'pho ba ye shes skar khung

From Shangpa Resource Center








Resource ID Sup2
Title 'pho ba ye shes skar khung
Topics Kechari
Sub-Topics Powa
Link BDRC W8LS32725 (p.212)

༄༅། །འཕོ་བ་ཡེ་ཤེས་སྐར་ཁུང་།

ན་མོ་གུ་རུ།
བྱང་ཆུབ་ཀྱི་སེམས་སྔོན་དུ་སོང་བས། རང་ཡི་དམ་དུ་བསྐྱེད་པའི་ལྟེ་བར་ཆོས་འབྱུང་གི་ནང་དུ་ཨ་དཀར་པོ་གཅིག་བསྒོམ། དེ་ནས་འོག་རླུང་འཐེན། སྟེང་རླུང་མནན་པས་ཨ་དེ་ཨ་ཝ་དྷུ་ཏཱིའི་ནང་ནས་ཡར་སོང་བས། སྤྱི་བོ་ན་ཡར་དཀར་རྒྱངས་རྒྱངས་སོང་བ་དང་། སྟོང་པ་ཉིད་ཀྱི་ངང་དུ་སོང་བར་བསམ་མོ། །དེས་ནི་བར་དོར་སངས་རྒྱ་བར་འགྱུར་རོ།
།འཕོ་བ་ཡེ་ཤེས་སྐར་ཁུང་རྫོགས་སོ། །དགེའོ།།