ཀྱང་མི་ཚུགས་པ་དང་། དགེ་སྦྱོར་རྒྱུད་ལ་སྐྱེ་བ་དང་། ལོངས་སྤྱོད་ཆར་བཞིན་འབབ་པ་དང་། འགྲོ་བ་ཐམས་ཅད་ཀྱི་ཡིད་དུ་འོང་བ་དང་། གང་བསམས་པ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པ་ཡིན། བླ་མ་ཤངས་པའི་ཞལ་ནས། མཆོག་ཐུན་མོང་འགྲུབ་པ་འདི་ལས་ཟབ་པ་རྒྱ་གར་ནས་མ་རྙེད་པ་ཡིན་གསུང་། སྟོན་པའི་དུས་སུ་ཚོགས་དང་གཏོར་མ་བཟང་དུ་བཤམ་པ་གལ་ཆེ། ལྷག་མ་གཅིག་ཀྱང་ཡོད་རེ་སྐན། སྣོད་མིན་ལ་བསྟན་ན་དམ་ཚིག་ཉམས་པ་ཡིན་པས་བསང་བར་ཞུ། འདིའི་བྱིན་རླབས་བྱེད་པར་འདོད་པས་མཎྜལ་དམར་པོ། ཆོས་འབྱུང་དམར་པོ་བྲིས་ལ། ཡིག་འབྲུ་བདུན་བཀོད། མཆོད་གཏོར་ཅི་འབྱོར་བཤམ། སློབ་མ་ནང་དུ་བཏང་། བགེགས་གཏོར་བཏང་། སྐྱབས་འགྲོ་ཐུན་མོང་བ་དང་ཁྱད་པར་བ་བྱས་ལ། དེ་ནས་དཀོན་མཆོག་གི་མཆོད་པ་དབུལ། རང་དངོས་གཞིའི་གདམས་པ་སྙེན་པ་ཅི་རིགས་གཅིག་བྱ། མཎྜལ་མི་དམིགས་པ་ལས། རྣམ་པ་ནི་ཡིག་གེ །ངོ་བོ་མཁའ་འགྲོ་མར་དམིགས་ལ། ཡེ་ཤེས་སྟིམ། མཆོད་པ་དབུལ། དེ་ནས་སློབ་མ་རྣམས་ལ་དངོས་གཞིའི་སྡོམ་པ་ཕོག་ལ་སྒོམ་དུ་བཞུག །རོལ་མོའི་སྒྲ་དང་བཅས་པས་གསོལ་བ་དྲག་དུ་གདབ། དེ་ནས་རྗེས་ལ་མ་བཅོས་པར་བཞག །ཚོགས་ལ་རོལ། གཏོར་མ་བཏང་། བསྔོ་བ་བྱ། མཎྜལ་དྲིལ། ལྟེ་བ་སྤྲུལ་འཁོར་གྱི་འཇུག་སྒོ་ཨྀཐི།།