Difference between revisions of "Mgon po'i gtor dbang"
| (2 intermediate revisions by the same user not shown) | |||
| Line 3: | Line 3: | ||
|Tibetan Title=མགོན་པོའི་གཏོར་དབང་། | |Tibetan Title=མགོན་པོའི་གཏོར་དབང་། | ||
|Wylie Title=mgon po'i gtor dbang | |Wylie Title=mgon po'i gtor dbang | ||
| − | |Subject= | + | |Subject=Initiation |
| − | |SubTopics= | + | |SubTopics=Chadrupa |
|Notes=Very close to [[mgon po'i slob ma rjes 'dzin]] | |Notes=Very close to [[mgon po'i slob ma rjes 'dzin]] | ||

| − | + | མགོན་པོའི་གཏོར་དབང་བཞུགས་སོ།།

།བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ།
།སྐད་ཅིག་ཉིད་ལ་དགྲ་བགེགས་ཐལ་བར་རློག །ཁམ་གསུམ་མ་ལུས་དབང་དུ་སྡུད་མཛད་ཅིང་། །བར་ཆད་སེལ་ཞིང་དངོས་གྲུབ་སྟེར་བ་ཡི། །ཕྱག་དྲུག་འཁོར་དང་བཅས་ལ་ཕྱག་འཚལ་ལོ།
།དེ་ལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་གཏོར་དབང་འདི་ལ་གསུམ་སྟེ། སྦྱོར་བ་དང་དངོས་གཞི་རྗེས་གསུམ་མོ།
།དང་པོ་ནི། མཎྜལ་གྲུ་གསུམ་འཐིང་ནག །མེ་རི་ཁྱམས་ཕྱོད་མཚོན་དང་བཅས་པ་ལ་ཧཱུྃ་བྲི། མེ་ཏོག་གི་ཚོམ་བུ་བཀོད། མན་འཇིལ་གྱི་སྟེང་དུ། མཎྜལ་དབུས་སུ་གཏོར་མ་བཟང་པོ་ལ་རྟེན་མདའ་དར་བཏག་པ་བཙུག་པ་དང་བཅས་པ་བཞག་གོ །མཆོད་པ་ལྔ་དང་། གཏོར་མ་འབྱོར་ཚད་ཀྱིས་བསྐོར། དེ་ནས་སློབ་མ་རྣམས་ཁྲུས་བྱས་ཏེ། གྲལ་ལ་འཁོད་པ་ལ། དལ་འབྱོར་རྙེད་དཀའ་བ། འཆི་བ་མི་རྟག་པ། འཁོར་བའི་ཉེས་དམིགས་དང་། མགོན་པོས་ཅི་ལྟར་ཐུགས་བསྐྱེད་ཚུལ་རྣམས་བཤད་ནས། སྐྱབས་འགྲོ་བྱ་བ་ནི། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་ཡིས། དུས་འདི་ནས་བཟུང་ནས། ཅི་སྲིད་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ། ཕྱོགས་བཅུའ་ན་བཞུགས་པའི་སངས་རྒྱས་ལ་སྐྱབས་སུ་མཆིའོ། འདྲེའོ། ཆོས་ལ། དགེ་འདུན་དང་། བླ་མ་དང་། ཡི་དམ་གྱི་ལྷ་དང་། ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་ལན་གསུམ་བརྗོད་པའི་རྗེས་ལ། སེམས་བསྐྱེད་རྒྱས་པ་ནས། ལམ་ཡན་ལག་ལྔ་རྫོགས་པར་བྱའོ།
།གཉིས་པ་ལ་གསུམ་སྟེ། སྐུ་གསུངས་ཐུགས་ཀྱི་སྒོ་ནས་བྱིན་བརླབས་དབབ་པ་དང་། ལྷ་དངོས་ཀྱི་སྒོ་ནས་དང་། རྗེས་གནང་སྦྱིན་པའོ།
།དང་པོ་ནི། གཏོར་མའི་སྟེང་དུ་ཧཱུྃ་ལས་དམ་ཚིག་པ་བསྐྱེད་ནས། རང་དང་མགོན་པོའི་སྔགས་ཀྱིས། ཐུགས་ཁའི་ཧཱུྃ་གཉིས་ལས་འོད་ཟེར་འཕྲོས་པས། ལྷོ་ཤར་འཚམས་ནས། ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ། གཡས་ན་དཔའ་བོ་བསམ་གྱིས་མི་ཁྱབ་པ། གཡོན་ན་དཔའ་མོ་བསམ་གྱིས་མི་ཁྱབ་པ། འཁོར་དམ་ཅན་རྒྱ་མཚོ་དང་བཅས་པ་ཐམས་ཅད། ནམ་མཁའ་ལ་ཚུར་ཌཱ་མ་རུ་དང་དྲིལ་བུ་གཡེར་ཀའི་སྒྲ་ཁྲོ་ལོ་ལོ། སི་ལི་ལི། འུ་རུ་རུ་བྱོན་ནས། ཛཿཧཱུྃ་བཾ་ཧོས། དམ་ཚིག་པ་ལ་བསྟིམ་མོ། །དེ་ནས་མགོན་པོའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱ་དམར་པོ། ཐུགས་ཀར་ཧཱུྃ་འཐིང་ནག་བསམ་མོ། །སློབ་མའི་གནས་གསུམ་དུ་ཡང་ཡི་གེ་དེ་གསུམ་བསམ་ནས། བདག་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་གདབ་པ་དང་། མགོན་པོའི་ཨོཾ་ལས་འོད་ཟེར་དཀར་པོ་བྱུང་། སློབ་མའི་དཔྲལ་བར་ཐིམ་པས། ལུས་ཀྱི་ནད་གདོན་སྡིག་སྒྲིབ་དག་ནས་བུམ་དབང་ཐོབ། ཨཱས་ངག་གི་སྡིགས་སྒྲིབས་དག །གསང་དབང་ཐོབ། ཧཱུྃ་གིས་ཡིད་ཀྱི་བསགས་པའི་སྡིག་སྒྲིབས་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པར་བསམ་མོ། །མགོན་པོའི་ཡི་གེ་གསུམ་ཆད་ནས། སློབ་མའི་ཡི་གེ་གསུམ་ལ་ཐིམ། སློབ་མའི་ཡི་གེ་གསུམ་རིམ་ཀྱིས་ཐིམ་ནས། ཧཱུྃ་འོད་དུ་ཡལ་སོང་བ་དང་། ཕྱག་རྒྱ་ཆེན་པོར་བཞག་གོ །ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབས་དག །དབང་བཞི་པ་ཐོབ་པོ།
།གཉིས་པ་ནི། གཏོར་མ། མགོན་པོ་དབྱེར་མེད་སྤྱི་བོ་ཐོག་ཏུ་བཞག་པས། ཧཱུྃ་ཡིག་ཆེམ་ཆེམ་འུར་འུར་བྱོན་ནས། སློབས་མའི་ནད་གདོན་ཐམས་ཅད་ཞལ་དུ་དམར་ཅི་རི་རི་གསོལ་བར་བསམ་མོ།
།གསུམ་པ་ནི། སློབ་དཔོན་རང་གིས། མགོན་པོ་ལ་གསོལ་བས་གདབ་པས། བཅོམ་ལྡན་འདི་ལ་རྩལ་ལགས་ཀྱི། །འདི་ལ་འགོའ་བར་མཛད་དུ་གསོལ། །ཞེས་ལན་གསུམ་བརྗོད་ནས། རང་མགོན་པོར་བསྒོམ་པའི་ཐུགས་ཀའི་ཧཱུྃ་ལས། རྩ་སྔགས་ཀྱིས་བསྐོར་བར་བསྒོམ་ནས། བཅོམ་ལྡན་བདག་ལ་རྩལ་ལགས་ཀྱིས། །བདག་ལ་འགོའ་བར་མཛད་དུ་གསོལ། །ཅེས་ལན་གསུམ་དང་། སྔགས་ཀྱི་རྗེས་ཟློས་བདུན་སློབས་མས་བྱས་པ་དང་། བླ་མའི་ཐུགས་ཁའི་རྩ་སྔགས་པད་ཆད་ནས། སློབས་མའི་སྙིང་ཀར་ཧཱུྃ་ལ་ཐིམ་པས། བླ་མ་དང་མགོན་པོའི་བྱིན་བརླབས་ཞུགས་པར་བསམ་མོ།
།གསུམ་པ་རྗེས་ནི། གཏོར་མ་དང་། ཚོགས་ཕུད་མགོན་པོ་ལ་དབུལ། ཚོགས་ལོངས་སྤྱད། དམ་ཚིག་པ་རང་ལ་བསྡུ། གཏོར་མ་བཏང་། བསྔོའ་བ་བྱའོ།
།གཏོར་དབང་བར་ཆད་ཀུན་སེལ་འདི། །བླ་མའི་གསུང་བཞིན་ཡི་གེར་བཀོད། །མཁའ་འགྲོ་ཆོས་སྐྱོང་བཟོད་པར་གསོལ། །དགེ་དེས་བྱང་ཆུབ་མྱུར་ཐོབ་ཤོག
།མགོན་པོའི་སློབ་མ་རྗེས་བཟུང་། གཞན་ཕན་གྱི་བློ་ཁོ་ནས་ཡིག་གེར་བཀོད་པ་འདི་རྫོགས་སོ།། ཤུ་བྷཾ།། | |
Latest revision as of 18:37, 29 July 2025
| Resource ID | BB204 |

| Title | mgon po'i gtor dbang |
| Topics | Initiation |
| Sub-Topics | Chadrupa |
| Notes | Very close to mgon po'i slob ma rjes 'dzin |
མགོན་པོའི་གཏོར་དབང་བཞུགས་སོ།།
།བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ།
།སྐད་ཅིག་ཉིད་ལ་དགྲ་བགེགས་ཐལ་བར་རློག །ཁམ་གསུམ་མ་ལུས་དབང་དུ་སྡུད་མཛད་ཅིང་། །བར་ཆད་སེལ་ཞིང་དངོས་གྲུབ་སྟེར་བ་ཡི། །ཕྱག་དྲུག་འཁོར་དང་བཅས་ལ་ཕྱག་འཚལ་ལོ།
།དེ་ལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་གཏོར་དབང་འདི་ལ་གསུམ་སྟེ། སྦྱོར་བ་དང་དངོས་གཞི་རྗེས་གསུམ་མོ།
།དང་པོ་ནི། མཎྜལ་གྲུ་གསུམ་འཐིང་ནག །མེ་རི་ཁྱམས་ཕྱོད་མཚོན་དང་བཅས་པ་ལ་ཧཱུྃ་བྲི། མེ་ཏོག་གི་ཚོམ་བུ་བཀོད། མན་འཇིལ་གྱི་སྟེང་དུ། མཎྜལ་དབུས་སུ་གཏོར་མ་བཟང་པོ་ལ་རྟེན་མདའ་དར་བཏག་པ་བཙུག་པ་དང་བཅས་པ་བཞག་གོ །མཆོད་པ་ལྔ་དང་། གཏོར་མ་འབྱོར་ཚད་ཀྱིས་བསྐོར། དེ་ནས་སློབ་མ་རྣམས་ཁྲུས་བྱས་ཏེ། གྲལ་ལ་འཁོད་པ་ལ། དལ་འབྱོར་རྙེད་དཀའ་བ། འཆི་བ་མི་རྟག་པ། འཁོར་བའི་ཉེས་དམིགས་དང་། མགོན་པོས་ཅི་ལྟར་ཐུགས་བསྐྱེད་ཚུལ་རྣམས་བཤད་ནས། སྐྱབས་འགྲོ་བྱ་བ་ནི། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་ཡིས། དུས་འདི་ནས་བཟུང་ནས། ཅི་སྲིད་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ། ཕྱོགས་བཅུའ་ན་བཞུགས་པའི་སངས་རྒྱས་ལ་སྐྱབས་སུ་མཆིའོ། འདྲེའོ། ཆོས་ལ། དགེ་འདུན་དང་། བླ་མ་དང་། ཡི་དམ་གྱི་ལྷ་དང་། ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་ལན་གསུམ་བརྗོད་པའི་རྗེས་ལ། སེམས་བསྐྱེད་རྒྱས་པ་ནས། ལམ་ཡན་ལག་ལྔ་རྫོགས་པར་བྱའོ།
།གཉིས་པ་ལ་གསུམ་སྟེ། སྐུ་གསུངས་ཐུགས་ཀྱི་སྒོ་ནས་བྱིན་བརླབས་དབབ་པ་དང་། ལྷ་དངོས་ཀྱི་སྒོ་ནས་དང་། རྗེས་གནང་སྦྱིན་པའོ།
།དང་པོ་ནི། གཏོར་མའི་སྟེང་དུ་ཧཱུྃ་ལས་དམ་ཚིག་པ་བསྐྱེད་ནས། རང་དང་མགོན་པོའི་སྔགས་ཀྱིས། ཐུགས་ཁའི་ཧཱུྃ་གཉིས་ལས་འོད་ཟེར་འཕྲོས་པས། ལྷོ་ཤར་འཚམས་ནས། ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ། གཡས་ན་དཔའ་བོ་བསམ་གྱིས་མི་ཁྱབ་པ། གཡོན་ན་དཔའ་མོ་བསམ་གྱིས་མི་ཁྱབ་པ། འཁོར་དམ་ཅན་རྒྱ་མཚོ་དང་བཅས་པ་ཐམས་ཅད། ནམ་མཁའ་ལ་ཚུར་ཌཱ་མ་རུ་དང་དྲིལ་བུ་གཡེར་ཀའི་སྒྲ་ཁྲོ་ལོ་ལོ། སི་ལི་ལི། འུ་རུ་རུ་བྱོན་ནས། ཛཿཧཱུྃ་བཾ་ཧོས། དམ་ཚིག་པ་ལ་བསྟིམ་མོ། །དེ་ནས་མགོན་པོའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱ་དམར་པོ། ཐུགས་ཀར་ཧཱུྃ་འཐིང་ནག་བསམ་མོ། །སློབ་མའི་གནས་གསུམ་དུ་ཡང་ཡི་གེ་དེ་གསུམ་བསམ་ནས། བདག་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་གདབ་པ་དང་། མགོན་པོའི་ཨོཾ་ལས་འོད་ཟེར་དཀར་པོ་བྱུང་། སློབ་མའི་དཔྲལ་བར་ཐིམ་པས། ལུས་ཀྱི་ནད་གདོན་སྡིག་སྒྲིབ་དག་ནས་བུམ་དབང་ཐོབ། ཨཱས་ངག་གི་སྡིགས་སྒྲིབས་དག །གསང་དབང་ཐོབ། ཧཱུྃ་གིས་ཡིད་ཀྱི་བསགས་པའི་སྡིག་སྒྲིབས་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པར་བསམ་མོ། །མགོན་པོའི་ཡི་གེ་གསུམ་ཆད་ནས། སློབ་མའི་ཡི་གེ་གསུམ་ལ་ཐིམ། སློབ་མའི་ཡི་གེ་གསུམ་རིམ་ཀྱིས་ཐིམ་ནས། ཧཱུྃ་འོད་དུ་ཡལ་སོང་བ་དང་། ཕྱག་རྒྱ་ཆེན་པོར་བཞག་གོ །ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབས་དག །དབང་བཞི་པ་ཐོབ་པོ།
།གཉིས་པ་ནི། གཏོར་མ། མགོན་པོ་དབྱེར་མེད་སྤྱི་བོ་ཐོག་ཏུ་བཞག་པས། ཧཱུྃ་ཡིག་ཆེམ་ཆེམ་འུར་འུར་བྱོན་ནས། སློབས་མའི་ནད་གདོན་ཐམས་ཅད་ཞལ་དུ་དམར་ཅི་རི་རི་གསོལ་བར་བསམ་མོ།
།གསུམ་པ་ནི། སློབ་དཔོན་རང་གིས། མགོན་པོ་ལ་གསོལ་བས་གདབ་པས། བཅོམ་ལྡན་འདི་ལ་རྩལ་ལགས་ཀྱི། །འདི་ལ་འགོའ་བར་མཛད་དུ་གསོལ། །ཞེས་ལན་གསུམ་བརྗོད་ནས། རང་མགོན་པོར་བསྒོམ་པའི་ཐུགས་ཀའི་ཧཱུྃ་ལས། རྩ་སྔགས་ཀྱིས་བསྐོར་བར་བསྒོམ་ནས། བཅོམ་ལྡན་བདག་ལ་རྩལ་ལགས་ཀྱིས། །བདག་ལ་འགོའ་བར་མཛད་དུ་གསོལ། །ཅེས་ལན་གསུམ་དང་། སྔགས་ཀྱི་རྗེས་ཟློས་བདུན་སློབས་མས་བྱས་པ་དང་། བླ་མའི་ཐུགས་ཁའི་རྩ་སྔགས་པད་ཆད་ནས། སློབས་མའི་སྙིང་ཀར་ཧཱུྃ་ལ་ཐིམ་པས། བླ་མ་དང་མགོན་པོའི་བྱིན་བརླབས་ཞུགས་པར་བསམ་མོ།
།གསུམ་པ་རྗེས་ནི། གཏོར་མ་དང་། ཚོགས་ཕུད་མགོན་པོ་ལ་དབུལ། ཚོགས་ལོངས་སྤྱད། དམ་ཚིག་པ་རང་ལ་བསྡུ། གཏོར་མ་བཏང་། བསྔོའ་བ་བྱའོ།
།གཏོར་དབང་བར་ཆད་ཀུན་སེལ་འདི། །བླ་མའི་གསུང་བཞིན་ཡི་གེར་བཀོད། །མཁའ་འགྲོ་ཆོས་སྐྱོང་བཟོད་པར་གསོལ། །དགེ་དེས་བྱང་ཆུབ་མྱུར་ཐོབ་ཤོག
།མགོན་པོའི་སློབ་མ་རྗེས་བཟུང་། གཞན་ཕན་གྱི་བློ་ཁོ་ནས་ཡིག་གེར་བཀོད་པ་འདི་རྫོགས་སོ།། ཤུ་བྷཾ།།