Sbas don gyi zhal shes
Resource ID | Kinnaur26 |
---|---|
Title | sbas don gyi zhal shes |
Topics | Illusory body, Chandali |
Sub-Topics | Instructions |
Associated Person | Tsangma Shangtön |
Link | BDRC W4CZ58783 (p.337) |
Notes | Linked to sgyu lus sbas don gyi zin bris shangs ston gyis mdzad pa |
༄༅། །སྦས་དོན་གྱི་ཞལ་ཤེས་བཞུགས་སོ།།
ན་མོ་གུ་རུ།
།མེ་དམིགས་ཀྱི་སྐབས་སུ། ཨ་ཞུ་བའི་དམིགས་མི་བྱེད། ཨ་ལ་མེ་འབར་ལ་ཁད་པ་ལ་མ་འབར་བ་ལ་དམིགས་པ་བཏད། དེ་ནས་སོར་བཞི་འབར་བ་དང་ལྟེ་བ་ཡན་གཞུང་བཞིན་བྱ།
།དགའ་བཞི་ངོས་འཛིན་ཞལ་ལས་ཤེས་ཅེས་པ་ནི། འཁོར་ལོ་བཞིའི་རིམས་པ་དང་་་་་་ན་ནས། དགའ་བ་མཆོག་དགའ་དགའ་བྲལ་ལྷན་ཅིག་སྐྱེས་པའི་དགའ་བ་རྣམས་ངོས་འཛིན་པ་ཡིན།
།སྐབས་འདིར་གནད་བླ་མའི་ཞལ་ལས་དྲིས་ཅེས་པ་ནི། ཡུམ་རྡོ་རྗེ་རྣལ་འབྱོར་མ་ལ་དམིགས་པ་བཏད་ལ། འཁོར་ལོ་བཞི་ལ་རིམས་གྱིས་དམིགས་པས་དབབ། བདེ་བ་སྐྱེས་བྱུང་གནས། དགའ་བའི་ངོས་འཛིན་ཅིང་ཡེ་ཤེས་ཀྱི་ངོ་བོ་ལ་ལྟ། འཛིན་པ་ལ་གནད་བཞི་མ་འཆུགས་པ་གལ་ཆེ། འདྲེན་པ་ལ་བཅུ་གཉིས་པའི་བདུན་པ། སུམ་བཅུ་པའི་བརྒྱད་པ་དང་དགུ་པ། བསྒྲམ་པ་ལ་མཉམ་བཞག་པ་ནོན། ལུས་པོ་སྤྲུག་ཅིང་སྡེབས་པའོ། །ཁྱེད་པར་དུ། རི་བོང་དབབ་བཟུང་རང་གི་གཞུང་ལྟར་བྱེད། འོག་གི་ཐེམས་རྣམས་འདིའི་སྐབས་སུ་སྟོན།
།མིའི་བུ་མོའི་སྐབས་སུ། དབབ་བཟུང་བཟློག་བསྒྲམ་རྣམས་གོང་དང་འདྲ། ཡང་གོང་ལྟར་བཞན་ཐམས་ཅད་འདྲ་བ་ལ། དབབ་པའི་སྐབས་སུ་སོར་མོའི་ཕྱག་རྒྱས་བྱེད།
།འཕུལ་འཐེན་ཞལ་ལས་དྲིས་ཅེས་པ་ནི། འཐུར་དུ་འཕུལ་ཞིང་གྱེན་དུ་འཐེན་པ་མང་དུ་བྱེད།
།ལྷའི་འདུག་སྟངས་ཀྱི་སྐབས་སུ། ཡབ་ཡུམ་ལྷར་གསལ་བའི་ངང་ནས། ༼ ༽ དགའ་བའི་ཡེ་ཤེས་ངོས་འཛིན་ཅིང་གནས་ལུགས་ཀྱི་ངོ་བོ་ལ་བལྟ།
།འཛིན་པའི་སྐབས་སུ མདུན་རླུང་འཕུལ་ཞིང་རྒྱབ་རླུང་འཐེན་པ་གནད་ཡིན། བཞན་འདྲེན་བསྒྲམ་ལ་སོགས་པ་གོང་དང་འདྲ།
།དངས་མ་བཟུང་བ་ནི། རང་གི་དངས་མ་མི་ཉམས་པར་འཛིན་པ་ཡིན།
ཕྱག་རྒྱའི་དངས་མ་དྲང་བ་ནི། གོང་གི་ཨ་དང་ཐིག་ལེའི་དམིགས་པ་ལྟར་འདྲེན།
ཐིག་ལེ་དངས་སྙིགས་དབྱེ་བ་ནི། དངས་མ་དངུལ་ཆུའི་མདོག་ལྟ་བུ་དྲངས་ཤིང་། རྩིགས་མ་འཐུར་དུ་འབོད་པ་གནད་ཡིན།
འདིའི་སྐབས་སུ་རི་བོང་དབབ་བཟུང་གི་འཁྲུལ་འཁོར་བཅུ་གཉིས་དང་། ཞལ་ཤེས་ཀྱིས་འཁྲུལ་འཁོར་ལ། རུས་སྦལ་འགྲོས་དང་འཐུར་བཏད་དང་། ཁ་བཅིངས་དང་ནི་་་་་སྤྲུགས་དང་། ཟླ་བའི་གནད་ཐེམས་བྱ་བ་བཅེས། ཡང་ཞལ་ཤེས་ཀྱི་འཁྲུལ་འཁོར་གཅིག །ལུས་རྩོག་སུ་ལག་པ་གཉིས་སྒྱིད་པ་གཉིས་ཀྱི་འོག་ནས་སྦྲེལ། རླུང་ ་་་
།རུས་སྦལ་འགྲོས་དང་། རུས་སྦལ་འགྲོས་ཞེས་པ་ནི། རྐང་པ་དཀྱིལ་ཀྲུངས་བཅས། ་་་
།མཐུར་བཏད་ནི། འཐུར་བཏད་ནི་རྐང་མཐིལ་སྤྲད་ལ། ལག་པ་གཉིས་འོག་ནས ་་་