Difference between revisions of "Mkha' 'gro dbang du bsdud cing gnod sbyin thams cad gnas nas bskul ba'i gnad 'bebs yid bzhin nor bu dang bcas pa"
| Line 8: | Line 8: | ||
|BDRC link=[https://www.tbrc.org/#library_work_ViewByOutline-O01DG1049095458%7CW23922 BDRC W23922]
[https://www.tbrc.org/#!rid=W3CN18508 BDRC W3CN18508 (v3p.100)]
[http://purl.bdrc.io/resource/WA00KG09215 WA00KG09215 (p.361)] | |BDRC link=[https://www.tbrc.org/#library_work_ViewByOutline-O01DG1049095458%7CW23922 BDRC W23922]
[https://www.tbrc.org/#!rid=W3CN18508 BDRC W3CN18508 (v3p.100)]
[http://purl.bdrc.io/resource/WA00KG09215 WA00KG09215 (p.361)] | ||

| − | ༈ མཁའ་འགྲོ་དབང་དུ་བསྡུད་ཅིང་གནོད་སྦྱིན་ཐམས་ཅད་གནས་ནས་བསྐུལ་བའི་གནད་འབེབས་ཡིད་བཞིན་ནོར་བུ་དང་བཅས་པ་བཞུགས་སོ།།
༈ ༼ལེ༽ བླ་མ་ཡེ་ཤེས་མགོན་པོ་ཡིས། །མཁའ་འགྲོ་ཐམས་ཅད་དབང་བསྡུད་ཅིང་། །གནོད་སྦྱིན་ཐམས་ཅད་གནད་ནས་བསྐུལ། །མ་ནོར་སྔགས་རྣམས་གདམས་པར་བྱ།
།གཙོ་བོ་མགོན་པོའི་གཡས་སུ་ཀྵེ་ཏྲ་པཱ་ལ་སྨུག་ནག་དོམ་ལ་ཞོན་པ། ཕྱག་གཡས་གྲི་གུག །གཡོན་ཐོད་པ། སྐྲ་གྱེན་དུ་བརྫེས་པ། སྤྱན་གསུམ་པ། ཁ་གདངས་པ། མཆེ་བ་གཙིགས་པ། གནོད་སྦྱིན་དཔག་ཏུ་མེད་པས་བསྐོར་བར་བསམ། གཡོན་དུ་རེ་མ་ཏི་དྲིའུ་ལ་ཞོན་པ། མདོག་ནག་མོ། ཁ་གདངས་པ་མཆེ་བ་གཙིགས་པ། གཡས་ཁྲམ་ཤིང་དང་གཡོན་ནད་རྐྱལ་ཐོགས་པ། མ་མོ་དཔག་ཏུ་མེད་པས་བསྐོར་བར་བསམ། གནོད་སྦྱིན་༼གཞན་༽གསུམ་ཡང་གཞུང་བཞིན་༼བསམ༽། ཕྱོགས་སྐྱོང་བཅུ། གཙང་རིགས་མགོན་པོ་བདུན་བཅུ། དམ་ཅན་རྒྱ་མཚོ་དང་བཅས་པ་བསྐྱེད་དོ། །དེ་རྣམས་ལ་ཡེ་ཤེས་པ་གཞུག །དེ་ནས་མགོན་པོའི་སྤྱི་བོར་བླ་མ་སྐུ་མདོག་དམར་པོ་གཡས་ཌཱ་མ་རུ། གཡོན་དྲིལ་བུ་ཐོགས་པ་གཅིག་བསམ། །དེ་ནས་བླ་མ་ལ་གསོལ་བ་བཏབ་པ་དང་། བླ་མའི་ཐུགས་ཁ་ནས། ཨོཾ་བཛྲ་ན་ར་ཀྲིཾ་ཀྲིཾ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཅེས་པའི་ཡིག་འབྲུ་བཅུ་གཉིས་ཧྲཱིཿདང་བཅུ་གསུམ་མདོག་དམར་པོ་བྱུང་ཏེ་མགོན་པོའི་དཔྲལ་བའི་སིནྡྷུ་རའི་སྟེང་དུ་ཧྲཱིཿདབུས་དང་། ཡི་གེ་འབྲུ་བཅུ་གཉིས་མཐའ་སྐོར་དུ་ཡོངས་སུ་གྱུར་པ་ལས། གནད་འབེབས་ཀྱི་མཁའ་འགྲོ་མ་དམར་མོ་གཡས་ཌཱ་མ་རུ་དང་། གཡོན་ཐོད་པ་འཛིན་པ། སྟོང་གསུམ་གཡོ་བར་བྱེད་པ་བཅུ་གསུམ་དུ་གྱུར་ཏེ། འཁོར་བཅུ་གཉིས་ཀྱི་ཌཱ་མ་རུའི་སྒྲ་དྲག་ཏུ་སྒྲོགས་ཤིང་། གཙོ་མོ་ལ་གཡོན་བསྐོར་དུ་༼སྐོར་རོ་༽འཁོར་ཞིང་། མཁའ་འགྲོ་མ་གཙོ་འཁོར་རྣམས་སྤྱན་ནམ་མཁའ་ལ་ཧྲིག་ཧྲིག་གཟིགས་ཤིང་། སྐུ་ལས་འོད་ཟེར་དམར་ལ་རྣོ་བ་འཕྲོས། མགོན་པོ་འཁོར་བཅས་ཐམས་ཅད་ཀྱི་སྐུ་ལ་དམར་ལམ་ལམ་ཕོག་པས་མགོན་པོ་འཁོར་བཅས་ཐམས་ཅད་ཀྱི་ཐུགས་རྒྱུད་རང་དབང་མེད་པར་གནད་ལས་ཕབ་སྟེ། བདག་ལ་བྲན་བཞིན་དུ་བཀའ་ཉན་པར་བསམ། ན་ར་ཀྲིཾ་ཀྲིཾ་བཟླས། དེ་ནས་བླ་མ་ལ་གསོལ་བ་བཏབ་པ་དང་། བླ་མས་ཌཱ་མ་རུ་དང་གཡེར་ཁའི་སྒྲ་འུར་འུར་སྒྲོག་པ་དང་། མཁའ་འགྲོ་དྲག་ཆེན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་བསྡུས་མགོན་པོ་འཁོར་བཅས་ལ་ཐིམ་པས། མགོན་པོ་འཁོར་བཅས་ད་ལྟ་ཉིད་དུ་སྲིད་པ་གསུམ་ཟ་བར་ནུས་པའི་མཐུ་དང་ལྡན་པར་བསམ། དེ་ནས་གདོན་བགེགས་རྣམས་གཞོམ་པའི་ཕྱིར་གནད་ལ་དབབ་པ་ནི། རོལ་མོ་སྤོས་དུད་དང་བཅས་པས་བླ་མ་ལ་གསོལ་བ་བཏབ་པ་དང་། བླ་མ་སྐུ་མདོག་མཐིང་ནག་འོད་ཟེར་དམར་པོ་འཕྲོ་བ་ཌཱ་མ་རུ་དང་དྲིལ་བུའི་སྒྲ་དྲག་ཏུ་སྒྲོགས་ཤིང་འུར་འུར་ཆེམ་ཆེམ་མགོན་པོའི་སྤྱི་གཙུགས་ན་འདུག་པས་མགོན་པོ་གནད་ལ་ཕབ། འོད་ཀྱི་རང་བཞིན་མེ་སྟག་ལྟ་བུ་འཕྲོ་ཞིང་། བགེགས་ཀྱི་སྟེང་ན་ཆེམ་ཆེམ་འུར་འུར་སྤྱན་གསུམ། གནོད་སྦྱིན་བཞི་ལྷ་མོ་ཕྱོགས་སྐྱོང་དང་བཅས་པ་ལ་དྲག་ཏུ་གཟིར་ཞིང་། །ཞལ་ནས་སྲོག་སྔགས་ཀྱི་སྒྲ་འབྲུག་ལྟར་སྒྲགས་པས། གཙོ་འཁོར་རྣམས་རང་དབང་མེད་པར་ལས་བྱེད་པར་བསམ།
ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་བིགྷྣན་བི་ནཱ་ཡ་ཀ་ཏྲག་རག་མོ། རཀྟ་རུ་ཏི་ཙིཏྟ་ལ་ཨ་དུན་ཐུམ་རྦད། ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་བིགྷྣན་ཙིཏྟ་ལ་ཨ་དུན་དུན། བི་ན་ཡ་ཀཱ་ཧཱུྃ་ཕཊཿ
ཅེས་བརྗོད་པས། དགྲ་བགེགས་ཐམས་ཅད་རང་དབང་མེད་པར་འཁོར་རྣམས་ཀྱིས་བཀུག་ནས་གཙོ་བོ་ལ་སྟོབ་པར་བསམ། གཏོར་མ་འབུལ་བར་བྱའོ། །དེ་ནས་རྨི་ལམ་ངན་པ་དང་། གཏོར་ཆེན་དང་། སྦྱིན་སྲེག་དང་། ལས་མ་ཉན་པའི་དུས་སུ་བྱའོ། །དཔེ་བྲན་བཞིན་དུ་བྱེད་དོ།
གནད་འབེབས་ཡིད་བཞིན་ནོར་བུའི་ཤོག་དྲིལ་ལོ།།
(BDRC W3CN18508: དབང་དུ་བསྡུ་ཞིང་གནད་ལ་རྫོགས་སོ། རྟེན་གཞི་གནད་གསུམ་འདི་མན་ངག་རྒྱས་ལ་ཟབ་པས་བཀའ་རྒྱ་དམ་པར་མཛད། མང་པོ་ལ་་་་་དོ།) | + | ༈ མཁའ་འགྲོ་དབང་དུ་བསྡུད་ཅིང་གནོད་སྦྱིན་ཐམས་ཅད་གནས་ནས་བསྐུལ་བའི་གནད་འབེབས་ཡིད་བཞིན་ནོར་བུ་དང་བཅས་པ་བཞུགས་སོ།།

(BDRC W3CN18508: དབང་དུ་བསྡུ་ཞིང་གནད་ལ་རྫོགས་སོ། རྟེན་གཞི་གནད་གསུམ་འདི་མན་ངག་རྒྱས་ལ་ཟབ་པས་བཀའ་རྒྱ་དམ་པར་མཛད། མང་པོ་ལ་་་་་དོ།) |
Revision as of 09:37, 28 August 2025
| Resource ID | SCv11p897 |

| Title | mkha' 'gro dbang du bsdud cing gnod sbyin thams cad gnad་nas bskul ba'i gnad 'bebs yid bzhin nor bu dang bcas pa |
| Alt. title | dbang du bsdu zhing gnad |
| Topics | Chadrupa |
| Sub-Topics | Various |
| Link | BDRC W23922 BDRC W3CN18508 (v3p.100) WA00KG09215 (p.361) |
༈ མཁའ་འགྲོ་དབང་དུ་བསྡུད་ཅིང་གནོད་སྦྱིན་ཐམས་ཅད་གནས་ནས་བསྐུལ་བའི་གནད་འབེབས་ཡིད་བཞིན་ནོར་བུ་དང་བཅས་པ་བཞུགས་སོ།།
༈ ༼ལེ༽ བླ་མ་ཡེ་ཤེས་མགོན་པོ་ཡིས། །མཁའ་འགྲོ་ཐམས་ཅད་དབང་བསྡུད་ཅིང་། །གནོད་སྦྱིན་ཐམས་ཅད་གནད་ནས་བསྐུལ། །མ་ནོར་སྔགས་རྣམས་གདམས་པར་བྱ།
།གཙོ་བོ་མགོན་པོའི་གཡས་སུ་ཀྵེ་ཏྲ་པཱ་ལ་སྨུག་ནག་དོམ་ལ་ཞོན་པ། ཕྱག་གཡས་གྲི་གུག །གཡོན་ཐོད་པ། སྐྲ་གྱེན་དུ་བརྫེས་པ། སྤྱན་གསུམ་པ། ཁ་གདངས་པ། མཆེ་བ་གཙིགས་པ། གནོད་སྦྱིན་དཔག་ཏུ་མེད་པས་བསྐོར་བར་བསམ། གཡོན་དུ་རེ་མ་ཏི་དྲིའུ་ལ་ཞོན་པ། མདོག་ནག་མོ། ཁ་གདངས་པ་མཆེ་བ་གཙིགས་པ། གཡས་ཁྲམ་ཤིང་དང་གཡོན་ནད་རྐྱལ་ཐོགས་པ། མ་མོ་དཔག་ཏུ་མེད་པས་བསྐོར་བར་བསམ། གནོད་སྦྱིན་༼གཞན་༽གསུམ་ཡང་གཞུང་བཞིན་༼བསམ༽། ཕྱོགས་སྐྱོང་བཅུ། གཙང་རིགས་མགོན་པོ་བདུན་བཅུ། དམ་ཅན་རྒྱ་མཚོ་དང་བཅས་པ་བསྐྱེད་དོ། །དེ་རྣམས་ལ་ཡེ་ཤེས་པ་གཞུག །དེ་ནས་མགོན་པོའི་སྤྱི་བོར་བླ་མ་སྐུ་མདོག་དམར་པོ་གཡས་ཌཱ་མ་རུ། གཡོན་དྲིལ་བུ་ཐོགས་པ་གཅིག་བསམ། །དེ་ནས་བླ་མ་ལ་གསོལ་བ་བཏབ་པ་དང་། བླ་མའི་ཐུགས་ཁ་ནས། ཨོཾ་བཛྲ་ན་ར་ཀྲིཾ་ཀྲིཾ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཅེས་པའི་ཡིག་འབྲུ་བཅུ་གཉིས་ཧྲཱིཿདང་བཅུ་གསུམ་མདོག་དམར་པོ་བྱུང་ཏེ་མགོན་པོའི་དཔྲལ་བའི་སིནྡྷུ་རའི་སྟེང་དུ་ཧྲཱིཿདབུས་དང་། ཡི་གེ་འབྲུ་བཅུ་གཉིས་མཐའ་སྐོར་དུ་ཡོངས་སུ་གྱུར་པ་ལས། གནད་འབེབས་ཀྱི་མཁའ་འགྲོ་མ་དམར་མོ་གཡས་ཌཱ་མ་རུ་དང་། གཡོན་ཐོད་པ་འཛིན་པ། སྟོང་གསུམ་གཡོ་བར་བྱེད་པ་བཅུ་གསུམ་དུ་གྱུར་ཏེ། འཁོར་བཅུ་གཉིས་ཀྱི་ཌཱ་མ་རུའི་སྒྲ་དྲག་ཏུ་སྒྲོགས་ཤིང་། གཙོ་མོ་ལ་གཡོན་བསྐོར་དུ་༼སྐོར་རོ་༽འཁོར་ཞིང་། མཁའ་འགྲོ་མ་གཙོ་འཁོར་རྣམས་སྤྱན་ནམ་མཁའ་ལ་ཧྲིག་ཧྲིག་གཟིགས་ཤིང་། སྐུ་ལས་འོད་ཟེར་དམར་ལ་རྣོ་བ་འཕྲོས། མགོན་པོ་འཁོར་བཅས་ཐམས་ཅད་ཀྱི་སྐུ་ལ་དམར་ལམ་ལམ་ཕོག་པས་མགོན་པོ་འཁོར་བཅས་ཐམས་ཅད་ཀྱི་ཐུགས་རྒྱུད་རང་དབང་མེད་པར་གནད་ལས་ཕབ་སྟེ། བདག་ལ་བྲན་བཞིན་དུ་བཀའ་ཉན་པར་བསམ། ན་ར་ཀྲིཾ་ཀྲིཾ་བཟླས། དེ་ནས་བླ་མ་ལ་གསོལ་བ་བཏབ་པ་དང་། བླ་མས་ཌཱ་མ་རུ་དང་གཡེར་ཁའི་སྒྲ་འུར་འུར་སྒྲོག་པ་དང་། མཁའ་འགྲོ་དྲག་ཆེན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་བསྡུས་མགོན་པོ་འཁོར་བཅས་ལ་ཐིམ་པས། མགོན་པོ་འཁོར་བཅས་ད་ལྟ་ཉིད་དུ་སྲིད་པ་གསུམ་ཟ་བར་ནུས་པའི་མཐུ་དང་ལྡན་པར་བསམ། དེ་ནས་གདོན་བགེགས་རྣམས་གཞོམ་པའི་ཕྱིར་གནད་ལ་དབབ་པ་ནི། རོལ་མོ་སྤོས་དུད་དང་བཅས་པས་བླ་མ་ལ་གསོལ་བ་བཏབ་པ་དང་། བླ་མ་སྐུ་མདོག་མཐིང་ནག་འོད་ཟེར་དམར་པོ་འཕྲོ་བ་ཌཱ་མ་རུ་དང་དྲིལ་བུའི་སྒྲ་དྲག་ཏུ་སྒྲོགས་ཤིང་འུར་འུར་ཆེམ་ཆེམ་མགོན་པོའི་སྤྱི་གཙུགས་ན་འདུག་པས་མགོན་པོ་གནད་ལ་ཕབ། འོད་ཀྱི་རང་བཞིན་མེ་སྟག་ལྟ་བུ་འཕྲོ་ཞིང་། བགེགས་ཀྱི་སྟེང་ན་ཆེམ་ཆེམ་འུར་འུར་སྤྱན་གསུམ། གནོད་སྦྱིན་བཞི་ལྷ་མོ་ཕྱོགས་སྐྱོང་དང་བཅས་པ་ལ་དྲག་ཏུ་གཟིར་ཞིང་། །ཞལ་ནས་སྲོག་སྔགས་ཀྱི་སྒྲ་འབྲུག་ལྟར་སྒྲགས་པས། གཙོ་འཁོར་རྣམས་རང་དབང་མེད་པར་ལས་བྱེད་པར་བསམ།
ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་བིགྷྣན་བི་ནཱ་ཡ་ཀ་ཏྲག་རག་མོ། རཀྟ་རུ་ཏི་ཙིཏྟ་ལ་ཨ་དུན་ཐུམ་རྦད། ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་བིགྷྣན་ཙིཏྟ་ལ་ཨ་དུན་དུན། བི་ན་ཡ་ཀཱ་ཧཱུྃ་ཕཊཿ
ཅེས་བརྗོད་པས། དགྲ་བགེགས་ཐམས་ཅད་རང་དབང་མེད་པར་འཁོར་རྣམས་ཀྱིས་བཀུག་ནས་གཙོ་བོ་ལ་སྟོབ་པར་བསམ། གཏོར་མ་འབུལ་བར་བྱའོ། །དེ་ནས་རྨི་ལམ་ངན་པ་དང་། གཏོར་ཆེན་དང་། སྦྱིན་སྲེག་དང་། ལས་མ་ཉན་པའི་དུས་སུ་བྱའོ། །དཔེ་བྲན་བཞིན་དུ་བྱེད་དོ།
གནད་འབེབས་ཡིད་བཞིན་ནོར་བུའི་ཤོག་དྲིལ་ལོ།།
(BDRC W3CN18508: དབང་དུ་བསྡུ་ཞིང་གནད་ལ་རྫོགས་སོ། རྟེན་གཞི་གནད་གསུམ་འདི་མན་ངག་རྒྱས་ལ་ཟབ་པས་བཀའ་རྒྱ་དམ་པར་མཛད། མང་པོ་ལ་་་་་དོ།)