Bkra shis 'od zer ngo sprod

From Shangpa Resource Center
Revision as of 18:24, 29 May 2020 by Sengue (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)








Resource ID TO1
Title bkra shis 'od zer ngo sprod
Topics Pointing out instructions
Author Karma Trashi Öser

ན་མོ་གུ་རུ།
མི་ལུས་ཐོབ་པར་དཀའ་བས། །འཆི་ཁ་སྡུག་སྐད་མ་འདོན།
།ནམ་འཆི་ངེས་པ་མེད་པས། །འགྱོད་མེད་དགེ་ལ་འབུངས་ཤིག
།ཕྱི་མ་མི་ལུས་ཐོབ་ཕྱིད། །ཉ་སྡོམ་བསྙེན་གནས་སྲུངས་ཤིག
།བོད་ཀྱི་ལྷ་སྐལ་ཡིན་པས། །ཡིག་དྲུག་རྒྱུན་དུ་ཐོན་ཅིག
།སྒོམ་གྱི་རྩ་བ་ཡིན་པས། །སེམས་ཀྱི་སེམས་ལ་ལྟོས་ཤིག
།མཐོང་རྒྱུ་ཅི་ཡང་མེད་ན། །དེ་ཡི་ངང་ལ་ཞོག་ཅིག
།མི་དྲན་དགུ་དྲན་འཚུབས་ན། །དྲན་པའི་ངོ་བོ་ང་ལྟོས་ཤིག
།བལྟས་པས་དྲན་པ་ཡལ་ན། །དེ་ཡི་ངང་ལ་ཞོག་ཅིག
།བཞག་པས་མི་འདུག་རྒྱུག་ན། །གར་འགྲོ་ཐོངས་ལ་ལྟོས་ཤིག
།བཏང་ཚེ་ཚུལ་ལ་འཁོར་ན། །དེ་ཡི་ངང་ལ་ཞོག་ཅིག
།ལྟ་ཡུན་རིང་ན་ནོག་པས། །ཡུན་ཐུང་གྲངས་མང་ལྟོས་ཤིག
།ནམ་ཞིག་འཆི་པ་བྱུང་ན། །ཕྱི་དབུགས་ཆད་པའི་མཚམས་ནས།
།གསལ་སྟོང་ཚུལ་ལ་འཆར་ནས། །དེ་དུས་ངོས་བཟུང་གྱིས་ཤིག
།དུས་དང་རྣམ་པ་ཀུན་ཏུ། །སྐྱེ་སླ་ཕན་ཡོན་ཆེ་བས།
།བདེ་བ་ཅན་དུ་སྐྱེས་པའི། །སྨོན་ལམ་རྒྱུན་དུ་ཐོབ་ཅིག
།ཅེས་སཱཙྪ་སྒྲུབ་རྒན་ལ་མཁན་བཀྲ་ཤིས་འོད་ཟེར་ནས་བྲིས་པའོ།
།པང་འདི་དུ་མ་བཏེགས་་་་འི་ཆོ་སྒང་་་གཏེར་་་རྒྱལ་མཚན་ནས་བསྒྲུབས་པས་འགྲོ་ཀུན་རང་ངོ་ཤེས་པའི་གྱུར་ཅིག།