Bongshö Riwoché

From Shangpa Resource Center
Revision as of 15:36, 7 February 2021 by Sengue (talk | contribs)





Resource ID G33
Place Type Monastery
Coordinates 28°32'50.00"N 86°48'48.00"E
Links

Name Variants

bong shod ri bo che
bod shod ri bo che


History

Notes

Ruined

W8224: ཁྲ་སྟོན་པ་བྱང་ཆུབ་རྒྱལ་མཚན་པས་བཙུགས་པ་སྔ་ཐོག་ཤངས་ལུགས། བར་དུ་རྙིང་མ་བྱང་གཏེར། ཕྱིས་ཤེལ་ཆོས་བླ་མ་ལེགས་པ་དོན་གྲུབ་ཀྱིས་དགེ་ལུགས་སུ་བསྒྱུར་བ་ནས་བླ་རབས་དང་གྲྭ་རྒྱུན་དགོན་མ་དང་མཚུངས། བླ་མ་མཆོད་པ་དང་དབུ་མའི་ལྟ་ཁྲིད་སོགས་བྱེད། ཨང་གཉིས་གྲྭ་པ་ཉི་ཤུ་རྩ་བདུན་སྐོར།
W1KG26279: སྔགས་ཁྱུང་དགོན་སོགས་དང་། མཁས་གྲུབ་ཁྱུང་པོ་རང་ཉིད་བཞུགས་མྱོང་བའི་སྒྲུབ་ཁང་འགའ་ཞིག་སྟེ། སྔར་དཀོན་སྒང་མགོན་པོའི་སྒྲུབ་གནས། ལན་པའི་སྤྱི་བུ། རྭ་སྟོད་མགོན་རི་སྒྲུབ་ཁང་(སྟེང་འོག་གཉིས) སྲིན་མོའི་སྒྲུབ་གནས། བདེ་ཆེན་རི་ཁྲོད་སོགས། ད་ལྟ་ལྗོངས་ཕྱིར་གནས་མུས་ཀྱི་ཤངས་པའི་སྒྲུབ་སྡེ་ཙཱ་འདྲ་རིན་ཆེན་བྲག་གི་ཀུན་བདེ་གླིང་དང་། ཚབ་ཚའི་སྒྲུབ་སྡེ་བསམ་གྲུབ་ཆོས་རྫོང་གླིང་། ཀརྨ་ལྷ་སྟེང་གི་སྒྲུབ་སྡེ་འཆི་མེད་དགའ་ཚལ། མཛོ་རྫིའི་སྒྲུབ་སྡེ་ཀུན་བཟང་དགྱེས་པའི་དགའ་ཚལ་གླིང་། རབ་འབྱོར་སྒྲུབ་སྡེ་བཀྲ་ཤིས་ཆོས་རྫོང་གླིང་སོགས་ད་ཕན་གང་རྙེད་ཀྱི་དགོན་གནས་དགོན་ཤུལ་ཅི་རིགས་དང་། སྒྲུབ་སྡེ་རྣམས་ཀྱི་ཞིབ་ཕྲའི་གནས་ཡུལ་དང༌། ཆགས་གནས་འཇིག་སྟོང་གི་ལོ་རྒྱུས་གང་རྙེད་དཔར་གཞི་དང་ཟུང་དུ་འབྲེལ་ཏེ་ནག་ནོག་ཡི་གེའི་ལམ་དུ་བཀོད་པ་དང་། ད་དུང་འཚོལ་རྙེད་དཀའ་བའི་མཁས་གྲུབ་ཁྱུང་པོའི་བརྩམས་ཆོས་དང་ཤངས་ཆོས་དཔེ་རྒྱུན་དཀོན་རིགས་འགའ་ཞིག་ཀྱང་། གྲོགས་བཟང་གི་མཐུན་རྐྱེན་དང་རང་ཉིད་ཀྱི་འབད་བརྩོན་འོག་ལག་སོན་བྱུང་བ་ཅི་རིགས་ལ་སྔས་ཁུངས་བཅོལ་ཏེ་ཤངས་པ་བཀའ་བརྒྱུད་ཀྱི་ཆོས་བརྒྱུད་སྤྱིའི་ཆགས་གནས་འཇིག་སྟོང་གི་ལོ་རྒྱུས་དང་། གསེར་འོད་འཕྲོ་བའི་རིག་གནས་སོགས་ལ་དཔྱད་ཞིབ་ཅུང་ཙམ་བགྱིས་ཁུལ་གྱིས་འདས་ཟིན་པའི་ལོ་རྒྱུས་རྣམས་ལྷིང་ནས་བོད་རིག་པའི་ཞིབ་འཇུག་ནང་ཅུང་ཟད་བག་ལ་ཞ་བའི་ཤངས་པ་བཀའ་བརྒྱུད་ལ་ཞིབ་འཇུག་བྱེད་པ་དང་། ངེད་ཕྱི་རབས་པ་ཚོར་ཕ་མེས་དམ་པའི་རྣམ་ཐར་གྱི་དྲི་བཟང་གོས་ནས་དལ་འབྱོར་དོན་ཡོད་བྱ་བའི་གསོས་སུ་འགྱུར་ཕྱིར། དཔྱད་ཡིག་མང་པོའི་ལུང་ཁུངས་རྒྱབ་རྟེན་དུ་བྱས་ཐོག གཡག་ཆད་རི་ལ་འཛེགས་པ་ལྟར་གོམ་གཅིག་སྤོ་བར་དཀའ་ཡང་། བསླབས་པའི་ཤེས་རྒྱ་དང་བསྒོམ་པའི་ཉམས་མྱོང་གི་དྲི་མ་དང་ཡོངས་སུ་བྲལ་བའི་བློ་དམན་ཁོ་བོས་ཞིབ་མོའི་བློ་ཡིས་ཟུར་ཙམ་དཔྱད་པའི་ཁུལ་གྱིས་ཤིན་ཏུ་མ་སྨིན་པའི་ལྟ་བ་ཕྲན་བུ་ཞིག་མི་སྙན་པའི་ཚིག་གི་ལམ་ནས་ཞིང་བར་སྤྲོ་བས། མདའ་འབེན་ལ་མ་ཕོག་པ་དང་། ཚིག་གནད་ལ་མ་འཁེལ་བ་སོགས་ཀྱི་འགལ་སྐྱོན་ནོངས་པའི་ཚོགས་རྣམས་མཁྱེན་ལྡན་རྣམས་ཀྱི་སྤྱན་སྔར་འཆགས་སོ།།


Loading map...