Drag po'i sbyin sreg

From Shangpa Resource Center








Resource ID BB223
Title drag po'i sbyin sreg
Alt. title bla ma ra hu la'i gdams pa
mgon po'i sbyin bsregs mun sel
Topics Chadrupa
Sub-Topics Fire offering
Author Rahula

TO INPUT
མགོན་པོ་ཕྱག་དྲུག་པའི་ཆོས་སྐོར་ལས། གྲག་པོའི་སྦྱིན་བསྲེགས་སྐོར་བཞུགས་སོ།

བླ་མ་ཐུགས་རྗེའི་མངའ་བདག་རྡོ་རྗེ་ལེགས་ལྡན་ལ་ཕྱག་འཚལ་ལོ།
།དྲག་པོའི་སྦྱིན་བསྲེགས་བྱེད་པར་འདོད་པས། འདི་ལྟར་བརྟག་པར་བྱ་སྟེ། མཎྜལ་གྲུ་བཞིའ་ལ་ཕྱོགས་རེ་ལ་ཁྲུ་དོ་དོ་ཡོད་པ་བྱས་ལ། དེའི་སྟེང་དུ་ཁྲུ་ག་ཟླུམ་པོར་བྱས་པའི་ཁར། སྒྱེད་སུ་ཟུར་གསུམ་པ་ནག་པོ་གསུམ་གཟུགས། གླང་ང་བསྐལ། ནང་དུ་བྱེ་མ་བླུག་ལ། ཤུད་ཤིང་སེ་བ་ལ་སོགས་ཚེར་མ་ཅན་གྱིས་ཕྱོགས་གསུམ་ཀ་ནས་མེ་བཅུག་ལ་དྲག་ཏུ་སྦར། བྱེ་མ་ཚིག་པ་དང་རམ་ལས་མེ་དཔུང་བསྐྱེད། ཤོག་བུ་ལ་གནོད་བྱེད་དུ་ཡོད་པའི་མིང་གཟུགས་ལིང་ག་བྲི་ཞིང་། བདག་ལ་གནོད་པར་བྱེད་པའི་རྒྱལ་པོ་ལ་སོགས་པ་མ་ར་ཡ་མ་ར་ཡ་སོད་སོད་བྱ་བ་བྲིས་ལ་ལིང་གའི་སྙིང་ཁར་བཞུགས། དེ་འབྲུབ་ཁུང་གྲུ་གསུམ་ལོག་རེ་ལ་ཁྲུ་རེ་ཡོད་པ་དང་། འཕངས་སུ་སོར་བཞི་ཡོད་པའི་ནང་དུ་བཅུག་ལ། ལིང་གའི་སྐེར་ཐེ་གུ་ནག་པོ་བཏག་ནས་རང་གི་སྲིན་ལག་ལ་བསྐྲིས་ཏེ། མགོན་པོའི་སྔགས་རིང་ནས་ཁ་ཁ། ཁཱ་ཧཱི་ཁཱ་ཧཱི། བཏོན་ལ་སྔགས་གཞན་ཚོ་མང་དུ་བགྲང་ཞིང་གཟིའ་བརྗིད་བསྐྱེད་ལ་དགུག་གཞུག་མང་དུ་བྱ། ཁུག་སྙམ་ཡིད་ཆེས་པ་དང་། མགོན་པོའི་ཕྱག་མཚན་ལས་སྤྲོས་པའི་ཁྲོ་ཆུང་མང་པོས་ཕྱག་མཚན་གྱིས་ཉལ་ཀྱིས་གཏུབས་པར་བསམས་ཏེ། ༩༤ ་་་
དེའི་སྟེངས་དུ་སླང་ང་སྦུབ་ལ། དེའི་སྟེངས་དུ་གཏོར་ཆེན་བཞག་ནས། མགོན་པོ་ལ་དབུལ། འདོད་པའི་དོན་ལ་གསོལ་བ་འདེབས། གཏོར་མ་དང་སྒྲ་དང་བཅས་ལ་བཏང་། མགོན་རང་བཞིན་གྱི་གནས་སུ་གཤེགས་སུ་གསོལ། འཁོར་གྱི་གཏོར་མ་རྣམས་ཀྱང་བཏང་། ཟིན་པ་དང་སླང་ང་ཁ་དབྱེའ། སོལ་བ་སས་མནན། ནང་པར་ཕྱགས་ལ་ཆུའམ། རླུང་ལ་བསྐུར་བར་བྱའོ།
།དྲག་པོའི་སྦྱིན་བསྲེག་གི་ལས་སྦྱོར། ཨྀཐི།།

༼བླ་མ་ར་ཧུ་ལའི་གདམས་པ།༽
བསྒྲུབས་པའི་ལས་ལ་སྦྱར་བ་ནི། མཎྜལ་གྱི་སྟེངས་དུ་འབྲུབ་ཁུང་ངོས་རེ་ལ་ཁུ་རེ་ཡོད་པ་ཟུར་གསུམ་བྱས་པ། ཁྲུ་ཕྱེད་ཟུབས་སུ་བརྐོའ། སོར་གཉིས་ཕྱིར་དགྱེའ་བ་ལ་སོགས་སྤྱི་དང་མཐུན། རོ་སོལ་དང་། དུག་ཆུས་ནག་པོར་བྱུགས། ཁ་ཁྱེར་ལ་མི་རྐང་གི་རྩང་གཟུགས། དབུས་སུ་ཧཱུྃ་བྲིའོ། །དེར་ཤིང་གདུག་པ་ཅན་ཐབས་ཁུང་གི་དབྱིབས་དང་མཐུན་པར་རྩིག་གོ
།གིང་ག་བྲི་བ་ནི། རོ་སོལ་ལ་དུག་ཆུ་དང་མི་ཁྲག་གིས་བྲི། དགྲ་ལ་བྱེད་ན་ཎྲི་བྲི། འདྲེ་ལ་བྱེད་ན་ཏྲི་བྲི། དུ་ཡོད་ཀྱི་མིང་བྲིས་ལ་མཛེའ་ཐོད་དམ། ༩༩ ་་་
ལས་ཟིན་པ་དང་མགོན་པོ་ལ་གཏོར་མ་དབུལ། བསྟོད་པ་བྱ། རང་ལྷར་གསལ་བ། མེ་ཆོས་སྐྱོངས་དུ་གསལ་བ། བསྲེགས་རྫས་གནོད་བྱེད་དུ་གསལ་བ། གསུམ་པོ་གལ་ཆེའོ།
བླ་མ་ར་ཧུ་ལའི་གདམས་པ་རྫོགས་སོ།།

༼མགོན་པོའི་སྦྱིན་བསྲེགས་མུན་སེལ།༽
ན་མོ་གྷུ་རུ།
།མགོན་པོའི་སྦྱིན་བསྲེགས་བྱེད་པའི་དུས་སུ་གཏོར་མ་ལྔ་བྱེད་པ་ལ། གཅིག་བླ་མ་དང་མགོན་པོ་ལ། གཅིག་འཁོར་ན་གནས་པ་ལ། གཅིག་ཡུལ་བདག་ལ། གཅིག་གྲའ་ལ་བྱེད་ན་དགྲའ་དེ་སྐྱོབས་པའི་ལྷ་ལ་བྱིན་ལ་བཀའ་བསྒོའ། འདྲེའ་ལ་བྱེད་ན་ཡང་དེ་བཞིན་དུ་བྱ། གཞིའ་བདག་དང་གནོད་བྱེད་ཀྱི་གཏོར་མ་སྔོན་དུ་བཏང་ནས་བཀའ་བསྒོའ་བྱའོ། །དེ་མིན་གྱི་གཏོར་མ་ཚོ་རྟར་བཟུངས་ནས་སྦྱིན་བསྲེགས་ཐོན་པ་དང་བཏང་རག་གི་ཚུལ་དུ་བཏང་ངོ་། །སྔོན་དུ་བསྙེན་པ་བསྐྱེས་ཞིང་། བསྒྲུབས་པ་ནི། མཎྜལ་མདའ་གང་གྲུ་བཞི་པ་གཅིག་གི་སྟེངས་དུ་གྲུ་གསུམ་རྩེ་མོ་ལྷོར་བསྟན་པ། ལྟ་བ་ཧཱུྃ་གིས་མཚན་པ་མེ་རི་དང་བཅས་པ་བྲི། དེའི་སྟེངས་དུ་དཔལ་གཏོར་ཆེ་བ་གཅིག་ལ། མདའ་རྒོད་སྒྲོ་མ་དར་ནག་ཁ་གང་བཏག་པ་གཅིག་གཟུགས། བསྙེན་པ་བྱ། དེ་ལ་རྟགས་རྨི་ལམ་དུ་ཨ་ཙ་ར་དང་། བུད་མེད་རོག་བྱེད་པ་ལ་སོགས་པ་བྱུང་བ་དང་། སྒྲུབ་པ་བྱས་སྟེ། དུས་མར་ངོའོ། །སྐར་མ་སྒུག་གུ་དང་། ༡༠༢ ་་་
།དེ་ནི་མནན་པའོ། །དེ་ནས་རོལ་མོའི་སྒྲ་དང་བཅས་ལ། གཏོར་མ་དགྲའ་ཕྱོགས་སུ་བཏང་། ཐལ་བ་རྣམས་བསྡུས་ལ་དགྲའི་ཕྱོགས་སུ་ཕྱར་བས། དགྲའ་ལ་ནད་དང་མཚོན་གྱིས་ཆར་དུ་ཕེབ་པས། དགྲའི་བདུན་རྒྱུད་ཚུན་རྩད་ནས་བཅད་པར་བསམ་མོ། །དེ་ནི་འཕངས་པའོ། །མནན་བསྲེགས་འཕང་གསུམ་གཅིག་ཏུ་དྲིལ་བ་ཤིན་ཏུ་ཟབས་པ། དེ་ནས་ནང་དུ་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་མང་པོ་ཡང་བརྗོད་པར་བྱའོ།
།མགོན་པོའི་སྦྱིན་བསྲེགས་མུན་སེལ་ཞེས་བྱ་བ་རྫོགས་སོ།