Difference between revisions of "Phyi nang gsang ba rten gyi man ngag"
(Created page with "{{Text |Text ID=BB2-20 }}") |
|||
| (6 intermediate revisions by the same user not shown) | |||
| Line 1: | Line 1: | ||
{{Text | {{Text | ||
| − | |Text ID= | + | |Text ID=BB220 |
| + | |Tibetan Title=ཕྱི་ནང་གསང་བ་རྟེན་གྱི་མན་ངག | ||
| + | |Wylie Title=phyi nang gsang rten gyi man ngag | ||
| + | |Subject=Chadrupa | ||
| + | |SubTopics=Supports | ||
}} | }} | ||
| + | <span class="main_text">༼ཕྱི་ནང་གསང་བ་རྟེན་གྱི་མན་ངག༽<br /><br />བླ་མ་དམ་པ་རིན་པོ་ཆེ་ལ་ཕྱག་འཚལ་ལོ།<br />།དཔལ་མགོན་པོའི་ཕྱི་རྟེན་གཡག་རོག་པོའི་དཔྲལ་བར་བསྙེན་སྔགས་བྲིས་ལ། འདི་ལ་ཁྱེད་ཀྱིས་ཆིབས་པ་མཛོད་གཅིག་བྱ། ནང་རྟེན་མདའ་བྱ་རྒོད་མ་བཟང་པོ་གཅིག་ལ་དར་ནག་པོ་ཁ་་གང་བཏག་ལ། དེ་ལ་རིན་པོ་ཆེ་སྣ་ལྔ་བསྡུས་ལ་རང་གི་མལ་སའི་ཐད་ཀར་བཙུག་ལ་བཞག་གོ །གསངས་བའི་རྟེན་ལ་སྐྱེ་བོ་དྲིར་ཤི་བའི་སྙིང་གི་ཤུབས་ལེགས་པར་བཤུས་ལ་བྱེ་མས་བརྒྱངས་ལ། སྙིངས་ལ་རྩ་གསུམ་ཡོད་པའི་དབུས་མའི་ནང་དུ་རིན་པོ་ཆེ་རྣམ་ལྔ་བླུགས། གཡས་སུ་སྨན་རྣམ་པ་ལྔ་བླུགས། གཡོན་དུ་འབྲུའ་རྣམ་པ་ལྔ་བླུག །གསེར་གྱིས་བྲིས་པའི་སྲོགས་སྔགས་དེའི་ནང་དུ་བཅུག་མཆན་ཁྱུང་གཡོན་དུ་གདགས་སོ། །ཉི་མ་ནུབས་ཕྱོགས་ནས་རྡོ་ནག་པོ་བླང་ཏེ། བསྙེན་སྔགས་བྲིས་ཏེ། བཛོད་ཕུགས་སུ་སྦས་ནས་བང་མཛོད་ཁྱེད་ཀྱིས་སྲུངས་གཅིག་བྱ། མགོན་པའི་གཏོར་གཏའ་འཛིན་ན། གཏོར་མའི་ནང་དུ་ཧཱུྃ་ནག་པོ་ལས་མགོན་པོ་དུས་རྟག་ཏུ་བཞུགས་པར་བསམས་ཏེ། ནུབ་ཐེ་ཤོད་གཏོར་མ་དུམ་རེ་བཅུག་ལ་བཞག །དགྲའ་བགེག་ཀྱི་གནོད་པ་བྱུང་ན། ཧཱུྃ་ནག་པོ་ལས་འོད་ཟེར་ནག་པོ་འཕྲོས་པས། དགྲའ་བགེགས་རང་དཔང་མེད་པར་བཀུག་ནས་གཏོར་མའི་ནང་དུ་གན་རྐྱལ་དུ་བསྐྱེལ་གྲི་གུག་གིས་གཏུབ་པས་ཤ་ཁྲག་དམར་ཆིལ་ཆིལ་གསོལ་བར་བསམ། སྲི་དུ་གསོའ་ན་གདམས་ངག་གིས་གསོའ་བ་ཡིན་གསུང་། ཨྀཐི།།</span> | ||
Latest revision as of 14:31, 6 August 2025
| Resource ID | BB220 |
|---|---|
| Title | phyi nang gsang rten gyi man ngag |
| Topics | Chadrupa |
| Sub-Topics | Supports |
༼ཕྱི་ནང་གསང་བ་རྟེན་གྱི་མན་ངག༽
བླ་མ་དམ་པ་རིན་པོ་ཆེ་ལ་ཕྱག་འཚལ་ལོ།
།དཔལ་མགོན་པོའི་ཕྱི་རྟེན་གཡག་རོག་པོའི་དཔྲལ་བར་བསྙེན་སྔགས་བྲིས་ལ། འདི་ལ་ཁྱེད་ཀྱིས་ཆིབས་པ་མཛོད་གཅིག་བྱ། ནང་རྟེན་མདའ་བྱ་རྒོད་མ་བཟང་པོ་གཅིག་ལ་དར་ནག་པོ་ཁ་་གང་བཏག་ལ། དེ་ལ་རིན་པོ་ཆེ་སྣ་ལྔ་བསྡུས་ལ་རང་གི་མལ་སའི་ཐད་ཀར་བཙུག་ལ་བཞག་གོ །གསངས་བའི་རྟེན་ལ་སྐྱེ་བོ་དྲིར་ཤི་བའི་སྙིང་གི་ཤུབས་ལེགས་པར་བཤུས་ལ་བྱེ་མས་བརྒྱངས་ལ། སྙིངས་ལ་རྩ་གསུམ་ཡོད་པའི་དབུས་མའི་ནང་དུ་རིན་པོ་ཆེ་རྣམ་ལྔ་བླུགས། གཡས་སུ་སྨན་རྣམ་པ་ལྔ་བླུགས། གཡོན་དུ་འབྲུའ་རྣམ་པ་ལྔ་བླུག །གསེར་གྱིས་བྲིས་པའི་སྲོགས་སྔགས་དེའི་ནང་དུ་བཅུག་མཆན་ཁྱུང་གཡོན་དུ་གདགས་སོ། །ཉི་མ་ནུབས་ཕྱོགས་ནས་རྡོ་ནག་པོ་བླང་ཏེ། བསྙེན་སྔགས་བྲིས་ཏེ། བཛོད་ཕུགས་སུ་སྦས་ནས་བང་མཛོད་ཁྱེད་ཀྱིས་སྲུངས་གཅིག་བྱ། མགོན་པའི་གཏོར་གཏའ་འཛིན་ན། གཏོར་མའི་ནང་དུ་ཧཱུྃ་ནག་པོ་ལས་མགོན་པོ་དུས་རྟག་ཏུ་བཞུགས་པར་བསམས་ཏེ། ནུབ་ཐེ་ཤོད་གཏོར་མ་དུམ་རེ་བཅུག་ལ་བཞག །དགྲའ་བགེག་ཀྱི་གནོད་པ་བྱུང་ན། ཧཱུྃ་ནག་པོ་ལས་འོད་ཟེར་ནག་པོ་འཕྲོས་པས། དགྲའ་བགེགས་རང་དཔང་མེད་པར་བཀུག་ནས་གཏོར་མའི་ནང་དུ་གན་རྐྱལ་དུ་བསྐྱེལ་གྲི་གུག་གིས་གཏུབ་པས་ཤ་ཁྲག་དམར་ཆིལ་ཆིལ་གསོལ་བར་བསམ། སྲི་དུ་གསོའ་ན་གདམས་ངག་གིས་གསོའ་བ་ཡིན་གསུང་། ཨྀཐི།།
