Difference between revisions of "'byams gcod"

From Shangpa Resource Center
Line 5: Line 5:

|Subject=Illusory body

|Subject=Illusory body

|SubTopics='byams gcod

|SubTopics='byams gcod
|BDRC link=[https://www.tbrc.org/#library_work_ViewByOutline-O3CN17353CN1912%7CW3CN766 BDRC W3CN766]
[https://www.tbrc.org/#!rid=W8LS32725 BDRC W8LS32725 (p.189, extended)]
[https://www.tbrc.org/#!rid=W3CN18508 BDRC W3CN18508 (v.2 p.456)]
[https://www.tbrc.org/#!rid=W8LS37032 BDRC W8LS37032 (p.240)]

[https://www.tbrc.org/#library_work_ViewInWIndow-W22103%7C0253%7C57%7C1%7C1%7C740 BDRC W22103 (p.312)]
[https://www.tbrc.org/#!rid=W8LS37032 BDRC W8LS37032 (p.240)]

༄༅། །འབྱམས་གཅོད་བཞུགས་སོ།།

བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ།
སྤྱིར་སྒྱུ་ལུས་༼རྨི་ལམ་༽བསྒོམ་པ་ལས། འབྱམ་༼འབྱམ་བཅུ་གཉིས་༽བྱུང་བ་གཅོད་དགོས་ལ།
དེ་ཡང་༼དང་པོ་༽འཁྲུལ་འབྱམ་ལ་གཞན་འཁྲུལ་པའི་རྗེས་སུ་འབྲངས་པ་དང་། རང་གི་འཁྲུལ་པ་ཆོད་མ་ཆོད་གཉིས་བྱུང་བས། དེའི་གཉེན་པོར་ཉིན་པར་༼རང་གི་སེམས་༽ཐམས་ཅད་སེམས་རང་འཁྲུལ་པའི་སྣང་བར་ཤེས་པར་བྱས་ལ་གཞན་གྱི་འཁྲུལ་པ་རྗེས་སུ་མི་བཏགས། རང་གི་འཁྲུལ་པ་ཆོད་པ་ལ་རང་སྣང་སྒྱུ་མར་ཆོད་པར་བྱའོ།
།དེ་ཡང་༼དབང་པོ་འབྲིང་༽ཚིག་གཞན་གྱི་བར་དུ་མ་ཆོད་པར་བྲིས་༼དབང་པོ་ཐ་མ་༽ལ། མལ་གཅིག་ཏུ་༼ཏིང་ངེ་འཛིན་༽སྐྱེས་པ། གྲོག་ཏུ་བླ་མ་༼དབང་པོ་རབ་༽དམ་པ་བརྟེན་པས། འབྱམ་གཅོད་ཐམས་ཅད་རང་ཆོད་དུ་འགྲོ་གསུངས།
སད་འབྱམ་༼དེ་ཡང་དང་པོའི་༽ལ་རང་གི་སྙིང་ཁར་བདེ་མཆོག་བསམ་ལ། དེའི་ཐུགས་ཁ་ནས་འོད་༼ཟེར་ཁ་དོག་ལྔ་༽འཕྲོས་ཏེ། སྤྱི་བོ་ནས་འོད་འཕྲོས་ཏེ་བཏོན་ནས་ནམ་མཁའ་གང་བའི་འོད་ཀྱི་རྩེ་མོ་ལ། བདེ་མཆོག་རིགས་བསྡུས་ཀྱི་གཞལ་ཡས་ཁང་དུར་ཁྲོད་དང་བཅས་པ་བསམ་ལ། དེ་རྣམས་ལ་བློས་སྤྲུལ་པའི་མཆོད་པ་དཔག་ཏུ་མེད་པ་ཕུལ་ལ་འདི་ཐམས་ཅད་སྒྱུ་མ་ཡིན། རྨི་ལམ་ཡིན། དོ་ནུབ་རྨི་ལམ་དུ་ཡང་འདི་ལྟར་ཡིན་སྙམ་དུ་འདུན་པ་བྱའོ།
།དེ་ནས་གཞལ་ཡས་ཁང་དུར་ཁྲོད་དང་བཅས་པ་འཁོར་རྣམས་ལ་བསྡུས་ལ། དེ་རྣམས་གཙོ་བོ་ལ་བསྡུས། གཙོ་བོ་རང་གི་སྙིང་ཁའི་བདེ་མཆོག་ལ་ཐིམ་པ་ལ། དམིགས་པ་བཟུང་ཞིང་། འདུན་པས་འཕངས་པ་ལྟར་སྦྱང་གསུངས་ངོ་།
།བདེ་འབྱམ་༼དང་དབང་མེད་པར་༽ལ་ཡུལ་མཐོང་བ་ཙམ་ལ་ཆགས་པ་སྐྱེས་ན། དེས་ཐར་པ་ལ་བར་དུ་གཅོད་པ་ཡིན་པས། ༼ཀུ་སུ་ལུའི་ཚོགས་སོགས་དང་༽ཏིང་ངེ་འཛིན་གྱི་དབང་བསྐུར་༼དང་བསྦྲག་ལ་༽ནུས་ཚད་བྱའོ།
།ཡང་བདེ་བ་རྒྱས་ཏེ། དབང་པོ་ལྡང་བ་ལ་རྩོལ་བ་མ་བྱུང་ན། ཉམས་མྱོང་རྒྱུད་ལ་སྐྱེས་པས་བདེ་འབྱམ་བྱ་བ་༼ཐིག་ལེ་ཉམ་པ་༽ལམ་གྱི་བར་ཆད་༼དུ་འགྲོ་བ་༽ཡིན་པས། རང་གི་དབང་པོའི་རྩེ་ལ་པད་མ་འདབ་མ་བཞི་པ་གཅིག་བསམ། དེ་དབང་པོའི་ནང་ན་ཡར་སོང་བས། སྨད་སྟོང་པ་ལ་བདེ་བ་སྤྱི་བོའི་༼ཐིག་ལེ་༽ཧཾ་ལ་བསྐྱལ་བར་བསམ་གསུངས་སོ།
།ཡང་༼འདོད་ཆགས་༽བདེ་བས་རྒྱས་༼ཕོ་མོའི་༽ཏེ་སེམས་དེ་ཕྱོགས་ཉམ་ཚེར་འགྲོ་ན། གཉིས་སྣང་གི་རྟོག་པ་དང་བྲལ་བར་བྱ་སྟེ། ༼རང་དང་ཆག་པ་སྐྱེ་བམ་ཡུལ་གཉིས་ཀྱི་༽རང་གི་ལུས་སྟོད་ཀེང་རུས། སྨད་སྟོང་པར་བསམ་པའི་ཕྱོགས་བཞིར་གཏི་མུག་ལས་བྱུང་བའི་ས་བདག་༼རྒྱབ་དུ་༽ཁྲོ་བོ། ཞེ་སྡང་ལས་བྱུང་བའི་གཤིན་རྗེ་མ་༼གཡས་སུ་༽ནག་ལ་འཇིགས་པ། ༼མདུན་དུ་༽འདོད་ཆགས་ལས་བྱུང་བའི་ཡུལ་ཡིད་དུ་འོང་བ་དང་། དུག་གསུམ་ཆ་༼གཡོན་དུ་༽མཉམ་པ་ལས་བྱུང་བའི་གདོལ་པ་ནག་པོ་བསམ་མོ། །དེ་ཡང་ཁོང་པའི་ནང་དུ་རང་གི་རིག་པ་ཡི་དམ་གྱི་ལྷ་སྣང་ལ་རང་བཞིན་མེད་པ། མེ་རི་དང་བཅས་པ་བསམ་ལ། ཕྱོགས་བཞིའི་གཟུགས་རིམ་པ་༼བཞིན་མདུན་ནས་༽རིམ་པས་རང་གི་ཀེང་རུས་ལ་ཐིལ་པ་དང་། ༼གཟུགས་དེ་རྣམས་སྣང་ལ་རང་བཞིན་མེད་པ་༽ཡི་དམ་གྱི་མེས་བསྲེགས་པས། རང་ཡི་དམ་སྣང་༼དེ་རྣམས་སྒྱུ་མ་རྨི་ལམ་འདུན་པ་བྱ་༽ལ་རང་བཞིན་མེད་པར་བྱས་ལ། ངས་ཟུང་འཇུག་འདི་ལ་བརྟེན་ནས་ཆགས་སྟང་གི་ཉོན་མོང་པ་ཐམས་ཅད་སྒྱུ་མར་ཤེས་པར་བྱས་ལ། འདི་ཐམས་ཅད་རྨི་ལམ་ཡིན། སྒྱུ་མ་ཡིན་སྙམ་དུ་བསམ་པར་བྱའོ།
།ཡང་དེ་ལྟར་བསྒོམ་པའི་རྗེས་ལ། ཡི་དམ་༼གསང་གནས་ཀྱི་ཐིག་ལེ་༽གྱི་སྨིན་མཚམས་སུ་ཐིག་ལེ་དཀར་པོ་གསང་གནས་སུ་དམར་པོ་དམིགས་ལ་སྨིན་མཚམས་སུ་སོང་སྟེ། དཀར་པོ་དང་༼སྐབས་སུ་རེག་པ་དང་༽འབྲོས་དེད་དུ་འཁོར་བས་བདེ་བ་སྐྱེ་བར་དམིགས་ལ། སྐབས་སུ་དེ་གཉིས་མཇལ་བས་ཀྱང་། བདེ་སིང་སིང་བསམ། དེ་ནས་དེ་གཉིས་འདྲེས་ཏེ། ཐིག་ལེའི་རང་བཞིན་སྟོང་པ་ལ་རྣམ་པ་བདེ་བ་ལ་དམིགས་པ་བཟུང་གསུངས་སོ།༼ཡིད་རང་བཞིན་རྨི་ལམ།༽ ༼དེས་རྨི་ལམ་༽།མ་ཟིན་ན་རླུང་བཟུངས་ལ། དམིགས་པ་༼གོང་གི་༽དེ་ཉིད་ལ་བསྐྱར་ཡིན་བཟུང་ངོ་། ༼དེས་ཀྱང་༽།མ་ཟིན་ན་སྔ་མ་ལྟར་ཡི་དམ་དུ་བསམ་ལ་ཐིག་ལེ་གཉིས་སྟེང་རླུང་ཐིག་ལེ་དཀར་པོ་དང་འགྲོག །འགེ་རླུང་ཐིག་ལེ་དམར་པོ་དང་འགྲོགས་ནས་བྱུང་ནས། ལྟེ་བར་འབྲོས་འདེད་ཀྱི་ཚུལ་དུ་འཁོར་བས་བདེ་བ་ལ་དམིགས་ལ་རླུང་༼གཉིས་ཁ་སྦྱོར་༽བཟུང་། དེ་ནས་དེ་གཉིས་འདྲེས་པས་སྨིན་མཚམས་སུ་བསམ་ལ་བཟུང་ངོ་༼རླུང་གཉིས་ཁ་སྦྱར་ལ་༽གསུངས་སོ།
།དེ་ནས་སྨིན་མཚམས་ཀྱི་ཐིག་ལེ་མདུན་དུ་བཏོན་ལ། ཡི་དམ་དུ་གྱུར་པར་བསམ། ཡི་དམ་ཕྱག་རྒྱ་ཆེན་པོར་བཞུག་གོ །ཡང་དེ་ལས་ཟུང་འཇུག་ཏུ་ལྟང་བར་བྱས་ཏེ། འདིས་ཟུང་འཇུག་ཏུ་འབྱམ་པར་བྱ་བ། སྒྱུ་མ་མཚན་བཅས་སུ་སོང་བའི་བར་དོར་འབྱམ་གྱིས་དོག་པ་ལ། འདིར་ཕྱི་ལྷ་སྐུ་ཟུང་འཇུག་ཏུ་བསླབ་ལ། གཅོད་དགོས་པ་ཡིན་གསུང་ངོ་།
།དེ་ནས་མདུན་དུ་ཡི་དམ་གྱི་༼སྣང་ལ་རང་བཞིན་མེད་པ་༽ལྷ་དང་རང་ཡང་སྣང་ལ་རང་བཞིན་མེད་པར་བསམ་པའི། ཐུགས་ཁ་གཉིས་སུ་ཧཱུྃ་བསམ་ལ། དེ་ནས་རང་གི་ཐུགས་ཁའི་ཧཱུྃ་ལ་སྔགས་ཀྱིས་བསྐོར་བ་དེ་འཕྲིང་བ་ལྟར་སོང་སྟེ། མདུན་གྱི་ཐུགས་ཁའི་ཧཱུྃ་ལ་འཁོར། ཡང་རང་གི་ཧཱུྃ་ལ་བསྐོར་བར་དམིགས་ལ། ཡི་དམ་གྱི་སྔགས་བཟླས། དེ་ནས་མདུན་གྱི་ཡི་དམ་རང་ལ་ཐིམ་པ་དང་། རང་སྣང་ལ་རང་བཞིན་མེད་པ་ལྷའི་སྐུར་བསམ་པར་བྱའོ་གསུངས་སོ།
།དེ་ནས་བླ་མའི་བྱིན་བརླབས་རྒྱུད་ལ་གཞོག་པ་ནི། རང་གི་སྤྱི་བོར་ཨ་ལི་ཀ་ལི་དཀར་༼ཨ་ལི་ཀ་ལི་༽དམར་ལས་ཟླ་བ་དང་ཉི་མར་བསམ་པའི་སྟེང་དུ་བླ་མ་འོད་ཀྱི་རང་བཞིན་དུ་བསམ། ཨ་ལི་ཀ་ལིའི་སྣང་བ་ཡང་མ་འགག་པར་བསམ་ལ། ངག་ཏུ་ཡང་དེ་བརྗོད་དེ་ལ་ཡང་འོད་སྟེང་དུ་འཕྲོས་པས་བླ་མའི་སྐུ་གང་བས། བླ་མ་ལ་བརྟེན་པའི་ཉེས་པ་རྣམས་དག་ཏེ། བླ་མའི་ཐུགས་མཉེས་པར་བསམ་མོ། །དེ་ནས་ཨ་ལི་ཀ་ལི་བླ་མའི་ཤང་ནས་བྱུང་ནས། རང་གི་སྤྱི་བོ་ནས་རྩ་རོ་རྐྱང་བརྒྱུད་དེ་ལུས་གང་བ་དང་། རང་ལ་བླ་མའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་གྱི་བྱིན་གྱིས་བརླབས་པ་ཡིན་སྙམ་དུ་བསམ་པའོ། །མཁའ་འགྲོའི་བྱིན་བརླབས་རྒྱུད་ལ་ཞུགས་པ་ནི། རང་ཡི་དམ་སུ་བསམ་པའི་ཡུམ་གྱི་སྨིན་མཚམས་ནས་འོད་ཟེར་༼གཅིག་བྱུང་བས་༽དམར་པོ་ལས་ཡུམ་དེ་འདྲ་བ་༼ཁོ་ན་༽གཅིག་མདུན་གྱི་ནམ་མཁའ་ལ་བསྐྱེད་པའི་སྨིན་མཚམས་ནས་ཨ་ལ་གསང་༼ཡུམ་དེའི་༽གནས་ནས་ཀ་ལི་བྱུང་ནས་སྟེང་དུ་འཕྲོས་པས་འཇིག་རྟེན་ཐམས་ཅད་ཨ་ལི་ཀ་ལིའི་སྒྲས་གང་༼བར་བྱུང་༽སྟེ། དེ་ནས་དེ་རྣམས་མདུན་གྱི་ནམ་མཁའི་སྤྱི་བོར་ཐིམ་པས་༼ཡུམ་བསྐེད་པ་དེའི་༽ཤང་བུག་༼ཡུམ་དེའི་༽ནས་༼ཨ་ལི་ཀ་ལི་༽བྱུང་༼ནས་༽ རང་གི་ཡུམ་གྱི་ཤང་བུག་ནས་ཞུགས་ནས། ཡུམ་གྱི་གསང་གནས་ནས་བྱུང་སྟེ། རང་གི་གསང་གནས་ནས་ཞུགས་ཏེ། ༼རང་གི་༽ཞལ་ནས་༼ཡུམ་གྱི་༽ཞལ་དུ་ཞུགས་ཏེ། ༼ཡུམ་གྱི་༽གསང་བར་བྱུང་སྟེ། ༼ཞལ་གཉིས་སུ་༽འཁོར་༼བ་༽ལ་དམིགས་ཤིང་རང་གི་ཡང་༼ཨ་ལི་ཀ་ལི་༽ངག་ཏུ་དེ་བརྗོད། དེ་ནས་ཡུམ་རང་ལ་ཐིམ་པ་དང་། རང་སྣང་ལ་རང་བཞིན་མེད་པའི་སྐུ་དེ་གསལ་བར་བྱས་ལ། ངས་ཟུང་འཇུག་གི་སྐུ་དེ་ལ་བརྟེན་ནས་སེམས་ཅན་གྱི་དོན་བྱ་དེ་ཡང་རྨི་ལམ་ཡིན་སྒྱུ་མ་ཡིན་སྙམ་པའི་འདུན་པ་བྱ་བ་གལ་ཆེ་གསུངས་སོ།
།གཞན་ཡང་བདེ་འབྱམ་བཅད་པ་ལ། ༼རྒྱུད་ལས་༽ཡུལ་དང་དབང་པོ་སྦྱར་བྱས་ལ། དེ་ཉིད་སྒྱུ་མར་༼དེ་ཉིད་ཀྱིས་བསྟན་པར་བྱ་༽ཤེས་པར་བྱ། ཅེས་དེ་ལས་རྒྱབ་བརྟེན་ནས་གཅོད་ལུག་ཀྱང་ཡོད་སྟེ་འདིར་མི་སྟོན་༼ཅིང་བཀའ་ཆད་༽གསུང་ངོ་།
།ཡང་སྒྱུ་ལ་ལ་དཔེ་དོན་གཉིས་ལས། དཔེ་ནི་སྣང་བ་ཐམས་ཅད་ཀྱང་། རང་བཞིན་མེད་པ་དཔེའ་༼སྒྱུ་མ་༽ཡིན་ལ། དོན་ནི་རང་གི་སྒྱུ་མ་ཉམས་སུ་མྱོང་པས། རྨི་ལམ་ཟིན་ནས་སྣང་བ་མ་འགག་པ། རང་བཞིན་མེད་པར་ཤེས་པ་དེ་ཡིན་ནོ། །དེ་སྦྱངས་པ་མེ་ལོང་གི་གཟུགས་བརྙེན་ལ་བརྟེན་ནས། སྦྱོང་བ་ལག་པ་༼སྟོད་སྨད་བྱས་ནས་༽དེ་མི་དགོས་ཤིང་མི་ཕན་པའི་རང་ལྷ་སྐུར་བསྒོམ་པ་དེ་བདེ། འདི་དབྱིན་ནས་དང་ཁ་དོག་དང་། རྒྱན་ལ་སོགས་པ་འདི་འདྲ་བར་སྣང་། རང་གི་བློས་བཀོད་པ་༼སྐུ་མདོག་དང་ཞལ་ཕཡག་ལ་སོགས་༽ལས་བདེན་པར་གྲུབ་པ་ཅི་ཡང་མེད། དེ་བཞིན་དུ་སྣང་ཞིང་སྲིད་པས་བསྡུས་པའི་ཆོས་ཐམས་ཅད་ཀྱང་ཕྱི་རོལ་བག་ཆགས་ཀྱི་རྐྱེན་ལས་བྱུང་བ་ལ། ནང་འཛིན་པ་འང་རྟོག་པ་ལས་བྱུང་བ་མ་གཏོག་པ་བདེན་པར་གྲུབ་པ་མེད་སྙམ་དུ་ཉིན་པར་འདུན་པས་སྦྱང་ཤིང་། ཉལ་དུས་སུ་རང་གི་སྙིང་གི་དཀྱིལ་དུ་བླ་མ་འོད་ཀྱི་རང་བཞིན་དུ་བསམ་ལ། དེའི་སྐུ་སྟོད་ནས་འོད་ཟེར་དཀར་པོ་བྱུང་ནས་རང་གི་སྟོད་གང་སྟེ་གཏི་མུག་སྦྱང་། སྐུའི་སྨད་ནས་འོད་ཟེར་དམར་པོ་བྱུང་ནས། རང་གི་སྨད་དེ་གང་ནས་འདོད་ཆགས་དག་པར་བསམས་ནས་རྨི་ལམ་བཟུང་༼རྨི་ལམ་༽གསུངས་སོ།
།ཡང་འཁྲུལ་འབྱམ་རྩ་བ་མ་ཆོད་གདམ་ངག་ལ་ཐེ་ཙོམ་༼ཡང་ན་༽ཟ་ན། ཏིང་ངེ་འཛིན་གྱི་དབང་བསྐུར་དང་། རྣལ་འབྱོར་ནང་༼གཉིས་བསྒྲུག་༽གི་ཚོགས་སོགས་མང་དུ་བྱ་གསུང་ངོ་།
།ཡང་ན་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གཅིག་ཏུ་བསྒོམ་པ་ནི། རང་གི་སྤྱི་བོའི་ཧཾ་ཐིག་ལེ་དཀར་པོར་གྱུར་ཏེ་མར་བྱུང་། ལྟེ་བའི་ཨཾ་ཐིག་ལེ་དམར་པོར་གྱུར། རང་གི་དབང་པོའི་རྩེ་མོར་ཐིག་ལེ་དམར་པོ་གཅིག་བསམ། དེ་ཡར་ནང་བཟློག་སྟེ། ཐིག་ལེ་གསུམ་པོ་གཅིག་ཏུ་གྱུར་ནས། རང་གི་སྙིང་གི་དཀྱིལ་དུ་ཐིག་ལེ་འོད་ཀྱི་རྣམ་པ་སྣང་ལ་རང་བཞིན་མེད་པར་བསམ། དེ་ལས་ཐིག་ལེ་འཕྲོས་༼འོད་ཀྱི་རང་བཞིན་དུ་༽ཏེ། གང་ལྟ་བར་འདོད་པའི་གནས་སུ་སྤྲོས་ནས། གང་ལྟ་བར་འདོད་པ་དེའི་སྙིང་ཁར་བཅུག་ལ་རང་གི་ཐིག་ལེ་ལས་འོད་བ་ཐག་ལྟ་བུས་སྦྲེལ་བ་ལ་བརྟེན་ནས་བལྟ་༼ཡུལ་སྣང་༽གསུང་ངོ་།
།ཕྱིར་ན་སྒྱུ་ལུས་སྒོམ་པ་༼ཆག་པས་འབྱམ་པས་དམིགས་༽ལ་ཆག་པ་ལྷུག་པར་སྐྱེས་ནས། བར་དོར་བག་ཆགས་ལྡང་བས་སྒྱུ་མར་ཆོད་པར་བྱ། འཁྲུལ་འབྱམས་ཀྱི་བག་ཆགས་བར་དོར་ལྡང་དགོས་པའི། ཐ་མལ་༼འདེ་ཉིད་༽གྱི་ལུས་ཡི་དམ་དུ་བསྒྱུར་བར་བྱ་སྟེ། ལྷ་སྐུ་ལས་དེ་ལྟ་བུ་དཔག་ཏུ་མེད་པ་སྤྲེས། ཡང་ང་༼སྣང་བ་ཐམས་ཅད་ཡི་དམ་སུ་་བསམ་ལ་༽ལ་བསྡུས་པ་འདི་རྨི་ལམ་ཡིན། སྒྱུ་མ་ཡིན། རྨི་ལམ་དུ་ཡང་དེ་ལྟར། བར་དོར་ཡང་དེ་ལྟར་ཤེས་པར་བྱ་སྙམ་དུ་བསམ། ངག་གི་ཅི་༼གྲག་སྟོང་དུ་༽སྒྲས་པ་སྔགས་སུ་མོས་པ་བྱ། སེམས་དྲན་རྟོག་ཐམས་ཅད་སྐྱེ་མེད་དུ་ཆོད་པར་བྱ་བ་གལ་ཆེའོ།
།དེ་ཡང་བག་ཆགས་ཀྱི་ལུས་ཀྱིས་གར་ཕྱིན་ཡང་། ཁྱབ་བྱེད་རླུང་གི་འབྲེལ་མ་ཆད་པས། སད་དུས་རྣམ་སྨིན་ལུས་ལ་སེམས་གནས་སོ། །དེ་ཡང་འབྲེལ་པ་ཆེ་བའི་དུས་སུ་ཡིད་ཀྱིས་གཞན་དུ་ཕྱིན་དུས་སུ། རྣམ་སྨིན་གྱི་ལུས་མེད་དུ་དོག་པ་དང་། དེ་དང་དེ་ལ་འཇུག་པ་༼དྲག་པོ་དང་བཅས་ནས་༽ཚོལ་དགོས་ལ། འབྲེལ་པ་༼བག་ཆགས་ཀྱི་༽ཕྲ་བའི་དུས་སུ་རྣམ་སྨིན་གྱི་ལུས་གང་ལ་ཡོད་ཤེས་ལ། དེ་དང་དེར་འཇུག་པ་དང་། དེ་ནས་འགྲོ་བ་ལ་ཚེག་མེད་གསུངས་སོ།
།ཡང་སྒྱུ་མའི་བྱིན་བརླབ་ལ་འཕོ་བ་ནི། རང་ཡི་དམ་དུ་གནས་པའི་སྤྱི་བོར་བདེ་མཆོག་དྲུག་བཅུ་རྩ་གཉིས་ཀྱི་ད་ལ་དང་། མགྲིན་པར་མ་ཧཱ་མ་ཡ་ལྷ་ལྔ་དང་། སྙིང་ཁར་དགྱེས་མཛད་ལྷ་དགུ་དང་། ལྟེ་བར་གསང་བར་འདུས་པ་ལྷ་བཅུ་དགུ་དང་། གསང་གནས་སུ་གཞིན་རྗེ་གཤེད་ལྷ་བཅུ་བདུན་གྱི་ད་ལ་བསམ། མ་ཤེས་ན་དེ་རྣམས་ཀྱི་གཙོ་བོ་བསམ་མོ།
།དེ་ནས་བདེ་མཆོག་གི་གཙོ་བོའི་ཐུགས་ཁ་ནས་འོད་འཕྲོས་བས་སངས་རྒྱས་ཐམས་ཅད་ཀྱི་སྐུའི་ཡོན་ཏན་བསྡུས། རང་གི་ལུས་གང་བར་བསམ། དེ་བཞིན་དུ་མགྲིན་པའི་མ་ཧ་མ་ཡས་གསུངས་ཀྱི་༼སངས་རྒྱས་ཐམས་ཅད་ཡས་བསྡུས་༽དང་། དགྱེས་རྡོར་གྱི་ཐུགས་ཀྱི་དང་། གསང་འདུས་ཀྱི་ཡོན་ཏན་གྱི་དང་། གཤིན་རྗེ་གཤེད་ལས་༼གསང་གནས་གཤིན་རྗེ་གཤེད་༽འདེ་འཕྲོས་པས་སངས་རྒྱས་ཐམས་ཅད་ཀྱི་འཕྲིས་བསྡུས་པ་དེ་ཉིད་ལ་ཐིམ་པར་བསམ་ཞིང་། ལྷ་རྣམ་གྱི་སྔགས་ཤེས་ན་བརྗོད། མི་ཤེས་ན། ཨོཾ་ཨཱ་ཧཱུྃ་ཧཱུྃ་ཧཱུྃ་ཞེས་བརྗོད་པར་བྱའོ།
།དེ་ནས་གཤིན་རྗེ་གཤེད་འོད་དུ་ཞུ་ནས་རང་གི་ཕྲག་དོག་དག་པར་བྱས། ལྟེ་བ་༼གསང་འདུས་༽ལ་ཐིམ་སྟེ་ལྟེ་བའི་༼གསང་འདུས་༽འོད་དུ་ཞུ། ང་རྒྱལ་སྦྱངས་ཐུགས་ཁར་ཐིམ། ཐུགས་ཁའི་༼དགྱེས་རྡོར་༽འོད་དུ་ཞུ་ཞེ་སྡང་སྦྱང་། མགྲིན་པར་ཐིམ། མགྲིན་པར་འོད་དུ་ཞུ། འོད་ཆགས་༼བདེ་མཆོག་༽སྦྱངས་སྤྱི་བོར་ཐིམ། སྤྱི་བོའི་ལྷ་ཚོགས་འོད་དུ་ཞུ། གཏི་མུག་སྦྱང་ཏེ་སྤྱི་བོར་ཐིམ་པ་དང་། བདེ་མཆོག་རིགས་ལྔའི་དཀྱིལ་འཁོར་དུ་གྱུར་པ་དང་། དེ་དག་གི་ཐུགས་ཁ་ནས་འོད་ལྔ་བྱུང་སྟེ། རང་གི་ལུས་གང་བས་དུག་ལྔ་སྦྱང་ཤིང་ཡེ་ཤེས་ལྔ་སྒྱུད་ལ་སྐྱེས་པར་བསམ་ཞིང་། སྔར་ལྟར་སྔགས་བརྗོད་དེ་ཡང་ལྷ་རྣམས་རིམ་གྱི་ཐིམ་སྟེ། དེ་ཡང་མཐའ་ནས་གཙོ་བོ་ལ་ཐིམ་པ་ལ་རང་གི་རིགས་པ་བཅུག་ལ། རྣམ་སྨིན་གྱི་ལུས་པོ་རང་དག་ལ་སོང་བར་བསམ། རིགས་པ་ལྷ་སྐུ་སྣང་ལ་རང་བཞིན་མེད་པ་རྒྱུན་དུ་གནས་པར་བྱའོ། གསུངས་སོ།
དཔལ་ལྡན་བླ་མའི་༼ཤང་པ་༽གསུང་གི་བདུད་རྩི་འདི། དྲན་པས་སྣོད་༼པས་༽དུ་བརྗོད་ངས་བརྡུལ་༼ཀྱི་༽དབོན་༼པར་༽བྱས་༼སོ༽། འཁོར་བའི་༼སྙོན་མོངས་པ་༽ནང་རྣམས་ཞི་བར་བྱེད་པའི་མཆོག་༼འདི།༽ སྐལ་ངན་རྣམས་ཀྱིས་ཉམ་སུ་བླང་བར་ཞུ།། །

W8LS32725 p.199: ༼༽མཚན་མའི་རྟོགས་པ་གང་ཡིན་ཡང་། ཉོན་མོངས་༼༽གཅིག་གིས་༼སྒྱུ་མ་ལྟ་བུ་༽ལྕགས་ཀྱུ་ཡིན། ཞི་བར་འདོད་པའི་རྟེན་དང་དབྲལ། དེ་ལ་མཚན་མ་ནི་འཇིག་རྟེན་གྱི་ཉོན་མོངས་པ་སྣ་ཚོགས་དང་འབྲེལ་ནས་ཡུལ་ལ་ལྷག་པར་ཞེན་ནོ། །རྟོག་པ་ནི་དགའ་གདུང་ནང་ནས་སྐྱེས་ནས་སྤང་བླང་གི་མཐར་ཤོར། དབྲལ་བ་ནི་དངོས་པོ་དང་མཚན་མ་གང་བྱུང་ཡང་སྒྱུ་མ་ལྟ་བུར་ཐག་བཅད་དོ།
།སྟོང་ཡང་ཞེན་པས་མ་བསླད་པ། །སྣང་ཡང་མཚན་མར་མི་འཛིན་པ། །ཆོས་རྣམས་རང་བཞིན་མ་གྲུབ་པ། །དེ་ནི་སྒྱུ་མའི་མཚན་ཉིད་ཡིན། །འདི་ལྟར་ཤེས་ན་དངོས་གྲུབ་ཀུན། །སྒྱུ་མ་ལྟ་བུར་ཉམས་སུ་བླངས། །བློ་དང་བྲལ་བའི་རྣལ་འབྱོར་པས། །དུས་རྣམས་ཀུན་ཏུ་སྤྱད་པར་བྱ། །སེམས་དང་ཡུལ་དན་དངོས་པོ་རྣམས། །འདི་གསུམ་སྒྱུ་མའི་གནས་ཡིན་ཏེ། །རྗེས་ཤེས་གླང་པོའི་སྤྱོད་པ་ཡིས། །ཉོན་མོངས་ཞི་རགས་འདུལ་བར་བྱ། །སྣང་བ་སྣ་ཚོགས་ཐམས་ཅད་ཀྱང་། །སྒྱུ་མ་ལྟ་བུའི་དཔེ་ཡིན་ནོ། །ཞེན་པའི་རྟོག་པ་སྤོང་བ་ཡིན། །གསུམ་པའི་གནད་དུ་ཤེས་པར་བྱ། །སྣ་རྩེ་གཡུང་དྲུང་འཁྱིལ་པ་ལས། །གར་མཁན་ལྷ་མོའི་ལྟད་མོ་འབྱུང་། །གསང་གནས་ཐིག་ལེའི་སྦྱོར་བ་ཡིན། །མངལ་སྒོ་ལྔ་ནི་ཅིག་ཆར་དགག །སྙིང་གི་དཀྱིལ་ན་གནས་པ་ཡི། །ཐིག་ལེ་དཀར་དམར་སྦྱོར་བ་ཡིས། །རླུང་སེམས་གཉིས་སུ་མེད་པར་བསྒོམ། །བདེ་འབྱམས་ཡུལ་ལ་འཆར་བ་ན། །སྨིན་ཕྲག་ཟུར་གསུམ་གནས་སུ་སྦ། །རྟོག་པ་ཡུལ་ལ་འཆར་བ་ན། །དབང་པོའི་་་་་་དྲན་པར་བྱ། །མ་ཟིན་འབྱམས་དང་གོལ་པ་གསུམ། །བསོད་ནམས་ཚོགས་ཀྱིས་བཅད་པར་བྱ། །བོགས་འབྱིན་རླུང་གི་རྟ་ཕོ་ཡིན། །ཡུལ་གྱི་ལྟད་མོ་སྣ་ཚོགས་བལྟ། །གསང་གནས་ཐིག་ལེའི་སྦྱོར་བ་ཡིས། །ཡན་ལག་ཉིང་ལག་རྫོགས་པར་བསྒོམ། །བུམ་ནང་ཡེ་ཤེས་སྦྱོར་བ་ཡིས། །ཡུལ་གྱི་ལྟད་མོ་སྣ་ཚོགས་བལྟ། །སེམས་འཛིན་རྟོགས་པའི་དྲ་བ་ཅན། །སྦྱོང་པ་མ་ཤེས་ཡུལ་ལ་འཆར། །དབང་པོའི་ཞེན་པ་སྤང་བར་བྱ། །སྒོ་ལྔའི་རྣམ་ཤེས་རེ་རེས་ཀྱང་། །སྣ་ཚོགས་ཉམས་སུ་མྱོང་བར་བྱ། །ཆུ་དང་མེ་དང་གཡང་དང་བྲག །བསམ་པའི་སྦྱོར་བ་སྔོན་བཏང་ནས། །ཐོགས་སྡུག་མེད་པར་སྦྱང་བར་བྱ། །ཟིན་ནས་བརྟན་པར་མ་བྱས་པར། །སྦྱངས་པའི་སྦྱོར་བ་མི་བྱའོ། །ཡུལ་སོགས་སྒྱུ་མར་༼མ་༽ཤེས་པར་བྱ། །ཟུང་འཇུག་ལམ་ལ་མི་སྦྱར་རོ། །མཐར་ཐུག་སྒྱུ་མ་ཟུང་འཇུག་ནི། །སྣང་སྟོང་དབྱེར་མེད་ཕྱི་མི་ཉམས། །ཞེན་པའི་ཡུལ་དང་བྲལ་བ་ཡིན། །རླུང་སེམས་གཉིས་མེད་ནང་གི་ཉམས། །ཉོན་མོངས་རྩ་བ་བྲལ་བ་ཡིན། །ཨེ་མ་རིན་ཆེན་ལྟ་བུ་ཡི། །ཉམས་ལེན་བདུ་རྩིའི་སྦྱོར་བ་འདི། །སྐལ་ལྡན་རྣམས་ཀྱིས་ཉམས་སུ་ལོང་། །སྣོད་མིན་རྣམས་ལ་གསང་བར་བྱ།
།སྒྱུ་ལུས་རྨི་ལམ་གྱི་འབྱམས་གཅོད་རྫོགས་སོ།

Revision as of 12:23, 14 December 2021