Tak+ki ra dza'i rgyu zhags la brten nas lkug par byed pa

From Shangpa Resource Center








Resource ID SCv11p892
Title Tak+ki rA dza'i rgyu zhags la brten nas lkugs par byed pa
Topics Takkiraja
Author Gelek Pelsang
Link BDRC W23922
WA00KG09215 (p.358)

༈ ཊཀྐི་རཱ་ཛའི་རྒྱུ་ཞགས་ལ་བརྟེན་ནས་ལྐུགས་པར་བྱེད་པ་བཞུགས་སོ།།
༈ ༼འེ༽ ཊཀྐི་རཱ་ཛའི་རྒྱུ་ཞགས་ལ་བརྟེན་ནས་དགྲ་བོ་ལྐུགས་པར་བྱེད་པའི་ཐབས་ལ། གཡེར་ཆེན་གྱི་འབྲུས། ཡོཾ་ནག །ཁཾ་རྒོད་རྣམས་ལ་སྨིན་པ་བསྡུས་ལ། རཾ་གྱི་སྐག་བཞུས་པའི་ཆུས། གྲི་ཐལ་དང་། ཆ་གའི་ཕྱེ་མ་དང་། འབྲས་ཟན་དང་སྦྱར་བ་ལིངྒ་མཛུབ་གང་པ་བྱས་ལ། ར་ནག་གཅན་ཟན་གྱི་བསད་པའི་རྒྱུ་མ། གྲི་ཁྲག། རོ་སོལ་གྱི་ནག་པོར་བསྒྱུར་ལོ་ལིངྒའི་མགྲིན་པ་ནས་བཅིངས། དེ་ཐུན་ཁུང་དུ་བཅུག །ཞག་གསུམ་བར་དུ་ཞགས་པས་གདམ་པར་བསམ་ཞིང་། ཤེར་ཤིང་གི་ཕུར་པ་ལ་བཏགས་ལ།
ཨོཾ་ཊཀྐི་རཱ་ཛ་ས་མ་ཡ་བྷྱོ་ཆེ་གེ་མོའི་ངག་སྟཾ་བྷ་ཡ་ནན། ངག་ལྕེ་ཆིངས། ལུས་བསྡུས། ཡིད་རྨུགས། སྨྱོག་འཐིབ། ཙ་ཏུར་རཀྵ་མཱ་ར་ཡ་ཧཱུྃ་ཕཊ།
ཅེས་དྲག་ཏུ་བཟླས་ཤིང་ལྐུག་པའི་ཁྲག་དང་ཕུག་རོན་གྱི་དང་རུས་བྲབ། ལྐུགས་པའི་རྐང་པ་གཡོན་པར་བཅུག་ཏེ་བྲག་ཕག་གི་སྣ་ལྟ་བུའི་འོག་ཏུ་སྦས་ན་ལྐུགས་པར་འགྱུར་རོ།།