Dpal phyag drug phyir bzlog
| Resource ID | BB2-3 |
|---|---|
| Title | dpal phyag drug pa'i phyir bzlog |
| Topics | Chadrupa |
| Sub-Topics | Various |
།།ཕྱག་དྲུག་ཡེ་ཤེས་མགོན་པོའི་ཆོས་སྐོར་ལས། དཔལ་ཕྱག་དྲུག་ཕྱིར་བཟློགས་བཞུགས་སོ།།
ན་མོ་གུ་རུ།
དཔལ་ཕྱག་དྲུག་པའི་ཕྱིར་བཟློག་ལ། འཁོར་ལོ་རྩིབ་བརྒྱད་ཀྱི་ཕྱོགས་བཞི་ལྟེ་བ་དང་ལྔ་ལ། ལྷ་ལྔ་པོ་བསྒོམ་བསྐྱེད་ཆོག་ཚོ་སྒྲུབ་ཐབས་ཤེས་པར་བྱ། ལྷ་རྣམས་སོར་རེ་ཙམ་འཁོར་ལོ་ལ་མ་རེག་པ། འཁོར་ལོ་དེ་ལྕག་ཀྱི་འཁོར་ལོ་སྐད་ཅིག་གིས་ཀྱང་མི་སྡོད་པར་འཁོར་བས་ལོག་རྟོག་དགྲ་བགེགས་ཚོ་ཉལ་ཉལ་གཏུབ་བར་བསྒོམ། འཁོར་ལོ་འཁོར་བ་དྲི་མའི་འོག་གི་ཆུ་དང་འདྲ་གསུང་ངོ་། །་་་
་་་ །དཔལ་ཕྱག་དྲུག་པའི་ཕྱིར་བཟློག་རྫོགས་སོ།
།དགེ་ལེགས་འཕེལ་བར་གྱུར་ཅིག། །དེས་འདི་ཤིན་ཏུ་དམ་པར་བྱ་བ་ནི། མན་ངག་དམ་པའོ། ཨྀཐི།།
