Difference between revisions of "Gnas khang bsil ba'i tshal gyi dur khrod ltar bya ba'i man ngag thun mong ma yin pa'i rten bca' thabs chig brgyud ma"

From Shangpa Resource Center
Line 7: Line 7:

|BDRC link=[https://www.tbrc.org/#library_work_ViewByOutline-O01DG1049095422%7CW23922 BDRC W23922]
[http://purl.bdrc.io/resource/WA00KG09215 WA00KG09215 (p.298)]

༈ ཕི༽ གནས་ཁང་བསིལ་བའི་ཚལ་གྱི་དུར་ཁྲོད་ལྟར་བྱ་བའི་མན་ངག་ཐུན་མོང་མ་ཡིན་པའི་རྟེན་བཅའ་ཐབས་ཆིག་རྒྱུད་མ་བཞུགས་སོ།།
༈ ༼ཟུ༽ ན་མོ་མ་ཧཱ་ཀཱ་ལ།
ཐུན་མོང་མ་ཡིན་པའི་རྟེན་བཅའ་བ་ནི། རོ་རས་སམ། རོ་ལ་བཀབ་པའི་དར་ལ་མགོན་པོ་འཁོར་དང་བཅས་པའི་མན་ངག་ལོགས་ན་ཡོད་པ་བཞིན་ལེགས་པར་བྲིས་ནས། རབ་གནས་མན་ངག་ལོགས་ན་ཡོད་པ་ལྟར་བྱས། མིས་མ་མཐོང་བའི་ས་དབེན་པར་བཞུགས་པའི་མདུན་དུ་རྟེན་གཏོར་ལ་ནང་བརྟེན་གྱི་མདའ་དར་གཙུགས་པ་བཞག སྐྱེས་པ་དར་མ་གྲིར་བསད་པའི་སྙིང་གི་རྩ་གསུམ་དུ་རྩ་སྔགས་དང་སྔགས་རིང་གྲི་ཁྲག་གི་བྲིས་པ་དང་། རིན་པོ་ཆེ་སྣ་ལྔ་ལ་སོགས་པ་བཙུགས། ཁྱད་པར་རཀྵ་གདོང་གསུམ་མིག་མ་ཕུབ་པ་ལ་གྲི་ཁྲག་གིས་བྲིས་པ་བཅུག དེ་དང་བྱ་རོག་གི་སྙིང་། ལུག་ནག་གི་སྙིང་གསུམ་ལྷན་ཅིག་ཏུ་དར་ནག་པོས་དྲིལ་ཏེ། གྲི་ཐོད་དམ་མེད་ན་ཐོད་པ་མཚན་ལྡན་གས་ཆག་མེད་པ། ནང་གྲི་ཁྲག་གིས་བྱུགས་པ་གཉིས་མེ་ཏོག་ནག་པོས་བཀང་། ནང་ནས་མདུན་རྒྱབ་ཐད་དཀར་འོང་བར་བྱས་ནས་ཁ་སྦྱར་བའི་ནང་དུ་བཅུག དེ་དར་དམར་པོས་མི་འ ཆུག་པར་བསྡམས་ལ། དེ་མགོན་པོར་བསྐྱེད། ཡེ་ཤེས་པ་བཅུག བརྟན་བཞུགས་བྱས་ནས། ཐད་ཀ་དང་གཏོར་མའི་བར་དུ་སྟེགས་བུ་བསྟན་པོ་ལ་བཞག སྟེང་ནས་དར་ནག་གི་གུར་ཕུབ། གྲི་ལྕགས་ལས་གྲི་གུག་རྡོ་རྗེ་ཕྱེད་མའི་ཡུ་བ་བྱས་ནས། ཡུ་བའི་ལྟེ་བ་ལྟ་གྲི་ཁྲག་གིས་ཧཱུྃ་བྲི། སོ་ལ་སྔགས་ཐུང་དགྲ་བགེགས་མཱ་ར་ཡའི་སྤེལ་ཚིག་དང་བཅས་པ་བྲི། སོ་དང་ཡུ་བའི་མཚམས་སུ་དར་ནག་པོའི་ལྕེའུ་ཆུང་གསུམ་གདགས། དེ་མགོན་པོར་བསྐྱེད་ལ་རབ་གནས་བྱས་ཏེ་དྲི་བཟང་པོས་བགོས་པའི་ཤུབས་སུ་བཅུག་ནས་ཐོད་པའི་གའུ་དང་ལྷན་ཅིག་བཞག ཡང་མགོན་པོའི་སྐུ་ཙཀ་ལི་གསེར་གྱི་བྲིས་པའམ། ཡང་ན་རིན་པོ་ཆེ་ལས་བཞེངས་པའི་སྐུ་ལུགས་མ་སོགས་རྒྱས་པའི་སྤེལ་ཚིག་དང་བཅས་པའི་སྔགས་ཐུང་གི་གཟུངས་དང་བཅས་པ་ལ་རབ་གནས་མན་ངག་ལྟར་བྱས་ཏེ་བྱང་ཆུབ་ཆེན་པོའི་མཆོད་རྟེན་སེར་པོ་བྱས་པའི་བུམ་པ་མེ་ཏོག་སེར་པོས་བཀང་བའི་ནང་དུ་བཞུགས་སུ་བཅུག དར་སེར་པོ་གསར་པ་ལ་སྔགས་ཐུང་རྒྱས་པའི་སྤེལ་ཚིག་དང་བཅས་པ་མང་དུ་བྲིས་པས་གདུགས་བྱ། གདུགས་དེ་ལ་མེ་ཏོག་སེར་པོའི་ཕྲེང་བ་བཏགས། མཆོད་རྟེན་དེ་བྲིས་སྐུའི་གཡས་ངོས་སུ་བཞུགས། རྟེན་དེ་དག་གི་མདུན་དུ་མཆོད་གཏོར་ནུབ་རེ་བཞིན་འབུལ་བ་མ་ཆད་པར་བྱའོ། །དེ་ལྟར་བྱས་ན་གནས་དེ་བསིལ་བའི་ཚལ་གྱི་དུར་ཁྲོད་དང་འདྲ་བར་མགོན་པོ་འཁོར་བཅས་རྒྱུན་དུ་གནས་ནས་ལས་ཐམས་ཅད་མ་བཅོལ་ཡང་བྱེད་པར་འགྱུར་རོ། །གནད་འདི་ཆིག་བརྒྱུད་མིན་པ་སྟེར་བའི་ལུགས་མེད་གསུངས་ནས་ཆེས་དམ་པར་མཛད། གཞན་སུ་ལ་ཡང་མི་འདུག་གོ
།གུ་ཧྱ་ས་མ་ཡ། ཨྀཐིཿ

༈ ཕི༽ གནས་ཁང་བསིལ་བའི་ཚལ་གྱི་དུར་ཁྲོད་ལྟར་བྱ་བའི་མན་ངག་ཐུན་མོང་མ་ཡིན་པའི་རྟེན་བཅའ་ཐབས་ཆིག་རྒྱུད་མ་བཞུགས་སོ།།
༈ ༼ཟུ༽ ན་མོ་མ་ཧཱ་ཀཱ་ལ་ཡ།
ཐུན་མོང་མ་ཡིན་པའི་རྟེན་བཅའ་བ་ནི། རོ་རས་སམ། རོ་ལ་བཀབ་པའི་ར་ལ་མགོན་པོ་འཁོར་དང་བཅས་པ་མན་ངག་ལོགས་ན་ཡོད་པ་བཞིན་ལེགས་པར་བྲིས་ནས། རབ་གནས་མན་ངག་ལོགས་ན་ཡོད་པ་ལྟར་བྱས། མིས་མ་མཐོང་བའི་ས་དབེན་པར་བཞུགས་པའི་མདུན་དུ་བརྟེན་གཏོར་ལ་ནང་བརྟེན་གྱི་མདའ་གཙུགས་པ་བཞག །སྐྱེས་པ་དར་མ་གྲིར་བསད་པའི་སྙིང་གི་རྩ་གསུམ་དུ་རྩ་སྔགས་དང་སྔགས་རིངས་གྲི་ཁྲག་གི་བྲིས་པ་དང་། རིན་པོ་ཆེ་སྣ་ལྔ་ལ་སོགས་པ་བཅུག །ཁྱད་པར་རཀྵ་གདོང་གསུམ་མིག་མ་ཕུབ་པ་ལ་གྲི་ཁྲག་གིས་བྲིས་པ་བཅུག །དེ་དང་བྱ་རོག་གི་སྙིང་། ལུག་ནག་གི་སྙིང་གསུམ་ལྷན་གཅིག་ཏུ་དར་ནག་པོས་དྲིལ་ཏེ། གྲི་ཐོད་དམ། མེད་ན་ཐོད་པ་མཚན་ལྡན་གས་ཆག་མེད་པ། ནང་གྲི་ཁྲག་གིས་བྱུགས་པ་གཉིས་མེ་ཏོག་ནག་པོས་བཀང་། ནང་ནས་མདུན་རྒྱབ་ཐད་དཀར་འོང་བར་བྱས་ནས་ཁ་སྦྱར་བའི་ནང་དུ་བཅུག །དེ་དར་དམར་པོས་མི་ཆུག་པར་བསྡམས་ལ། དེ་མགོན་པོར་བསྐྱེད། ཡེ་ཤེས་པ་བཅུག །བརྟན་བཞུགས་བྱས་ནས། ཐད་ཀ་དང་གཏོར་མའི་བར་དུ་སྟེགས་བུ་བསྟན་པོ་ལ་བཞག །སྟེང་ནས་དར་ནག་གི་གུར་ཕུབ། གྲི་ལྕགས་ལས་གྲི་གུག་རྡོ་རྗེ་ཕྱེད་མའི་ཡུ་བ་༼ཅན་༽བྱས། ཡུ་བའི་ལྟེ་བ་ལྟ་གྲི་ཁྲག་གིས་ཧཱུྃ་བྲི། སོ་ལ་སྔགས་ཐུང་དགྲ་བགེགས་མཱ་ར་ཡའི་སྤེལ་ཚིག་དང་བཅས་པ་བྲི། སོ་དང་ཡུ་བའི་མཚམས་སུ་དར་ནག་པོའི་ལྕེའུ་ཆུང་གསུམ་གདགས། དེ་མགོན་པོར་བསྐྱེད་ལ་རབ་གནས་བྱས་ཏེ་དྲི་བཟང་པོས་བགོས་པའི་ཤུབས་སུ་བཅུག་ནས་ཐོད་པའི་གའུ་དང་ལྷན་གཅིག་བཞག །ཡང་མགོན་པོའི་སྐུ་ཙ་ཀ་ལི་གསེར་གྱི་བྲིས་པའམ། ཡང་ན་རིན་པོ་ཆེ་ལས་བཞེངས་པའི་སྐུ་ལུགས་མ་སོགས་རྒྱས་པའི་སྤེལ་ཚིག་དང་བཅས་པའི་སྔགས་ཐུང་༼གང་ཤོང་༽གི་གཟུངས་དང་བཅས་པ་ལ་རབ་གནས་མན་ངག་ལྟར་བྱས་ཏེ་བྱང་ཆུབ་ཆེན་པོའི་མཆོད་རྟེན་སེར་པོ་བྱས་པའི་བུམ་པ་མེ་ཏོག་སེར་པོས་བཀང་བའི་ནང་དུ་བཞུགས་སུ་བཅུག །དར་སེར་པོ་གསར་པ་ལ་སྔགས་ཐུང་རྒྱས་པའི་སྤེལ་ཚིག་དང་བཅས་པ་མང་དུ་བྲིས་པས་གདུགས་བྱ། གདུགས་དེ་ལ་མེ་ཏོག་སེར་པོའི་ཕྲེང་བ་བཏགས། མཆོད་རྟེན་དེ་བྲིས་སྐུའི་གཡས་ལོགས་སུ་བཞུགས། རྟེན་དེ་དག་གི་མདུན་དུ་མཆོད་གཏོར་ནུབ་རེ་བཞིན་འབུལ་བ་མ་འཆད་པར་བྱའོ། །དེ་ལྟར་བྱས་ན་གནས་དེ་བསིལ་བའི་ཚལ་གྱི་དུར་ཁྲོད་དང་འདྲ་བར་མགོན་པོ་འཁོར་བཅས་རྒྱུན་དུ་གནས་ནས་ལས་ཐམས་ཅད་མ་བཅོལ་ཡང་བྱེད་པར་འགྱུར་རོ། །གནད་འདི་ཆིག་རྒྱུད་མིན་པ་སྟེར་བའི་ལུགས་མེད་གསུངས་ནས་ཆེས་དམ་པར་མཛད། གཞན་སུ་ལ་ཡང་མི་འདུག་གོ
།གུ་ཧྱ་ས་མ་ཡ། ཨྀཐིཿ

Revision as of 14:48, 3 February 2025

Resource ID SCv11p787
Title gnas khang bsil ba'i tshal gyi dur khrod ltar bya ba'i man ngag thun mong ma yin pa'i rten bca' thabs chig brgyud ma
Topics Chadrupa
Sub-Topics Various
Link BDRC W23922
WA00KG09215 (p.298)