Difference between revisions of "Bdud mgon trag shad la brten pa'i dpal mgon po nag po'i man ngag chig sgrub spu gri me dbal"

From Shangpa Resource Center
Line 5: Line 5:

|Other titles=śrī mahākāla sadhana nāma
dpal ldan nag po chen po'i sgrub thabs

|Other titles=śrī mahākāla sadhana nāma
dpal ldan nag po chen po'i sgrub thabs

|Subject=Dügön Trakshad

|Subject=Dügön Trakshad
|SubTopics=Various

|SubTopics=Sadhana

༈ བདུད་མགོན་ཏྲཀྴད་ལ་བརྟེན་པའི་དཔལ་ལྡན་མགོན་པོ་ནག་པོའི་མན་ངག་ཆིག་སྒྲུབ་སྤུ་གྲི་མེ་དབལ་སོགས་བཞུགས་སོ།།

རྒྱ་གར་སྐད་དུ། ཤྲཱི་མ་ཧཱ་ཀཱ་ལ་ས་དྷ་ནཱ་མ།
བོད་སྐད་དུ། དཔལ་ལྡན་ནག་པོ་ཆེན་པོའི་སྒྲུབ་ཐབས་ཞེས་བྱ་བ།
བདུད་འདུལ་ནག་པོ་འཁོར་དང་བཅས་པ་ལ་ཕྱག་འཚལ་ལོ། །དེ་བཞིན་དེ་ལ་གནང་མཛད་བླ་མ་རྣམས་ལ་ཕྱག་འཚལ་ལོ།
བསྟན་པ་གཉན་པོ་བསྲུང་བ་ནི། དཔལ་ལྡན་མགོན་པོ་ནག་པོའི་ངན་སྔགས་ཆིག་སྒྲུབ་ཅེས་བྱ་བ། སྤུ་གྲི་མེ་དབལ་ནི། དམ་ཚིག་ཅན་གྱི་སྒྲུབ་པར་བྱའོ། །མཐུན་པའི་རྫས་ཀྱི་བྱ་བ་ནི། བག་ཕྱེ་དང་། མི་ཚིལ་དང་། བྱ་ཚིལ་ནག་པོ་དང་། སྤྲ་ཚིལ་ལ་སོགས་པ་བསྲེས་ལ། མགོན་པོའི་ཁྲུ་གཟུགས་གང་བྱས་ལ། དེའི་ཐུགས་ཀར་གྲུ་གསུམ་བྲུས་པའི་ནང་དུ་གཟའ་ཕོ་མོའི་མིང་རུས་བྲིས་ལ་གཞུག་གོ། སྦྲུལ་ཤ་སྟག་གི་ཤ་ཡང་གསེབ་ཏུ་བཏང་ངོ་། ཁ་ཆོད་རྒྱ་སྣག་གི་བུག་གོ་སེང་ལྡེང་ལ་སོགས་པ་ཡང་ཕྱག་མཚན་དུ་བསྐོར་རོ། །དེ་ནས་མགོན་པོ་ཕ་ཚུས་བསྟན་ཏེ། ཤ་ཁྲག་གིས་གཏོར་མ་གཅིག་སྐབས་སུ་བཏང་བར་བྱའོ། །དེ་ནས་རང་མི་རྟོག་པའི་ངང་ལས་ཡི་དམ་ལྷར་བསྐྱེད་ལ། བསྙེན་པའི་སྔགས་ནི་ཁྲིའམ་འབུམ་དུ་བཟླས་སོ། །ཨོཾ་དུ་ཡོག་ཛ་མ་ཧཱ་ཀཱ་ལ་ཏྲཀྴད་དུ་ཏྲི་མ་ནི་ར་ཛཿཛཿ རྦོད་པའི་རྟགས་མི་ནག་པོ་དང་། རྟ་ནག་པོ་ཞོན་པ་དང་། མོན་པ་ནག་པོ་དང་། མཚོན་ཆ་ནག་པོ་ཐོག་པ་དང་། ཨ་ཙ་ར་ལ་སོགས་པ་མ་བྱུང་གི་བར་དུ་བཟླས་སོ། །དེ་རྣམས་བྱུང་ནས་རྦད་པ་འདི་ཞག་གསུམ་དུ་བཟླས་སོ། །ར་ཙ་ཏྲི་ས་བྷུ་དུ་དུ་མ་ར་ནི་ཁུག་ཁུག །ཎི་ཨ་ཀཪྵ་ཡ་ཛཿཛཿརྦད་པའི་རྟགས་ནི། ར་ལུག་དང་བ་གླང་གཡག་ལ་སོགས་པ་འོང་ངོ་། །དེ་ནས་བསད་པ་བྱ་སྟེ། མ་ཧཱ་ཀཱ་ལ་རུ་པ་རུ་པ་ཤ་ཏྲུཾ་ནན་ཚལ་པ་ནན། མཱ་ར་ཡ་ནན། དུ་མ་ཧཱ་ཀཱ་ལ་ཏྲཀྴད་བྷུ་དུ་དུ་གུ་རྦད་རྒྱུད་ཐུམས་ཆྒཻ་མོ་མཱ་ར་ཡ་སོད་སོད། གལ་ཏེ་ཕྱི་རྟགས་མྱུར་དུ་མ་བྱུང་ན་གང་བྱུང་བའི་མིང་རུས་ཕྱུང་ལ་ཞག་གསུམ་བསྐྱར་ལ་བྱའོ། །ཤིན་ཏུ་ནན་ཏན་བསྐྱེད་དེ། བསྟོད་པ་ནི་གཞན་དུ་ཤེས་པར་བྱའོ། །ཏྲི་ཡཾ་ཏྲི་བྷྱོ་བ་ལིཾ་ཏ་ཁཱ་རཾ་ཁཱ་ཧི། ཁཱ་ཧི་ཁཱ་ཧི། ཞེས་པས་རྩ་སྔགས་ལ་བཏགས་ཏེ་འབུལ་ལོ། །གཏོར་མ་བཏང་བའོ། །རྟགས་ཐ་མ་བྱུང་བ་དང་ལིངྒ་བསྲེས་ལ་མནན་པ་བྱའོ། གཟུགས་ནི་རྟེན་དུ་བཞག་པར་བྱའོ། །ནོར་ཕྱིར་བཏང་ན། མིང་བྱང་ཀུན་ཐུགས་ཀར་བཞུག ནོར་ཕྱིར་བཏང་ན་ལྟས་ངན་ཆོ་འཕྲུལ་སྣ་ཚོགས་འོང་ངོ་། །མགོན་པོ་ནག་པོའི་ངན་སྔགས་ཆིག་སྒྲུབ་རྫོགས་སོ།།

༈ བཅོམ་ལྡན་འདས་ཡབ་དབང་ཕྱུག་མ་ཧཱ་ཀཱ་ལ། ཡུམ་ཨུ་མ་དེ་བ། སྲས་དཔལ་མགོན་ནག་པོ་ཆེན་པོ་བདུད་ཀྱི་ཕྲེང་བ་ཅན་ཁྱོད་ཀྱི་ཞལ་དུ་ཁཱ་རཾ་ཁཱ་ཧི། དམ་རྫས་བདུད་རྩི་རྒྱན་གྱི་གཏོར་མ་འདི་བཏབ་པ་ལ་སོགས་པ་བཞེས་ཤིག བཤོས་བུ་དམ་པ་བཏབ་པ་ལ་སོགས་པ་འདི་བཞེས་ཤིག དགྲ་བོ་འདི་རྣམས་མ་ཧཱ་ཀཱ་ལའི་ཞལ་དུ་ཁཱ་རཾ་ཁཱ་ཧི། མ་ཧཱ་ཀཱ་ལ་པཱུ་ཛ་ལ༴ མ་ཧཱ་ཙིཏྟ་ལ༴ མ་ཧཱ་རཀྟ་ལ༴ མ་ཧཱ་གོ་རོ་ཙ་ན་ལ༴ དགྲ་བོ་འདི་རྣམས་མ་ཧཱ་ཀཱ་ལའི་ཞལ་དུ་ཁཱ་རཾ་ཁཱ་ཧི། རྦོད་རྦད་བསད་གསུམ་དྲིལ་ལ་བཟླས། དེ་ནས་རྟགས་རབ་འབྲིང་ཐ་མ་གསུམ། རབ་ནི་མགོན་པོ་ཉིད་ཀྱིས་དཀྱིལ་འཁོར་ཐོག་དྲིལ་ནས་འོང་། འབྲིང་དགྲ་བོ་སྨྱོ་འབོག་བྱེད། ཐ་མ་བླ་གནས་ཁྲིད་ནས་འོང་། དེ་ལྟར་བྱུང་ན་མྱུར་དུ་འཆི། དེ་ལྟ་བུའི་ཏིང་ངེ་འཛིན་གྱི་རྟགས་མ་ཐོན་ན། སྤོགས་པའི་ཆོ་ག་ནི། མགོན་པོའི་སྤྱི་བོར་ཕྱག་རྡོར་བསམ། སྔགས་ནི་མགོ་མཇུག་ལྡོག་ལ་བཟླས། ཐུན་གྱིས་མགོན་པོ་ཉིད་ལ་བྲབ། དེ་ལ་རྟགས་རྣམས་འབྱུང་བར་ངེས། རྟགས་རྣམས་བྱུང་ན་བཏང་རག་ཁས་ཀྱང་བླངས། མགོན་པོ་སྤུ་གྲི་མེ་དབལ་ཉམས་སུ་བླང་བའི་རིམ་པའོ། །ཕྱི་རྟགས་ཟླ་བ་གསུམ་ནས་འོང་ངེས་སོ། །ཨོཾ་མ་ཧཱ་དེ་ཨོཾ་ལ་ཕྱག་འཚལ་ལོ། །དང་པོ་གནས་ཡིད་དང་མཐུན་པ་ཁྲུ་གང་གྲུ་གསུམ་པ་གཅིག་བྱ། དེ་ནས་ཁྱི་ལུད་དང་བག་ཕྱེ་སྤྲ་ཚིལ་གསུམ་ལ་མགོན་པོའི་གཟུགས་བྱས་ལ། རྒྱ་སྣག་གིས་བྱུག་ལ་ནག་པོར་བྱའོ། །སྐུ་སྨད་ལ་ཐལ་ཆེན་གྱི་ཐིག་ལེས་བྱུགས། སྦྲུལ་གྱི་ཤ་དང་། ཆྒཻེ་མོའི་དྲི་མ་ཡང་ཁོད་པར་གཞུག་གོ །ཐུགས་ཀར་གྲུ་གསུམ་བྲུས་ལ་མཎྜལ་ཁ་རང་ལ་བསྟན་ཏེ་བཞག དེ་སྤྲ་ཚིལ་ལམ་བག་ཟན་ལས་ཆྒཻ་མོའི་གཟུགས་ཚོན་གང་བ་བྱས་ལ། དེ་ལ་མཚོན་སྐུད་ཀྱིས་བཏགས་ལ་ཐུགས་ཀའི་གྲུ་གསུམ་དུ་གཞུག །ལིངྒ་བརྒྱ་རྩ་གཅིག་བྱ། གཙང་བརྒྱ་རྩ་གཅིག་རྩེ་མོ་ཁྲག་གིས་བྱུག་པ་མཎྜལ་ཁར་བཞག དེ་ནས་བདག་མི་རྟོག་པའི་ངང་ནས་ཡི་དམ་དུ་བསྐྱེད། ཚོན་སྐུད་ནས་བཟུང་སྟེ་དགུག་གཞུག་ཕྱེད་ཅིང་ཞག་ཉེར་གཅིག་བཟླས་ལ། རྟགས་ནི་མི་ནག་པོ། ཚོན་ནག་སོགས་འོང་། དེ་ནས་ར་ཙ་ཏྲིའུ་ཡི་སྔགས་ཚན་བཏགས་ལ་ཞག་བརྒྱད་བཟླས། ཆོས་སྐྱོང་ཞལ་དགྲ་ལ་བསྟན་ནོ། །དེ་ནས་མཎྜལ་ཁར་ཆོས་སྐྱོང་གན་རྐྱལ་དུ་བསྒྱེལ་ལ་མ་ཧཱ་རཱུ་པའི་སྔགས་ཚན་བཏགས། ཞག་གསུམ་དྲིལ་བཟླས། ཞག་བདུན་བདུན་པོ་ལ། ལིངྒ་རྣམས་ཆོས་སྐྱོང་གི་ཐུགས་ཀའི་གྲུ་གསུམ་དུ། རྩང་གི་རྩེ་མོ་ལ་རོ་རས། ཚིལ་ཆེན་དམ་ནག་དྲིས་བྱུག་པས་ལིངྒ་བསྲེག་གོ། ཐལ་བ་དགྲ་ཕྱོགས་སུ་ཕྱར་རོ། །ཆོས་སྐྱོང་གི་གཟུགས་ནི་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་ན་ལྕགས་ཀྱི་ཐོ་བ་འཕྱར་བ། གཡོན་ཐོད་པ་ཐོགས་པ། ཞབས་གཡས་བསྐུམ་གཡོན་བརྐྱང་བ། ཐོད་པའི་ཕྲེང་བ་ཅན་རུས་པ་དང་སྦྲུལ་གྱིས་བརྒྱན་པ། སྤྱན་གསུམ་པ་དབུ་སྐྲ་ཁམ་སེར་གྱེན་དུ་འདུག་པར་བྱ་སྟེ། ཕྲག་པ་གཉིས་ལ་རུ་མཚོན་དམར་པོ་འཕྱར་བ་བྱའོ།
བསྐུལ་བ་ནི། མ་གཡེལ་མ་གཡེལ་མགོན་པོའི་ཚོགས། །ཚུར་གཤེགས་ཚུར་གཤེགས་མགོན་ནག་ལགས། །ཡབ་ནི་དབང་ཕྱུག་མ་ཧཱ་དེ་བ་དང་། །ཡུམ་ནི་ལྷ་མོ་ཨུ་མ་དེ་བ་གཉིས། དེ་གཉིས་བཤོས་ཅིང་ཚོགས་པའི་བུ། །མ་ཧཱ་ཀཱ་ལ་མཐུ་བོ་ཆེ། །ཤར་ཕྱོགས་གཤམ་པ་ཕྱེད་ཀྱི་བདག ཆིབས་སུ་སྔོན་པོ་འགབ་ནག་ཆིབས། །སྐུ་ལ་དར་ནག་ཞུ་ལུག་གསོལ། །མི་ནག་རྟ་ནག་རྫུ་འཕྲུལ་ཅན། །བཞུགས་ཤིང་བྱང་ཤར་རི་རབ་ཟོམ་ན་བཞུགས། །མཆེད་འགའ་ཆིབས་སུ་རྟ་ནག་སེངྒེ་ཆིབས། །སྐུ་ལ་མཐའ་བེར་སྔོན་པོ་གསོལ། །དབུ་ལ་འབག་ཏིག་ཁྲ་བོ་བཅིངས། །ཞབས་ལ་ཀྱི་མཐིང་ཡུ་དཀར་ཁྲིད། །བསོད་ནམས་ཕུན་སུམ་ཚོགས་པས་ནམ་མཁའི་མཛོད་ལ་རོལ། །ཚུལ་ཁྲིམས་བསྲུངས་པས་གཙང་གནས་གདན་ཁྲི་ཐོབ། །ཡེ་ཤེས་བསྒོམས་པས་རིགས་ལྔའི་སྤྱན་དང་ལྡན། །མགོན་པོ་སྤྱན་རས་གཟིགས་ཏེ་ཐུགས་རྗེའི་མངའ་བདག་ཅན། །གཙུག་ལག་ཁང་གི་བསྲུང་མར་ཞལ་བཞེས་ཤིང་། རྣལ་འབྱོར་ཡོངས་ཀྱི་མགོན་མཛད་ཐུགས་དམ་ཅན། །མནའ་ཟན་གཉེན་པོར་ཞལ་བཞེས་ཤིང་། །ཕྱོགས་བཞི་བདུད་དཔུང་འདུལ་བའི་ཚེ། །སྐུ་ལ་འབུམ་བྱ་སྨན་གྱི་མནན་མ་གསོལ། །རྣལ་འབྱོར༴། མནའ་ཟན༴ །ཕྱག་ན་མཚོན་ཆ་སྣ་ཚོགས་ཐོགས། །ཆེད་འགའ་ཕྱག་ན་ཙནྡན་བེར་ཀ་བསྣམས། །རེས་འགའ་ཕྱག་ན་མདུང་དམར་རྩེ་གསུམ་བསྣམས། རུ་མཚོན་དམར་པོ་རྟག་ཏུ་འཕྱར། །རྫུ་བ་དག་ཀྱང་ཅིར་རྫུ་ན། །མུན་པ་ནག་པོར་རྫུས་ཙ་ན། །བདུད་ནག་ཀུན་གྱི་གཉེན་པོར་ཆེ། །ཆེད་འགའ་ཁྱི་ནག་དོམ་པོར་རྫུ། །ཁྱི་ནག་དོམ་པོར་རྫུ་ཙ་ན། །སྲིད་ཅན་ཀུན་གྱི་གཉེན་པོར་ཆེ། །ཁྱོད་ནི་གཙུག་ལག་ཁང་གི་སྲུང་མ་སྟེ། །མགོན་པོ་འདིར་གཤེགས་མཆོད་པ་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །གཏོར་མ་བྱིན་རླབས་སྤྱི་དང་མཐུན་ཞིང་། །ཆོས་སྐྱོང་མདུན་དུ་བསྒོམ་ལ་བསྙེན་སྔགས་ལན་བདུན་བརྗོད་ལ་དབུལ་ལོ། །ཨོཾ་དུ་ཡོག་ཛཿམ་ཧཱ་ཀཱ་ལ་ཏྲཀྴད། དུ་ཏྲི་ཛཿ མ་ར་ཡ་ཛཿཛཿ ར་ཙ་ཏྲི་པ་དུ་དུ་མ་རཱ་ནི་ཐུམ་རྦད། ཁུག་ཁུག་ཎི་ཨ་ཀཪྵ་ཡ་ཛཿམ་ཧཱ་དུ་ས་ཤ་དུ་ནན། ཚལ་པ་ནན། མཱ་རཱ་ཡ་ནན། དུ་ཡོག་ཛཿམ་ཧཱ་ཀཱ་ལ་ཏྲཀྴད་དུ་དུ་རྦུད་འུར་པ་རྦུད། །ཨྀཐི།
འདི་རྣམས་ཆེས་དམ་པར་བྱས་ན་རང་གཞན་ཀུན་ལ་དགའ་བར་སེམས་ལགས་སོ།།

Revision as of 11:07, 29 January 2019

Resource ID SCv11p715
Title bdud mgon trag shad la brten pa'i dpal mgon po nag po'i man ngag chig sgrub spu gri me dbal
Alt. title śrī mahākāla sadhana nāma
dpal ldan nag po chen po'i sgrub thabs
Topics Dügön Trakshad
Sub-Topics Sadhana

བདུད་མགོན་ཏྲཀྴད་ལ་བརྟེན་པའི་དཔལ་ལྡན་མགོན་པོ་ནག་པོའི་མན་ངག་ཆིག་སྒྲུབ་སྤུ་གྲི་མེ་དབལ་སོགས་བཞུགས་སོ།།