Byin rlabs rjes gnang bka' yig
| Resource ID | BB2-35 |
|---|---|
| Title | byin rlabs rjes gnang bka' yig |
| Topics | Chadrupa |
| Sub-Topics | Various |
| Author | Mokchokpa Rinchen Tsöndrü |
| Notes | See SCv11p146 |
TO INPUT
༼བྱིན་བརླབས་རྗེས་གནང་བཀའ་ཡིག།༽
འདིའི་༼དམར་པོ་དབང་གི་རྒྱལ་པོ།༽བྱིན་བརླབས་བྱེད་པར་༼གཞན་ལ་༽འདོད་པས། མཎྜལ་གྲུ་གསུམ་འཐིང་ནག་མེ་རི་དང་བཅས་པའི་དབུས་སུ་པད་མ་དམར་པོ་འདབ་མ་བརྒྱད་པ་བྱ། ་་་
ཧཱུྃ་ཡེ་ཤེས་ལྷུན་པོ་མི་འགྱུར་སྐུའི་དབང་། །སྐུ་གསུང་ཐུགས་ཀྱི་གསངས་ཆེན་དམ་པ་འདིས། །དམ་ལྡན་རིག་ཀྱི་བུ་ལ་དབང་བསྐུར་བས། །རྣམ་དག་ཡེ་ཤེས་དཔལ་ལ་ལོང་སྤྱོད་ཤོག །རྩ་སྔགས་བརྗོད།
།ཅིག་རྒྱུད་བཀའ་རྒྱ་མ་འདི་རིན་ཆེན་བརྩོན་གྲུས་ལ་གདམས་པ། ཨྀཐི།།།
།།ཡེ་ཤེས་མགོན་པོ་ཕྱག་དྲུག་པ་དབང་གི་རྒྱལ་པོ་དམར་པོ་ཡབ་ཡུམ་འདིའི་བྱིན་བརླབས་རྗེས་གནང་གི་རྒྱུད་པ་ནི། ཡེ་ཤེས་ཀྱི་མགོན་པོ། ཤ་བ་རི། མེ་ཏྲི་པ། ཁྱུང་པོ་རྣལ་འབྱོར། རྨོག་ཅོག་པ། སྐྱེར་སྒང་པ། སངས་རྒྱས་གཉན་སྟོན། སངས་རྒྱས་སྟོན་པ། ཤང་སྟོན། བདེའ་ལེགས་དཔལ་བཟངས་པོ། གསང་སྟོན་རིན་ཆེན་དཔལ། ཆོས་འབྱུང་རིན་ཆེན། དབང་ཕྱུགས་བཟང་པོ། དགེའ་བས་འགྲོ་རྣམས་སངས་རྒྱས་ཤོག།།
