Catalog of transmissions recieved by Rinchen Chökyi Gyelpo

From Shangpa Resource Center
Revision as of 09:20, 17 July 2025 by Sengue (talk | contribs)

Excerpt from BSRC W3CN861 (Volume 11, p. 214)

དད་པའི་ཡིད་འཕྲོག་བཀའ་བརྒྱུད་མུ་ཏིག་ཕྲེང་བ།
...
p. 214 ཤངས་པ་བཀའ་རྒྱུད་ནས་བརྒྱུད་པའི་མན་ངག་ཟབ་པ་ལས་ཀྱང་། ཆེས་ཟབ་པ། ཡེ་ཤེས་ཀྱི་མཁའ་འགྲོ་མ་ནི་གུ་མའི་སྙན་རྒྱུད་ཞལ་གྱི་གདམས་པའི་ཆོས་སྐོར་ལ། གསེར་ཆོས་ཆེ་བ་ལྔ་ཡོད་པའི།
དང་པོ་ལ་སྨིན་བྱེད་ཀྱི་དབང་དང་། གྲོལ་བྱེད་ཀྱི་ཁྲིད་གཉིས།
དང་པོ་ལ་དཔལ་རྒྱུད་སྡེ་ལྔའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བཞི་རྫོགས་པ། བདེ་མཆོག་ལྷ་ལྔའི་དབང་བཞི་ལུས་སྒྲིགས། ཆོས་དྲུག་གཞུང་ཤིང་གི་བཀའ་བརྒྱད་ནི། སྒྱུ་ལུས་རྨི་ལམ་སྤྱིའི་བཀའ། འཕོ་བ་བར་དོ་སྤྱིའི་བཀའ། ཆོས་དྲུག་སོ་སོའི་བཀའ་སྟེ་བརྒྱད་དོ། །བདེ་མཆོག་མྱུར་སྒྲུབ་ཀྱི་སྐུ་གསུང་ཐུགས་ཀྱི་དབང་།
གྲོལ་བྱེད་ཀྱི་ལམ་ལ། བསྐྱེད་རྫོགས་གཉིས་ཀྱི་དང་པོ་ནི། ཆོས་རྗེ་སངས་རྒྱས་དཔལ་བས་མཛད་པའི། རྒྱུད་སྡེ་ལྔའི་སྒྲུབ་ཐབས་ཡིད་ཀྱི་མུན་སེལ་གྱི་དཀྱིལ་ཆོག་དྲི་མེད་རྣམ་དག །བདེ་མཆོག་ལྷ་ལྔའི་དཀྱིལ་ཆོག་ནི་གུ་མས་མཛད་པ། མངོན་རྟོགས་ཁྱུང་པོས་མཛད་པ། མཆོད་འཕྲེང་། བདེ་མཆོག་གི་མྱུར་སྒྲུབ་ནི་གུ་མས་མཛད་པ། དེའི་གསལ་བྱེད་ཨ་སེང་གིས་མཛད་པ།
ཁྱུང་པོའི་རྒྱུན་གྱི་ཉམས་ལེན་གནད་དྲུག །མི་གཡོ་བའི་དམིགས་པ་སྐོར་གསུམ། རྣམ་འཇོམས་གསང་སྒྲུབ། ཁྱུང་པོའི་འགུར་བརྒྱད་རྩ་འགྲེལ། ཁྱུང་པོའི་བཀྲ་ཤིས་བཀའ་རྒྱ་མ། ནི་གུ་མའི་སྨོན་ལམ།
རྫོགས་རིམ་ལ། ཆོས་དྲུག་རྡོ་རྗེའི་ཚིག་རྐང་མཆན་སངས་རྒྱས་དཔལ་བས་བཟང་པ། ཁྱུང་པོའི་ཐེམས་ཡིག་ཚིག་གསལ། ཁྱད་འཕགས་ཀྱི་གདམས་པ་བཅོ་ལྔ་ས་གསུམ། སྒྱུ་ལུས་དབང་པོ་འབྲིང་གི་སྐབས་སུ་གསུང་སྒྲོས་ཟུར་འགེབས་རྒྱལ་མཚན་འབུམ་གྱིས་མཛད་པ། ཆོས་དྲུག་གི་ཁྲིད་ཡིག་གཞོན་ནུ་གྲུབ་གྱིས་མཛད་པ། ཆོས་སྒོ་བ་དྷརྨ་ཤྲཱིས་མཛད་པ། ནི་གུ་མའི་སྒྱུ་མ་ལམ་རིམ་རྩ་འགྲེལ་གཉི་ག །ནི་གུ་མའི་གཞི་ལམ་འབྲས་གསུམ་གནད་དྲུག་གེགས་དྲུག་ལྟ་སྒོམ་སྤྱོད་འབྲས། སྒྱུ་ལུས་སྦྱང་བ་རྣམས་གཉིས། བདག་མེད་མ་ལ་བརྟེན་པའི་སྒྱུ་ལུས་སྦྱང་བ་རྣམ་གསུམ་འདི་ཁྱུང་པོས་མཛད་པ། སྒྱུ་ལུས་འཛིན་པ་རང་གྲོལ། ༼ནི་གུ་མས་མཛད་པའི་སྒྱུ་མ་ལམ་རིམ་རྩ་འགྲེལ། བསྡུས་དོན་དང་བཅས་པ། དམིགས་པ་རིན་པོ་ཆེའི་བསྒྲོམ་བུ། གསང་སྔགས་རྗེས་སུ་ཡི་རང་གི་བཀའ། མན་ངག་བསྐོར། ཕྱག་རྒྱ་ཆེན་པོ་རྟོག་མི་རྟོག༽ སྒྱུ་ལུས་གདན་ཐོག་གཅིག་མ། ཁྱུང་པོས་མཛད་པའི་གནད་འཆུག་མེད་བར་དོ་གསུམ་གྱི་གདམས་པ། རྨོག་ལྕོག་པས་མཛད་པའི་སྒྱུ་ལུས་རྨི་ལམ་གྱི་གེགས་སེལ་འབྱམས་བཅོད་རྒྱས་བསྡུས་གཉིས། ས་བཅད་དང་བཅས་པ། ཉམས་མྱོང་ཡོན་ཏན་རྒྱ་མཚོ་སངས་རྒྱས་སྟོན་པས་མཛད་པ། མུན་སེལ་ཉི་མའི་དཀྱིལ་འཁོར། ཞུ་ལན་ཟླ་བའི་དཀྱིལ་འཁོར། ཞུ་ལན་གེགས་སེལ་སྒྲོན་མེ། འབྱམས་བཅོད་རྣམ་གསུམ་བསྡུས་པ་ཨ་སེ་གྱིས་མཛད་པ། རྨོག་ལྕོག་པས་མཛད་པའི་སྒྱུ་མ་རབ་ཏུ་གསལ་བྱེད་འོད་ཀྱི་འཕྲེང་བ། ལམ་དྲི་མེད་འོད་ཀྱི་འཕྲེང་བ་སངས་རྒྱས་སྟོན་པས་མཛད་པ། དུག་གསུམ་དག་བྱེད་བདུད་རྩི། བདེ་མཆོག་གི་མྱུར་སྒྲུབ་དབུ་མ་ཡི་གེ་བདུན་པ། ཨའི་འོད་ཀྱི་མཆོད་པ། གཞན་དོན་རྟེན་འབྲེལ། འོད་གསལ་འཆར་སྒོ་ངོས་འཛིན། འཕོ་བ་ཡེ་ཤེས་དཀར་ཁུང་། བར་དོ་ཐ་མའི་དམིགས་པ། ནི་གུ་མས་མཛད་པའི་བླ་མའི་དཀྱིལ་ཆོག་དབང་བཀའ། སངས་རྒྱས་སྟོན་པའི་བླ་མའི་སྒྲུབ་ཐབས།
གསེར་ཆོས་གཉིས་པ། འཆུག་མེད་ལམ་ཁྱེར་གསུམ་གྱི་སྐོར་ལ། བླ་མ་ལམ་ཁྱེར། ཡི་དམ་ལམ་ཁྱེར། སྒྱུ་མ་ལམ་ཁྱེར་གསུམ་གྱི་བཀའ། རྡོ་རྗེའི་ཚིག་རྐང་། ཁྲིད་ཡིག༼རྒྱལ་མཚན་འབུམ་གྱིས་མཛད་པ། ཁྲིད་ཡིག་སངས་རྒྱས་དཔལ་བས་མཛད་པ།༽
གསེར་ཆོས་གསུམ་པ། ཕྱག་རྒྱ་ཆེན་པོ་གའུ་མའི། ཟབ་བཀའ། ཁྲིད་ཡིག་གསེར་གླིང་པས་མཛད་པ། ༼ཁྲིད་ཡིག་རྒྱལ་མཚན་འབུམ་གྱིས་མཛད་པ། ཁྲིད་ཡིག་རྡོ་རྗེ་ཚིག་གི་མདུད་འགྲོལ་དང་། སེམས་ཀྱི་གནས་ལུགས་གསལ་བའི་མེ་ལོང་སངས་རྒྱས་དཔལ་བས་མཛད་པ།༽
གསེར་ཆོས་བཞི་པ། རང་སེམས་འཆི་མེད་རང་གྲོལ་གྱི་སྐོར་ལ། སེམས་འཆི་མེད་ཀྱི་བཀའ། རྡོ་རྗེའི་ཚིག་རྐང་། ༼ཁྲིད་ཡིག་རྒྱལ་མཚན་འབུམ་གྱིས་མཛད་པ། ཁྲིད་ཡིག་ཚིག་འགྲེལ་ཟུང་འཇུག་གསལ་བ་ཞེས་པ་སངས་རྒྱས་དཔལ་བས་མཛད་པ།༽ རྨོག་ལྕོག་པ། སྐྱེས་རྒང་པ། གཉན་སྟོན། སངས་རྒྱས་སྟོན་པ་རྣམས་ཀྱིས་མཛད་པའི་ཞལ་གདམས།
བླ་མའི་རྣམ་ཐར་ལ། ཁྱུང་པོའི་རྣམ་ཐར། མཉམ་མེད་རྨོག་ལྕོག་པའི་རྣམ་ཐར། སྐྱེས་རྒང་པའི་རྣམ་ཐར་རྒྱས་པ། སངས་རྒྱས་གཉན་སྟོན་གྱི་རྣམ་ཐར། སངས་རྒྱས་སྟོན་པའི་རྣམ་ཐར་ཆེ་བ། ནང་གི་རྣམ་ཐར། མྱ་ངན་འདས་ཆུང། ༼ཤངས་སྟོན་ཚུལ་ཁྲིམས་འབུམ་གྱི་རྣམ་ཐར། འཇག་ཆེན་རྒྱལ་མཚན་འབུམ་གྱི་རྣམ་ཐར། འཇག་ཆུག་བྱམས་པ་དཔལ་གྱི་རྣམ་ཐར། སངས་རྒྱས་དཔལ་བའི་རྣམ་ཐར་མྱ་ངན་འདས་ཆུང་མ། མཁས་གྲུབ་ཆོས་རྗེའི་རྣམ་ཐར་མྱ་ངན་འདས་ཆུང་མ།༽
གསེར་ཆོས་བཞི་པོའི་བརྒྱུད་པ་ནི། རྒྱལ་བ་རྡོ་རྗེ་འཆང་། ཡེ་ཤེས་མཁའ་འགྲོ་ནི་གུ་མ། མཁས་གྲུབ་ཁྱུང་པོ་རྣལ་འབྱོར། མཉམ་མེད་རྨོག་ལྕོག་པ་རིན་ཆེན་བརྩོན་འགྲུས། དབོན་སྟོན་སྐྱེར་སྒང་པ་དར་མ་སེག་གེ །གཉན་སྟོན་ཆོས་ཀྱི་ཤེས་རབ། སངས་རྒྱས་སྟོན་པ་བརྩོན་འགྲུས་སེང་གེ །ཤངས་སྟོན་ཚུལ་ཁྲིལས་འབུམ། ཤངས་སྟོན་འཇག་པ་རྒྱལ་མཚན་འབུམ། བླ་ཆེན་བྱམས་པ་དཔལ། གྲུབ་ཆེན་སངས་རྒྱས་དར། མཉམ་མེད་སངས་རྒྱས་དཔལ། བདག་གི་བླ་མ་འཕགས་པ་རིན་ཆེན། དེས་བདག་རིན་ཆེན་ཆོས་རྒྱལ་ལ་གནང་ངོ་།
།ཡང་བརྒྱུད་པ་རིན་ཆེན་བདུན། ཤངས་སྟོན་ཚུལ་ཁྲིལས་འབུམ། ཁྱུང་པོ་ཚུལ་ཁྲིམས་མགོན་པོ། རས་ཆེན་རི་ཁྲོད་པ། ཁམས་པ་སངས་རྒྱས་སེག་གེ །མཁས་གྲུབ་ཤངས་པ་དཀར་པོ་རིན་ཆེན་རྒྱལ་མཚན། མཉམ་མེད་སྐུངས་ལུངས་པ་སངས་རྒྱས་དཔལ། བདག་གི་བླ་མ་དུས་ཞབས་པ། དེས་བདག་རིན་ཆེན་ཆོས་རྒྱལ་ལ་གནང་ངོ་། །འདི་དག་ནི་ཆོས་སྐོར་རྫོགས་པའི་བརྒྱུད་པའོ།
།བརྒྱུད་པ་ཕྱི་མ་འདམ་ལ། རྒྱུད་སྡེ་ལྔའི་དབང་རྒྱུད་ལ། ཁྱུང་པོ་ཚུལ་ཁྲིམས་མགོན་པོའི་གོང་དུ་བླ་མ་རྒྱལ་མཚན་འབུམ་བཞུག་དགོས་སོ།
།ཡང་བརྒྱུད་རིམ་ཅིག་ནི། རིན་ཆེན་བདུན། རྨོག་ལྕོག་པ་སྤྲུལ་སྐུ་རིན་ཆེན་བློ་གྲོས། བླ་མ་གསེར་གླིང་པ་བཀྲ་ཤིས་དཔལ། བླ་མ་རྡོ་རྗེ་དཔལ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། བསམ་ཡས་པ་ཆོས་ཀྱི་རྒྱལ་མཚན། མཉམ་མེད་འཁྲུལ་ཞིག་པ་གཞོན་ནུ་འོད། ཆོས་རྗེ་དུས་ཞབས་པ་འཕགས་པ་རིན་ཆེན་དེས་བདག་རིན་ཆེན་ཆོས་རྒྱལ་ལ་གནང་ངོ་།
།ཡང་རིན་ཆེན་བདུན། མཁས་གྲུབ་གཞོན་ནུ་གྲུབ། གྲུབ་ཐོབ་ཨའི་སེང་གེ །གསེར་གླིང་བ་བཀྲ་ཤིས་དཔལ། བླ་མ་རྡོ་རྗེ་དཔལ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། བསམ་ཡས་པ་ཆོས་ཀྱི་རྒྱལ་མཚན། མཉམ་མེད་འཁྲུལ་ཞིག་པ་གཞོན་ནུ་འོད། ཆོས་རྗེ་དུས་ཞབས་པ་འཕགས་པ་རིན་ཆེན། དེས་བདག་རིན་ཆེན་ཆོས་རྒྱལ་དཔལ་བཟང་པོ་ལ་གནང་ངོ་།
།གསེར་ཆོས་ལྔ་པ། མཁའ་སྤྱོད་མ་དཀར་དམར་གྱི་སྐོར་ལ། མཁའ་སྤྱོད་མ་དཀར་མོའི་དབང་། ཇོ་བོ་རྗེའི་སྒྲུབ་ཐབས། དེའི་ལུགས་ཀྱི་བོད་ཡིག །ཁྱུང་པོ་ལུགས་ཀྱི་སྒྲུབ་ཐབས། ལུས་གསང་བྱིན་གྱིས་བརླབ་པ། དམ་ཚིག་བསོ་བ། གཏོར་མའི་མན་ངག མཁའ་སྤྱོད་ཀྱི་རིལ་བུ་སྒྲུབ་པ། འཕོ་བའི་མན་ངག །ཇོ་བོ་རྗེས་མཛད་པའི་བསྟོད་པ། ཁྲིད་ཆུང་མཁའ་སྤྱོད་སུམ་སྤྲུགས་མ་དཀར་མོའི་སྐོར་རོ།
།རཱ་ཧུ་ལ་གུཔྟ་ལུགས་ཀྱི། མཁའ་སྤྱོད་དམར་མོའི་དབང་། སྐྱེ་གནས་ལྔ་ཅིག་ཆར་དུ་དགག་པའི་འཕོ་བ། གྲིབ་སེལ་རྣམས་ཀྱི་བརྒྱུད་པ་ནི། རྡོ་རྗེ་རྣལ་འབྱོར་མ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏིཤ། དེ་ལ་ཁྱུང་པོ་རྣལ་འབྱོར་གྱིས་མཁའ་སྤྱོད་མ་དཀར་མོ་གསན།
ཡང་རྡོ་རྗེ་རྣལ་འབྱོར་མ། རཱ་ཧུ་ལ་གུཔྟ། དེ་ལ་ཁྱུང་པོ་རྣལ་འབྱོར་གྱིས། མཁའ་སྤྱོད་མ་དམར་མོ་གསན། མཉམ་མེད་རྨོག་ལྕོག་པ་རིན་ཆེན་བརྩོན་འགྲུས། དབོན་སྟོན་སྐྱེར་སྒང་པ་དར་མ་སེག་གེ །གཉན་སྟོན་ཆོས་ཀྱི་ཤེས་རབ། སངས་རྒྱས་སྟོན་པ་བརྩོན་འགྲུས་སེང་གེ །ཤངས་སྟོན་ཚུལ་ཁྲིལས་འབུམ། ཤངས་སྟོན་འཇག་པ་རྒྱལ་མཚན་འབུམ། བླ་ཆེན་བྱམས་པ་དཔལ། གྲུབ་ཆེན་སངས་རྒྱས་དར། མཉམ་མེད་སངས་རྒྱས་དཔལ། བདག་གི་བླ་མ་འཕགས་པ་རིན་ཆེན། དེས་བདག་རིན་ཆེན་ཆོས་རྒྱལ་ལ་གནང་ངོ་།
།ཇོ་བོ་མུ་ཏིག་ཕྲེང་བ། འཇ་ལུས་སྒྲུབ་པ། ནད་དག་སྦྱང་། རྩའི་གདམས་པ་རྣམ་གསུམ། རྩ་སྒོར་རླུང་འདོན་པ། རྩ་རླུང་བསྐུམ། རྩ་ཁ་འབྱེད་པ། རྡོ་རྗེའི་བ་ར། ནད་སེལ་འཁྲུལ་འཁོར། རྒྱུད་གསུམ་དྲིལ་བའི་མན་ངག །རྣམས་ཀྱི་བརྒྱུད་པ་ནི། བླ་མ་འཇག་པ་བྱམས་པ་དཔལ་ཡན་འདྲ། དེས་བླ་མ་ཆོས་ཀྱི་གྲགས་པ། སྐུངས་ལུང་བ་སངས་རྒྱས་དཔལ། བདག་གི་བླ་མ་དུས་ཞབས་པ། དེས་བདག་རིན་ཆེན་ཆོས་རྒྱལ་ལ་གནང་ངོ་།
།སྐུ་གསུམ་ལམ་ཁྱེར་གྱི་རྡོ་རྗེའི་ཚིག་རྐང་། དེའི་འགྲེལ་པ་ཁྱུང་པོས་མཛད་པ། སྣང་བ་རང་སེམས་ཀྱི་ཁྲིད་རྣམས་ཀྱི་བརྒྱུད་པ་ནི་གོང་དང་འདྲའོ།
།མཁའ་འགྲོའི་སྙན་བརྒྱུད་རྣལ་འབྱོར་པའི་བར་ཆད་བསྲུང་བ་རྣམ་ཤེས་ཡི་དམ་ལ་འཕོ་བའི་མན་ངག་གི་བརྒྱུད་པ་ནི། རིན་ཆེན་བདུན། གྲུབ་ཐོབ་ཨ་སེང་། བླ་མ་གསེར་གླིང་བ་བཀྲ་ཤིས་དཔལ། བླ་མ་རྡོ་རྗེ་དཔལ། དྷརྨ་ཤྲཱི་པྲཛྙཱ། ཆོས་གྲགས་པ། སྐུངས་ལུང་པ་སངས་རྒྱས་དཔལ། འཕགས་པ་རིན་ཆེན། དེས་བདག་རིན་ཆེན་ཆོས་རྒྱལ་ལ་གནང་ངོ་།
།ཀླུའི་རྒྱལ་པོ་མཆོག་སྦྱིན་ལ་དངོས་གྲུབ་བླང་བའི་བརྒྱུད་པ་ནི། རིན་ཆེན་བདུན། མཁས་གྲུབ་ཆོས་རྗེ། བླ་མ་བསམ་གཏན་རིན་ཆེན། གསེར་གླིང་པ་མན་སྔ་མ་བཞིན་ནོ།
།ཡེ་ཤེས་ཀྱི་མཁའ་འགྲོ་མ་སུ་ཁ་སིདྡྷིའི་ཆོས་སྐོར་ལ། གསང་སྒྲུབ་ཀྱི་བཀའ་བསྐྱེད་རིམ་བཟླས་པ་དང་བཅས་པ། ཆོས་དྲུག་སོ་སོའི་ཁྲིད། གསང་སྒྲུབ་ལྟེ་བ་སྤྲུལ་འཁོར་གྱི་རྒྱ་གཞུང་། གསང་སྒྲུབ་ཀྱི་མན་ངག་གཉན་སྟོན་གྱིས་མཛད་པ། ཞལ་གདམས་སུ་ཁ་མ་ཉིད་ཀྱིས་གཉན་སྟོན་ལ་གསུངས་པ། མཁའ་འགྲོ་དང་རང་སེམས་གཉིས་མེད་དུ་ཕྱག་རྒྱ་ཆེན་པོར་ངོ་སྤྲོད་པ། བདེ་བ་དགུག་ཐབས་དང་བཅས་པའི་བརྒྱུད་པ་ནི། རྒྱལ་བ་རྡོ་རྗེ་འཆང་། སློབ་དཔོན་ནག་པོ་འབིར་ཝ་པ། མཁའ་འགྲོ་མ་སུ་ཁ་སིདྡྷི། མཁས་གྲུབ་ཁྱུང་པོ་རྣལ་འབྱོར། རྨོག་ལྕོག་པ་རཏྣ་བིརྻ། དབོན་སྟོན་དྷརྨ་སིངྷ། གཉན་སྟོན་དྷརྨ་པྲཛྙཱ། སངས་རྒྱས་སྟོན་པ་བིརྻ་སིངྷ། ཤངས་པ་སྟོན་ཆུང་། འཇག་པ་རྒྱལ་མཚན་འབུམ། བླ་མ་བྱམས་པ་དཔལ། གྲུབ་ཆེན་སངས་རྒྱས་དར། མཉམ་མེད་སངས་རྒྱས་དཔལ། ཆོས་རྗེ་དུས་ཞབས་པ་ཨརྻ་རཏྣ། དེས་བདག་ལ་གནང་ངོ་།
།ལུས་འཆི་མེད་ཀྱི་བཀའི་ཆོ་ག །བྱིན་རླབས་དང་བཅས་པ། འཆི་མེད་འཁྲུལ་འཁོར་གྱི་མན་ངག་སངས་རྒྱས་སྟོན་པས་མཛད་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྣལ་འབྱོར་གྱི་དབང་ཕྱུག་འབིར་ཝ་པ། སློབ་དཔོན་བྲམ་ཟེ་ནག་པོ། བླ་མ་དུར་ཁྲོད་ནག་པོ། བླ་མ་ལ་སྟོད་མགོན་པོ། སངས་རྒྱས་གཉན་སྟོན། སངས་རྒྱས་སྟོན་པ་མན་གོང་དང་འདྲ།
རྟ་མགྲིན་གསང་སྒྲུབ་ཀྱི་དབང་། སྒྲུབ་ཐབས། འཁོར་ལོ་དང་བཅས་པའི་བརྒྱུད་པ་ནི། སློབ་དཔོན་པདྨ་འབྱུང་གནས། སྐྱེར་སྒང་པ། གཉན་སྟོན་པ། སངས་རྒྱས་སྟོན་པ། ཤངས་སྟོན། རྒྱལ་མཚན་འབུམ། བྱམས་པ་དཔལ། སངས་རྒྱས་དར། སངས་རྒྱས་དཔལ། ཆོས་རྗེ་དུས་འཁོར་བ། དེས་བདག་ལ་གནང་ངོ་།
།ཡང་ཤངས་སྟོན་གྱིས། གསེར་གླིང་བ་བཀྲ་ཤིས་དཔལ། རྡོ་རྗེ་དཔལ། ཆོས་དཔལ་ཤེས་རབ། རྒོད་སྤྲུག་གྲགས་པ་འབྱུང་གནས། འགོས་ལོཙྪ་བ་གཞོན་ནུ་དཔལ། དེ་གཉི་ག་ལ་རྒྱལ་དབང་བསོད་ནམས་རྒྱལ་མཚན། དེས་བདག་ལ་ལེགས་པར་གནང་ངོ་།
།སངས་རྒྱས་སྟོན་པས་མཛད་པའི་བཅོད་ཀྱི་གཞུང་ཁྲིད་རིན་ཆེན་འཕྲེང་བ། ཆོས་དབང་སེམས་ལ་བསྐུར་བ། གདན་ཐོག་ཅིག་མ། དམ་པའི་དམིགས་པ་སྐོར་གསུམ་གྱི་བརྒྱུད་པ་ནི། སངས་རྒྱས། འཇམ་དཔལ་སྨྲ་བའི་སེང་གེ ་་་
ཡང་ཡུམ་ཆེན་མོ། རྗེ་བཙུན་མ་སྒྲོལ་མ། མཁའ་འགྲོ་སུ་ཁ་སིདྡྷི། ཕ་དམ་པ་རྒྱ་གར། དེ་ལ་མ་ཅིག་ལབསྐྱི་སྒྲོན་མས་གསན། ་་་ སངས་རྒྱས་དགེ་སློང་ཟལ་མོ་བ། སུམ་སྟོན་རས་པ་དྷརྨ་བཛྲ། སངས་རྒྱས་སྟོན་པ་བརྩོན་འགྲུས་སེང་གེ །ཤངས་སྟོན་ཚུལ་ཁྲིམས་འབུམ། བླ་མ་རྒྱལ་མཚན་འབུམ། བླ་མ་བྱམས་པ་དཔལ། གྲུབ་ཆེནསངས་རྒྱས་དར། མཉམ་མེད་སངས་རྒྱས་དཔལ། ཆོས་རྗེ་དུས་ཞབས་པ་ཨཱརྻ་རཏྣ། དེས་བདག་ལ་གནང་ངོ་།
་་་