'byams gcod kyi bsdus don

From Shangpa Resource Center







Resource ID SCv8p722
Title 'byams gcod kyi bsdus don
Topics Illusory body
Sub-Topics Instructions
Link BDRC W23922

༄༅། འབྱམས་གཅོད་ཀྱི་བསྡུས་དོན་ཡོད།། །།

སྒྱུ་ལུས་༼རྨི་ལམ་འོད་གསལ་བར་དོ་རྣམས་༽ཀྱི་འབྱམས་གཅོད་ལ་བཞི་སྟེ། འཁྲུལ་འབྱམས་དང་། སད་འབྱམས་དང་། བདེ་འབྱམས་༼དང་། ཆགས་འབྱམས་སོ།
དང་པོ་༼འཁྲུལ་འབྱམས་༽ལ་གསུམ་སྟེ། གཞན་འཁྲུལ་པའི་རྗེས་སུ་འབྲེངས་པ་དང་། རང་༼གི་༽སྣང་ཆགས་སྡང་༼གི་ཡུལ་༽ལ་བདེན་ཞེན་དུ་འཁྲུལ་པ་དང་། ༼རང་སེམས་༽འཁྲུལ་པའི་རྩ་བ་ཆོད་པའོ།
གཉིས་པ་༼སད་འབྱམས་༽ལ་གསུམ་སྟེ། དང་པོའི་སད་འབྱམས། རྗེས་ཀྱི་སད་འབྱམས། དམིགས་པ་རྟེན་མེད་ཀྱི་སད་འབྱམས་སོ།
གསུམ་པ་༼བདེ་འབྱམས་༽ལ་གསུམ་སྟེ། ༼བུ་མེད་༽ཡུལ་མཐོང་བ་ཙམ་༼ཆགས་པ་༽གྱིས་རང་དབང་མེད་པའི་བདེ་འབྱམས། ༼བུ་མེད་དང་ལུས་༽རེག་རྐྱེན་གྱིས་༼སྟོངས་ཀྱི་༽དབང་པོ་རྩོལ་མེད་དུ་ལྡང་བའི་བདེ་འབྱམས། ༼བུ་མེད་དུ་༽སྣང་བ་སེམས་སུ་༼ཤེས་པ་༽དང་བྲལ་བའི་༼སེམས་ཡུལ་ལ་༽རྒྱུན་ཆགས་ཀྱི་བདེ་འབྱམས་སོ།
བཞི་པ་༼ཆགས་འབྱམས་༽ལ་གསུམ་སྟེ། ལུས་གནད་༼ཀྱི་དབང་པོ་གནོན་པ་༽དང་གནོད་༼ཕོ་གདོན་མོ་གདོན་༽སྟོབས་ཀྱི་ཆགས་འབྱམས། ཟས་སྐོམ་༼དང་དྲོད་ཀྱིས་ཆགས་པ་འཕེལ་བའི་སྟོབས་༽ཀྱི་རྩ་བ་འབུར་བའི་ཆགས་འབྱམས། ༼སྐྱེ་བ་སྔ་མའི་༽བག་ཆགས་ཀྱི་༼ཡུལ་ལ་མངོན་པར་༽ཞེན་པ་མཆོད་པའི་ཆགས་འབྱམས་སོ།
དེ་དག་ཐམས་ཅད་ཀྱང་འཁྲུལ་འབྱམས་དང་། ༼ཚུལ་བཞིན་མ་ཡིན་པས་༽ཐིག་ལེ་སྨད་དུ་ལྷུང་བ་གཉིས་སུ་འདུས་སོ། དེ་རྣམས་ཀྱི་དམིགས་པ་ནི། འབྱམས་གཅོད་དུ་བལྟ་བར་བྱའོ།
འབྱམས་གཅོད་ཀྱི་བསྡུས་དོན་ནོ།། ཨྀཐིཿ །།