Difference between revisions of "Chos rje mus chen pa'i rnam thar"

From Shangpa Resource Center

(3 intermediate revisions by the same user not shown)
Line 5: Line 5:

|Subject=Biography

|Subject=Biography

|Associated Person=Müchen Gyeltsen Pelsang

|BDRC link=[https://www.tbrc.org/#library_work_ViewByOutline-O3PD988C2O0212%7CW3PD988 BDRC W3PD988]

|BDRC link=[http://purl.bdrc.io/resource/MW3PD988_2A0A04 BUDA W3PD988]

༄༅། །ཆོས་རྗེ་མུས་ཆེན་པའི་རྣམ་ཐར་བཞུགས་སོ།།

ན་མོ་གུ་རུ།

ཆོས་ཀྱི་རྗེ་མུས་པ་ཆེན་པོ་རྒྱལ་བའི་མཚན་ཅན་ལ་བསྟོད་པ། སྙན་པའི་མཆོད་སྤྲིན་ཞེས་བྱ་བ།
སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།
།དྲི་མ་མེད་པའི་ཚུལ་ཁྲིམས་དང་ལྡན་ཞིང་། །མང་ཐོས་རྒྱ་མཚོ་བསྒྲུབ་པའི་དཔལ་མངའ་བ། །རབ་ཏུ་དཀར་བའི་ཕྲིས་དཔག་མེད་ཅན། །མགོན་པོ་མཆོག་ཁྱོད་བདག་ལ་རེ་ཤིག་དགོངས།
།ཁྱེད་ནི་སོ་སོ་ཐར་པའི་སླབ་པ་ཀུན། །ཉིད་ཀྱི་སྤྱན་དང་འདྲ་བར་རབ་གཟིགས་པས། །སྟོན་ཟླ་བཞིན་དུ་རྣམ་པར་དཀར་བ་ཡིས། །ཚངས་པར་སྤྱོད་པས་ཉེ་བར་བཛས་པ་ལགས།
།དེ་བཞིན་སེམས་ཅན་དོན་དུ་རང་ཉིད་ཀྱི། །སྐུ་སྲོག་ལ་ཡང་ལྟོས་པ་མེད་པ་ཡི། །སྙིང་རྗེ་ཆེན་པོས་རབ་ཏུ་ནོན་པ་ཁྱེད། །བྱང་སེམས་སྡོམས་པའི་དཔལ་དང་ལྡང་པ་ལགས།
།ཉི་ཟླ་སྒྲ་གཅན་དབུས་སུ་རབ་ཞུགས་པས། །སྣ་ཚོགས་ནམ་མཁའི་མཛེས་མས་རབ་མཁྱུད་ཅིང་། །ཟག་པ་མེད་པས་བདེ་བས་གང་བ་ཁྱེད། །རིག་པ་འཛིན་པའི་རྟུལ་བཞུགས་མངའ་བ་ལགས།
།སྒྲ་དང་ཚད་མ་བཟོ་དང་གསོ་བ་དང་། །ཐུབ་པ་མཆོག་གི་གསུང་རབ་མ་ལུས་པ། །རིག་པའི་གནས་ལྔ་ཐུགས་སུ་ཆུད་པ་ཁྱེད། །མང་ཐོས་རྒྱ་མཚོའི་ཕ་རོལ་སོན་པ་ལགས།
།རྒྱལ་བའི་གསུང་རབ་གནས་གསུམ་ཤེས་བྱའི་དོན། །ཚད་མ་གསུམ་གྱི་ཡང་དག་བསྒྲུབ་མཁྱེན་ཅིང་། དྲང་དོན་ངེས་དོན་ཇི་བཞིན་མཁྱེན་པ་ཁྱེད། རྣམ་དག་རིགས་པའི་བློ་གྲོས་མངའ་བ་ལགས།
།དགྲ་དང་གཉེན་དང་སྐྱེས་པ་བུད་མེད་སོགས། །སྣ་ཚོགས་སྣང་འདི་བདེན་པ་འགའ་མེད་པ། །རྣམ་ཐར་སྡོང་དུ་རིགས་པས་ངེས་པ་ཁྱེད། །བདུད་དཔུང་བྱེ་བས་ཀྱི་བར་ནུས་མ་ལགས།
།ཆོས་རྣམས་བདེན་པའི་རང་བཞིན་འགའ་མེད་ཀྱང་། །སྣ་ཚོགས་སྣང་བ་རྨི་ལམ་སྒྱུ་མ་དང་། །དྲི་ཟའི་གྲོང་ཁྱེར་ཇི་བཞིན་མཁྱེན་པ་ཁྱེད། །བདེན་གཉིས་རྣམ་དབྱེ་ཇི་བཞིན་གཟིགས་པ་ལགས།
།ཆོས་རྣམས་ནམ་མཁའ་སྒྱུ་མའི་ཚུལ་གཟིགས་ཀྱང་། །བརྩེ་བ་ཆེན་པོས་ཀུན་ནས་བསླང་བ་ཡི། །བསོད་ནམས་རྒྱ་མཚོ་རྣམ་ཐར་་་་ན་པ་ཁྱོད། །རྒྱལ་བ་སྲས་བཅས་དགེས་པར་བགྱིད་པ་ལགས།
།ཉིད་ཀྱི་བདེ་བ་སུམ་བཅུ་རྩ་གསུམ་གྱིས། །གྲོང་ཁྱེར་གསེར་གྱི་རྟ་བབས་རྒྱ་ལྡན་པའང་། །གཞན་ལ་རྩ་བཞིན་བདེ་བླག་སྩོལ་བ་ཁྱེད། །འགྲོ་ཀུན་ཡབ་དང་ཡུམ་དུ་གཟིགས་པ་ལགས།
།གཞན་གྱི་བསྡུལ་དམྱལ་མེའི་གནོད་པ་ཡང་། །གསེར་གྱི་པད་ལྗོན་འཁྲིགས་པ་ཡོངས་འདུ་ཡི། །ཚལ་བཞིན་ཉིད་ཀྱིས་བཞེན་པའི་ཐུགས་མངའ་ཁྱེད། །ཚད་མེད་སྙིང་རྗེ་ཆེན་པོ་མངའ་བ་ལགས།
།ནམ་མཁའ་བཞིན་དུ་རབ་ཏུ་རྒྱ་ཆེ་ཞིང་། །ཉི་ཟླ་བཞིན་དུ་རབ་ཏུ་གསལ་གྱུར་པ། །རྒྱ་མཚོ་བཞིན་དུ་ཟབ་པའི་ཐུགས་མང་ཁྱེད། །གསེར་གྱི་རི་བོ་བཞིན་དུ་མཛེས་པ་ལགས།
།འདུས་བྱས་གཡོ་བ་སྟོན་ཀའི་སྤྲིན་བཞིན་མཁྱེན། །འཁོར་བའི་རང་བཞིན་སྡུག་བསྔལ་ནཡིད་དུ་མཁྱེན། །ཆོས་རྣམས་བྱེད་པོ་མེད་པར་མཁྱེན་པ་ཁྱེད། །བདག་མེད་མངོན་སུམ་ཉིད་དུ་གཟིགས་པ་ལགས།
།རྒྱལ་སྲིད་མཆིལ་བའི་ཐལ་བ་བཞིན་དུ་དགོངས། །འདོད་ཡོན་དུག་ཅན་ཟས་དང་འདྲ་བར་དགོངས། །སྙན་གྲགས་དྲག་ཆ་བཞིན་དུ་དགོངས་པ་ཁྱེད། །འཛིན་མེད་ཆོས་ཁྱད་རྩ་བཞིན་སྤངས་པ་ལགས།
།ཏིང་ངེ་འཛིན་དང་ཟས་རྣམས་ཀུན་གྱི་གཏེར། །མངོན་པར་ཤེས་པ་དྲུག་ལ་མངའ་རྙེས་པས། །ཡོན་ཏན་ཀུན་གྱི་མཛོད་དུ་གྱུར་པ་ཁྱེད། །ཆོས་རྣམས་ཀུན་ལ་རང་དབང་བརྙེས་པ་ལགས།
།ཐབས་དང་ཤེས་རབ་གཉིས་སུ་མེད་པའི་བདག །སྟོང་དང་སྙིང་རྗེ་ཟུང་དུ་ཆུད་པའི་དཔལ། །འཇའ་ལུས་རྡོ་རྗེའི་སྐུ་མངའ་མགོན་པོ་ཁྱེད། །ཚོགས་གཉིས་རྒྱ་མཚོ་བརྙེས་པར་གྱུར་པ་ལགས།
།ཁྱོད་ནི་འཕགས་པ་སྤྱན་རས་གཟིགས་ལགས་ཏེ། །འཇམ་པའི་དབྱངས་དང་ཁྱེད་ལས་གཞན་ལགས། །ཟས་གཙང་སྲས་ཀྱི་གོ་འཕང་བརྙེས་པ་ཁྱེད། །རྒྱལ་བ་ཀུན་གྱི་ངོ་བོར་གྱུར་པ་ལགས།
།ས་འོག་ཀླུའི་འཇིག་རྟེན་སྙན་པས་ཁྱབ། །ས་སྟེང་མིའི་འཇིག་རྟེན་སྙན་པས་ཁྱབ། །ས་བླ་ལྷ་ཡུལ་སྙན་པས་ཁྱབ་པ་ཁྱེད། །འཇིག་རྟེན་གསུམ་པོ་གྲགས་པས་གང་བ་ལགས།
།འདོད་པས་དྲེགས་ལྡན་ལྷ་དབང་རྣམས་ཀྱིས་མཆོད། །འབྱོར་པས་དྲེགས་ལྡན་ཀླུ་དབང་རྣམས་ཀྱིས་མཆོད། །མཛེས་པས་དྲེགས་ལྡན་ལྷ་མོས་མཆོད་པ་ཁྱེད། །འཇིག་རྟེན་ཀུན་གྱི་མཆོད་པར་འོས་པ་ལགས།
།ལུང་རིགས་དྲེགས་ལྡན་མཁས་པ་རྣམས་ཀྱིས་བཏུད། །དཀའ་ཐུབ་དྲེགས་ལྡན་དྲང་སྲོང་རྣམས་ཀྱིས་བཏུད། །རིགས་ཀྱི་དྲེགས་ལྡན་བྲམ་ཟེས་བཏུད་པ་ཁྱེད། །འཇིག་རྟེན་གསུམ་གྱི་བཏུད་པར་འོས་པ་ལགས།
།དབང་ཕྱུག་དྲེགས་ལྡན་རྒྱལ་པོ་རྣམས་ཀྱིས་བསྐུར། །ལགས་ཚོས་དྲེགས་ལྡན་བཙུན་མོ་རྣམས་ཀྱིས་བཀུར། །ཁྱེངས་ལྡན་བློན་པོའི་ཚོགས་ཀྱི་བཀུར་བ་ཁྱེད། །འཇིག་རྟེན་ཀུན་གྱི་བཀུར་བར་འོས་པ་ལགས།
།ཚུལ་འདི་དུས་ཀྱི་མཐོ་རིས་རབ་སོང་བ། །སྡོམ་བརྩོན་ཆོས་འབར་ཞེས་བྱས་རབ་བསྐུལ་ནས། །དཔལ་ལྡན་སྨྲ་མཚོན་གུས་པས་ཡིད་ཀྱིས་སྦྱར།
ཆོས་ཀྱི་རྗེ་མུས་པ་ཆེན་པོ་རྒྱལ་བའི་མཚན་ཅན་ལ་བཏོད་པ། སྙན་པའི་མཆོད་སྤྲིན་ཞེས་བྱ་བ་རེ་ཞིག །རྫོགས་སོ།
།གསོལ་བ་འདེབས་སོ་ཆོས་རྗེ་རིན་པོ་ཆེ། འགྲོ་དྲུག་ཐུགས་རྗེས་མྱུར་དུ་སྐྱོབ་དུ་གསོལ། ཅེས་པ་ཚིག་བཞི་པ་རེའི་རྗེས་སུ་བཞུག་ཅིང་གསོལ་བ་གདབ་པོ། འགྲོ་དྲུག་སེམས་ཅན་ལ་བླ་མའི་བྱིན་བརླབས་འཇུག་པར་གྱུར་ཅིག། སརྦ་མངྒ་ལཾ།། །།

Latest revision as of 13:35, 12 May 2024

Resource ID MGP2
Title chos rje mus chen pa'i rnam thar
Topics Biography
Associated Person Müchen Gyeltsen Pelsang
Link BUDA W3PD988