Difference between revisions of "Mkha' 'gro 'bum bskul"

From Shangpa Resource Center

(5 intermediate revisions by the same user not shown)
Line 1: Line 1:

{{Text

{{Text
|Text ID=BB2-8

|Text ID=BB208

|Tibetan Title=མཁའ་འགྲོ་འབུམ་བསྐུལ།

|Tibetan Title=མཁའ་འགྲོ་འབུམ་བསྐུལ།
|Wylie Title=ye shes mgon po'i mkha' 'gro 'bum bskul

|Wylie Title=ye shes mgon po'i mkha' 'gro 'bum bskul d+ha na saM skr-i tas mdzad pa

|Subject=Chadrupa

|Subject=Chadrupa

|SubTopics=Various

|SubTopics=Various

|Author=Dhanasamskrita

|Author=Dhanasamskrita

TO INPUT
༼མཁའ་འགྲོ་འབུམ་བསྐུལ།༽

མྱུར་མཛད་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ།
།ཧཱུྃ་ཆོས་སྐུ་སྤངས་པའི་དཀྱིལ་འཁོར་དུ། །ས་བཅུའི་དབང་ཕྱུག་མགོན་པོ་ཡི། །གནས་ལ་ངེས་པ་མ་འཆིས་ཀྱང་། །སེམས་ཅན་སོ་སོའི་སྣང་ངོ་ལ། །རྡོ་རྗེ་གདན་གྱི་ལྷོའི་ཕྱོགས། །དུར་ཁྲོད་ཆེན་པོ་བསིལ་བའི་ཚལ། །འཇིགས་སུ་རུང་བའི་གནས་མཆོག་ན། །གཤིན་རྗེའི་ངར་སྐད་དི་རི་རི། །མ་མོའི་བཤུགས་གླུ་ཚེ་རེ་རེ། །ལྷ་འདྲེའི་དམག་ཚོགས་ཉོ་ལོ་ལོ། །ཞུབས་ཅན་རྔ་ཁྲབ་སི་ལི་ལི། །རོ་ལང་གད་རྒྱངས་དིང་སེ་དིང་། །་་་
་་་ །ལྟོ་འཕྱེ་སྡེ་བརྒྱད་རང་རང་གིས། །བྲན་འཁོར་ས་ཡ་བྱེ་བ་ཡིས། །འཇིགས་པའི་གད་མོས་ས་གཞི་གཡོའ།
།དེ་ལྟ་བུའི་གནས་མཆོག་ཆེན་པོ་ན། །ཨེ་ཀློང་ཆོས་འབྱུང་གྲུ་གསུམ་འབར་བའི་དབུས། །་་་
་་་ །འདིར་བཤམ་མཆོད་སྤྲིན་རྒྱ་མཚོའི་ཚོགས་བཞེས་ལ། །རྣལ་འབྱོར་བཅོལ་པའི་འཕྲིན་ལས་འགྲུབ་པར་མཛོད། །མཆོག་དང་ཐུན་མོང་དངོས་གྲུབ་རྩལ་དུ་གསོལ།
།ཡེ་ཤེས་མགོན་པོའི་མཁའ་འགྲོ་འབུམ་བསྐུལ་[[Dhanasamskrita|དྷ་ན་སང་ཀྲི་ཏ]]ས་མཛད་པ། རྫོགས་སོ།

༼མཁའ་འགྲོ་འབུམ་བསྐུལ།༽

མྱུར་མཛད་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ།
།ཧཱུྃ་ཆོས་སྐུ་སྤངས་པའི་དཀྱིལ་འཁོར་དུ། །ས་བཅུའི་དབང་ཕྱུག་མགོན་པོ་ཡི། །གནས་ལ་ངེས་པ་མ་མཆིས་ཀྱང་། །སེམས་ཅན་སོ་སོའི་སྣང་ངོ་ལ། །རྡོ་རྗེ་གདན་གྱི་ལྷོའི་ཕྱོགས། །དུར་ཁྲོད་ཆེན་པོ་བསིལ་བའི་ཚལ། །འཇིགས་སུ་རུང་བའི་གནས་མཆོག་ན། །གཤིན་རྗེའི་ངར་སྐད་དི་རི་རི། །མ་མོའི་བཤུགས་གླུ་ཚེ་རེ་རེ། །ལྷ་འདྲེའི་དམག་ཚོགས་ཉོ་ལོ་ལོ། །ཞུབས་ཅན་རྔ་ཁྲབ་སི་ལི་ལི། །རོ་ལང་གད་རྒྱངས་དིང་སེ་དིང་། །ལྕེ་སྤྱང་ངུ་འབོད་ལྷངས་སེ་ལྷང་། །ཤ་ཟའི་ངར་སྐད་དི་རི་རི། །མཁའ་ལྡིང་རྐན་གཤོག་ཁྲ་ལ་ལ་། །མཁའ་འགྲོའི་བརྡའ་སྐད་ཙེ་རེ་རེ། །དཔའ་བོའི་ཧཱུྃ་སྒྲ་དི་རི་རི། །དཔའ་མོའི་ཕགས་སྒྲ་ཆེམས་སེ་ཆེན། །གྱིང་ཕོ་མཚོན་ཐོག་ཟིང་སེ་ཟིང་། །གྱིང་མོ་མཚོན་ཐོག་ཤ་ར་ར། །རིག་འཛིན་ཆོས་ཀླུ་ཀྱུ་རུ་རུ། །རག་ཏའི་ཨ་རྒ་ཀྱི་ལི་ལི། །ཤ་ཏྲའི་ཞབས་བསིལ་མེ་རེ་རེ། །སྒོ་ལྔའི་མེ་ཏོག་ཐོ་ལོ་ལོ། །གསུར་ཆེན་བདུག་སྤོས་ཆི་ལི་ལི། །ཚིལ་ཆེན་བདུག་སྤོས་ལྷབས་སེ་ལྷབ། །ཚུལ་ཁྲིམས་དྲི་བཟང་སངས་སེ་སངས། །ཙི་ཏའི་ཞལ་ཟས་རི་ལི་ལི། །རྐང་དུ་ཐོད་རྔ་ཁྲ་ལ་ལ། །མི་རྐང་གླིང་བུ་ཀྱུ་རུ་རུ། །ཕོ་བདུད་བྲོ་བརྡུངས་ཆེམས་སེ་ཆེམ། །མོ་བདུད་ཤོན་སྐོར་སྒོ་རོ་རོ། །འཇིགས་པའི་མུན་ནག་ཐིབས་སེ་ཐིབ། །གློག་ཆེན་འོད་འབར་ཁྱུགས་སེ་ཁྱུག །དྲག་པོའི་འབྲུག་སྒྲ་ཆེམས་སེ་ཆེམ། །གནམ་ལྕག་སེར་ཆེན་ཤ་ར་ར།
།ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང་། །ལྷ་མིན་མཁའ་ལྡིང་མིའམ་ཅི། །ལྟོ་འཕྱེ་སྡེ་བརྒྱད་རང་རང་གིས། །བྲན་འཁོར་ས་ཡ་བྱེ་བ་ཡིས། །འཇིགས་པའི་གད་མོས་ས་གཞི་གཡོའ།
།དེ་ལྟ་བུའི་གནས་མཆོག་ཆེན་པོ་ན། །ཨེ་ཀློང་ཆོས་འབྱུང་གྲུ་གསུམ་འབར་བའི་དབུས། །འཁོར་བའི་སྐྱོན་བྲལ་པད་མ་འདབ་སྟོང་ལྡན། །དེ་སྟེངས་ཤེས་རབ་ངོ་བོ་ཉི་མའི་གདན། །ཐབས་ཀྱི་རང་བཞིན་ཟླ་བའི་ཁྲི་སྟེངས་སུ། །བགེག་རྒྱལ་བི་ན་ཡ་ཀ་བསྣོལ་བའི་སྟེང་།
།ཁྲོ་རྒྱལ་མ་ཧཱ་ཀཱ་ལ་ཕྱག་དྲུག་པ། །སྐུ་ནི་རི་རབ་ལྷུན་པོ་ལྟ་བུར་བརྗིད། །ཙན་དྷན་ནག་ཚལ་རྒྱས་པའི་དབུས་ན་བཞུགས། །ཆོས་ཉིད་མི་འགྱུར་སྐུ་མདོག་མཐིང་ནག་ལ། །དགྲ་བགེག་འདུལ་ཕྱིར་བསྐལ་པའི་མེ་དཔུང་འབར། །ཕྱག་དྲུག་གཡས་ཀྱི་དང་པོ་གྲི་གུག་ལས། །ཉོན་མོངས་རྩད་ནས་གཅོད་པའི་མཁའ་འགྲོ་འབུམ། །བར་པ་ཐོད་པའི་ཕྲེང་བ་ཉེད་པ་ལས། །སེམས་ཅན་མི་བརྗེད་འདྲེན་པའི་མཁའ་འགྲོ་འབུམ། །ཐ་མ་ཅང་ཏེལ་དྲག་ཏུ་འཁྲོལ་བ་ལས། །ཆོས་ཀྱི་སྒྲ་ཆེན་སྒྲོགས་པའི་མཁའ་འགྲོ་འབུམ། །གཡོན་གྱི་དང་པོས་ཐོད་ཁྲག་བསྣམས་པ་ལས། །དམ་ཉམས་ཤ་ཁྲག་རེལ་པའི་མཁའ་འགྲོ་འབུམ། །བར་པ་མདུང་རྩེ་གསུམ་པ་འཛིན་པ་ལས། །དུག་གསུམ་རྩད་ནས་གཅོད་པའི་མཁའ་འགྲོ་འབུམ། །ཐ་མ་རྫུ་འཕྲུལ་ཞག་པ་བསྣམས་པ་ལས། །སེམས་ཅན་འཅིངས་པ་དགྲོལ་བའི་མཁའ་འགྲོ་འབུམ། །ཞལ་གདངས་མཆེའ་བ་གཅིག་ཤིང་རྔམ་པ་ལས། །དམ་ཉམས་ཤ་ཁྲག་རོལ་པའི་མཁའ་འགྲོ་འབུམ། །སྤྱན་གསུམ་མེ་ལྟར་འབར་ཞིང་བསྒྲད་པ་ལས། །ཁམས་གསུམ་ཟིལ་གྱིས་གནོན་པའི་མཁའ་འགྲོ་འབུམ། །སྨིན་འཚམས་ཁྲོ་གཉེར་དྲག་པོར་འཁྲིག་པ་ལས། །འཁོར་བ་རྒྱུད་དྲུག་ཚར་གཅོད་མཁའ་འགྲོ་འབུམ། །ཤང་ཀྱི་འཐོར་རླུང་དྲག་པོའི་འོད་ཟེར་ལས། །དགྲ་བགེག་བསྐྱོད་པར་བྱེད་པའི་མཁའ་འགྲོ་འབུམ། །དཔྲལ་བ་སིན་དྷུ་ར་ཡིས་མཚན་པ་ལས། །སྣང་སྲིད་དབང་དུ་སྡུད་པའི་མཁའ་འགྲོ་འབུམ། །སྤྱི་བོ་མི་སྐྱོད་པ་ཡིས་བརྒྱན་པ་ལས། །དབང་བཞི་རྫོགས་པར་བསྐུར་བའི་མཁའ་འགྲོ་འབུམ། །ཀོ་རློན་གཡང་བཞི་སྟག་གི་པགས་པ་ལས། །བཀྲ་ཤིས་དགེ་ལེགས་བདེ་སྟེར་མཁའ་འགྲོ་འབུམ། །ལྟོ་འགྲོས་སྦྲུལ་རིག་ལྔ་ཡིས་བརྒྱན་པ་ལས། །གདུག་པའི་ཀླུ་ཚོགས་འདུལ་མཛད་མཁའ་འགྲོ་འབུམ། །སྐམ་རློན་ཐོད་རུས་རིན་ཆེན་རྒྱན་ཚོགས་ལས། དཔའ་བརྗིད་མཚན་དཔེའི་མཆོག་རྩོལ་མཁའ་འགྲོ་འབུམ། །ཐལ་ཆེན་རག་ཏ་ཞག་གི་ཟོ་རིས་ལས། །ཁམ་གསུམ་དབང་བསྒྱུར་བྲན་འཁོལ་མཁའ་འགྲོ་འབུམ། །ཆོས་སྐུ་དབྱིངས་དང་རིག་པ་དབྱེར་མེད་ལས། །མཆོག་གིས་རིག་འཛིན་བརྙེས་པའི་མཁའ་འགྲོ་འབུམ། །བདེ་ཆེན་ལོང་སྐུ་བསྒྲིབ་བྲལ་འོད་གཟུགས་ལས། འཕྲོའ་འདུ་སྔགས་ཀྱི་འོད་ལྡན་མཁའ་འགྲོ་འབུམ། །སྤྲུལ་སྐུ་སྣང་སྲིད་སྣོད་བཅུད་ཀུན་ཁྱབ་ཏུ། །སྣ་ཚོགས་འགྲོ་བ་འདུལ་བའི་མཁའ་འགྲོ་འབུམ།
།ཞི་བྱེད་དཔྲལ་བའི་ཨོཾ་དཀར་འོད་འཕྲོ་ལས། །སྐུའི་རྡོ་རྗེ་མཁའ་འགྲོ་ཀར་མོ་འབུམ། །དབང་བྱེད་མགྲིན་པའི་ཨཱཿདམར་འོད་འཕྲོ་ལས། །གསུང་གི་རྡོ་རྗེ་མཁའ་འགྲོ་དམར་མོ་འབུམ། །དྲག་བྱེད་སྙིང་ཁའི་ཧཱུྃ་འཐིང་འོད་འཕྲོ་ལས། །ཐུགས་ཀྱི་རྡོ་རྗེ་མཁའ་འགྲོ་འཐིང་སྔོན་འབུམ། །རྒྱས་བྱེད་ལྟེ་བའི་ས་སེར་འོད་འཕྲོ་ལས། །ཡོན་ཏན་རྡོ་རྗེ་མཁའ་འགྲོ་སེར་མོ་འབུམ། །ཀུན་འགྲུབ་གསང་བའི་ཧཱ་ལྗང་འོད་འབར་ལས། །འཕྲིལ་ལས་རྡོ་རྗེའི་མཁའ་འགྲོ་ལྗང་ཀུ་འབུམ།
།ཤ་རུས་ཁྲག་སོགས་དག་པའི་ངོ་བོ་ནི། །ཐིག་ལེ་སྔགས་ཀྱི་ཡིག་འབྲུའི་མཁའ་འགྲོ་འབུམ། །སྲ་མཁྲེག་ལྤག་པ་དག་པའི་ངོ་བོ་ནི། །ཁྲོ་བདག་ཡེ་ཤེས་ལྷ་ཚོགས་མཁའ་འགྲོ་འབུམ། །རྡོ་རྗེ་བ་སྤུ་འཕྲོའ་འདུའི་འོད་ཟེར་ཅན། །འཇིག་རྟེན་དྲེགས་པའི་ཚུལ་འཆང་མཁའ་འགྲོ་འབུམ། །འདིར་བཤམ་མཆོད་སྤྲིན་རྒྱ་མཚོའི་ཚོགས་བཞེས་ལ། །རྣལ་འབྱོར་བཅོལ་པའི་འཕྲིན་ལས་འགྲུབ་པར་མཛོད། །མཆོག་དང་ཐུན་མོང་དངོས་གྲུབ་རྩལ་དུ་གསོལ།

Latest revision as of 16:06, 2 August 2025

Resource ID BB208
Title ye shes mgon po'i mkha' 'gro 'bum bskul d+ha na saM skr-i tas mdzad pa
Topics Chadrupa
Sub-Topics Various
Author Dhanasamskrita

།ཡེ་ཤེས་མགོན་པོའི་མཁའ་འགྲོ་འབུམ་བསྐུལ་དྷ་ན་སང་ཀྲི་ཏས་མཛད་པ། རྫོགས་སོ།