Mkha' spyod dbang mo dpal ldan ni gu ma'i zhes pa
Resource ID | SGD3 |
---|---|
Title | mkha' spyod dbang mo dpal ldan ni gu ma'i zhes pa |
Topics | Six doctrines of Niguma |
Sub-Topics | Commentary |
Author | Gyurmé Dechen |
Link | BDRC W2DB16431 |
To check
མཁའ་སྤྱོད་དབང་མོ་དཔལ་ལྡན་ནི་གུ་མའི། །ཞལ་ལུང་གདམས་པ་ལས་་་མ་འབེལ་བའི་གཏམ། །ཅུང་ཟད་སྤེལ་ལོ་ལམ་འདིས་ཉེར་འཚོ་བ། །མཆིས་ན་ལན་གྱི་ཕྲེང་བ་བཀའ་སྩལ་འོས། །ཆོས་དྲུག་མི་རབས་བདུན་དུ་ཆིག་བརྒྱུད་ཉིད། །ཡིན་ན་ལ་བ་པ་ལ་འདི་ཡོད་ཅིང། །ཨ་ཏི་ཤ་ལའང་འདི་ཡི་རྒྱ་དཔེ་སྣང་། །དེ་ལས་བསྒྱུར་ཞེས་འབྱུང་བ་ཅི་ཞིག་ཡིན། །གདམས་ངག་དབང་དང་འབྲེལ་ཞིང་དབང་ཉིད་ཀྱང་། །གདམས་ངག་དང་འབྲེལ་གསུང་བའི་དགོངས་པ་གང། །དོན་གཅིག་ཉིད་ན་ཟློས་པ་ཉིད་འགྱུར་ཞིང་། །གལ་ཏེ་ཁྱད་པར་ཡོད་ན་ཇི་ལྟ་བུ། །རྡོ་རྗེའི་ཚིག་ཏུ་ཨ་ཧཾ་འབར་འཛག་ཅེས། །གསལ་བར་གསུངས་བཞིན་འཇག་བསམ་ཁྲིད་ཡིག་ཏུ། །རཾ་ཡིག་འབར་བ་་་་མ་ལས་ཧཾ་ཡིག་ཉིད། །འཛག་པའི་དམིགས་པ་མི་འབྱུང་རྒྱུ་མཚན་ཅི། ཨཱརྻ་དེ་བས་བདག་བྱིན་རླབ་པ་ལས། །ཕྱིར་ཕྱོགས་རྨི་ལམ་སྒྱུ་འདྲ་མཐོང་མེད་ཅེས། །གསུང་ན་འདི་ཡི་སྒྱུ་ལུས་ཁྲིད་ཀྱི་སྐབས། །སྦས་དོན་སྒྱུ་མ་མི་འབྱུང་ཅི་ཞིག་ཡིན། །གྲུབ་ཆེན་ཁྲིད་ཡིག་སྙིང་པོ་ཀུན་འདུས་ཀྱི། །རྨི་ལམ་སྐབས་སུ་བླ་མ་རྡོ་རྗེ་འཆང་། །སྐུ་མདོག་དམར་པོར་མཛད་པའི་དགོས་པ་དང། །དགོངས་པ་ཅི་ཞིག་ཡིན་པ་འཆད་ན་གང་། །གཞན་ཡང་གྲུབ་ཆེན་ཁྲིད་ཡིག་འདི་ཉིད་ཏུ། །གསོལ་འདེབས་དམིགས་པའི་གྲངས་སོགས་འགའ་ཞིག་ནི། །ཐེམ་ཡིག་ཉིད་དང་མི་མཐུན་ཅུང་ཟད་སྣང་། །འདི་དག་སྐྱོན་མེད་འཆད་ན་ཇི་ལྟར་བགྱི། བདེ་བ་རྒྱས་ལ་དེར་འཛིན་མེད་པ་ནི། །ཟག་བཅས་ཟག་མེད་འདྲེས་པའི་འོད་གསལ་ཞེས། །བཤད་འདི་ཟག་བཅས་ཡས་བརྟན་དགའ་བ་དང་། །ཟག་མེད་མས་བརྟན་གང་གི་ཕྱོགས་སུ་བསྡུ། །གྲུབ་ཆེན་རྣམ་ཐར་ངོ་མཚར་རྒྱ་མཚོ་ཆེར། །མཁའ་སྤྱོད་དཀར་དམར་འཕོ་བ་ཆེས་ཟབ་པ། །དཔེ་གཉིས་ལ་བརྟེན་དཔེ་ཅན་གཉིས་སྟོན་པའི། །ཞལ་གདམས་ཡོད་ཅེས་གསུང་བའི་དཔེ་དོན་གང་། །དབང་རབ་རྣམ་སྨིན་ལུས་ལ་འཚང་རྒྱ་ཞིང་། །དབང་འབྲིང་བག་ཆགས་ལུས་ལ་འཚང་རྒྱ་ཞེས། །མཁའ་འགྲོའི་ཞལ་རླངས་འཐུལ་བའི་ལམ་འདིར་སྣང། འདི་གཉིས་ཁྱད་པར་འབྱེད་ན་ཇཾ་ལྟ་བུ། །བག་ཆགས་ལུས་ལ་སངས་རྒྱས་མཛད་པ་དེ། །རྣམ་སྨིན་ལུས་ལའང་སངས་རྒྱས་མ་ཡིན་ནམ། །མིན་ན་བག་ཆགས་ལུས་ལ་སངས་རྒྱས་པ། །སངས་རྒྱས་མཚན་ཉིད་པ་རུ་ཇི་ལྟར་འགྱུར། །རྣམ་སྨིནལུས་དང་བར་དོར་འཚང་རྒྱ་བ། །རྒྱུད་དང་མན་ངག་ཀུན་ཏུ་ཡོངས་སུ་གྲགས། །བག་ཆགས་ལུས་ལ་མངོན་པར་འཚང་རྒྱ་བ། །རྒྱུད་ཀྱི་ལུང་གི་ཟིན་པ་ཇི་ལྟར་མཆིས། །ཞེ་སྡང་རྟོག་པ་སོ་གསུམ་ནང་ཚན་དུ། །བརྩེ་དང་བརྩེ་བ་བར་མ་ཤིན་དུ་བརྩེ། །ཞེས་པ་འབྱུང་བ་འདི་ཡི་རྒྱུ་མཚན་ཅི། །བརྩེ་དང་ཞེ་སྡང་འགལ་བ་མ་ཡིན་ནམ། །ཆོས་དྲུག་འཆི་མེད་ཕྱག་ཆེན་རྣམ་གསུམ་གྱི། །རྡོ་རྗེའི་ཚིག་ལ་འདི་སྐད་ཐོས་པ་སྣང་། །ལམ་ཁྱེར་ཉིད་ལ་དེ་ཉིད་མི་འབྱུང་བའི། །རྒྱུ་མཚན་གསལ་པོར་འཆད་ན་ཇི་ལྟ་བུ།། །།
ཡེ་ཤེས་མཁའ་འགྲོའི་ཞལ་ལུང་ལས་འཕྲོས་པའི་དྲི་བ་འདི་ཡང་སྐང་གཉིས་སྨྲ་བས་སོ། གཅིག་ཞུས།