Catalog of transmissions recieved by Künga Drölchok
Excerpt from dam pa'i chos kyi thob yig bstan pa'i nor rdzas
p. 451 རྒྱ་སྒོམ་རྡོ་རྗེ་འཆང་དངོས་ནས་ཞུས་པའི་སྐོར།
རང་ལོ་ཉེར་བརྒྱད་ལ་འཇལ་ནས། ཚེ་དབང་གྲུབ་རྒྱལ་མ་དང་། ཆོས་དྲུག་རྡོ་རྗེའི་ཚིག་རྐང་དང་། གའུ་མའི་རྡོ་རྗེའི་ཚིག་རྐང་གི་ལུང་ཐོབ་པའི་བརྒྱུད་པ། མཁྱེན་རབ་ཡོན་ཏན་དཔལ་འབྱུང་ཡན་སྤྱི་ལུགས་ལྟར་ལ། དེ་ལ། ཅོག་པོ་རྩེ་པ་བསམ་གཏན་དཔལ་བཟང་གི་བསན། དེས་བདག་ལའོ།
།ལོ་དེ་ཉིད་ལ་འཇལ་ནས། ཐོག་མར་སྒྲོལ་མ་དཀར་མོའི་རྗེས་སྣང་ཐོབ་པའི་བརྒྱུད་པ་ནི། སྒྲོལ་མ། སློབ་དཔོན་ངག་གི་དབང་ཕྱུག་གྲགས་པ། ཤྲདྷ། གསེར་གླིང་པ། ཇོ་བོ་རྗེ། སྤྱན་མངའ་བ། བྱ་ཡུལ་བ། སྒྲེ་པ་ཆེན་པོ། སྒམ་པོ་པ། རྨོག་ཅོག་པ། སྐྱེརྒང་པ། མཉན་སྟོན་པ། སངས་རྒྱས་སྟོན་པ། སྤྲུལ་སྐུ་རིན་ལོ། བླ་མ་ཀུན་འོད། ཤེ་སྒོམ་སངས་རྒྱས་དར། མཉམ་མེད་སངས་རྒྱས་དཔལ་བཟང་། ཆོས་སྐུ་ཤཱཀྱ་རིན་ཆེན། ཀུན་བཟང་ངག་དབང་བློ་གྲོས། རྒྱ་སྒོམ་ལེགས་པ་རྒྱལ་མཚན། དེས་བདག་ལའོ།
།རྒྱུད་སྡེ་ལྔའི་དབང་དང་། རྡོ་རྗེ་དགན་པའི་རྒྱ་གཞུང་མཆན་བཅས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། བདག་མེད་མ། ཌོམྦི་པ། ཨ་ལ་ལ་བཛྲ། གརྦ་རི། ཛཱ་ཡ་ཤྲཱི། མི་ཐུབ་ཟླ་བ། རཏྣ་ཡ་ཀ་ར་ཤནྟི། པཎྜི་ཏ། བློ་གྲོས་མི་ཟད་པ། རྡོ་རྗེ་གདན་པ་ཏེ།
དགྱེས་མཛད་རྡོ་རྗེའི་བརྒྱུད་པ། རྡོ་རྗེ་འཆང་། ཕྱག་ན་རྡོ་རྗེ། ཀླུ་མོ་རྣལ་འབྱོར་མ། རྒྱལ་པོ་བི་སུ་ལ་ཀལ་པ། བྲམ་ཟེ་ཆེན་པོ་ས་ར་ཧ། ཀླུ་གྲུབ། ཨརྱ་དེ་བ། མ་ཏངྐི་། ཏཻ་ལོ། ནཱ་རོ། ཏ་ཐཱ་ག་ཏ་རཀྵི་ཏ་ཏེ།
གསང་བ་འདུས་པའི་བརྒྱུད་པ། ་་་