Byin gyis brlabs pa'i nag po chen po'i sgrub thabs rgya gzhung
| Resource ID | BB202 |
|---|---|
| Title | byin gyis brlabs pa'i nag po chen po'i sgrub thabs |
| Alt. title | adhiṣṭhāna mahākāla sādhana |
| Topics | Chadrupa |
| Sub-Topics | Sadhana |
| Author | Shavaripa |
| Notes | See sha ba ri dbang phyug gis mdzad pa'i byin rlabs nag po chen po'i sgrub thabs gso ba'i las mtha' can. Same as rang byin gyis rlabs pa'i nag po chen po'i sgrub thabs dpal sha ba ris bdzad pa |
༼རྒྱ་གཞུང་།༽
།རྒྱ་གར་སྐད་དུ། ཨ་དྷིཥྛཱ་ན་མ་ཧཱ་ཀཱ་ལ་སཱ་དྷ་ནཱ་མཿ
བོད་སྐད་དུ། བྱིན་གྱིས་བརླབས་པའི་ནག་པོ་ཆེན་པོའི་སྒྲུབ་ཐབས་ཞེས་བྱ་བ།
མྱུར་དུ་འབྱུང་བའམ། ནམ་མཁའ་ལ་མགྱོགས་པར་འབྱོན་པས། །མྱུར་མཛད་སྤྱན་རས་གཟིགས་ ཀྱིས་སྣ་དྲང་ནས་འབྱོན་པས་ ལ་ཕྱག་འཚལ་ལོ། དྲིལ་བུ་གཡེར་ཀ་ །ཞབ་གདུབ་དང་བཅས་བི་ནཱ་ཡ་ཀ་ བགེག་ལ་གདན་བྱས་ མནན། ཆོས་ཉིད་མི་འགྱུར་བའི་བརྡར་སྐུ་མདོག་ །ནག་པོ་ཆེན་པོ་སྟག་གི་ཤམ་ཐབས་ཅན། ཀྱི་སྟེང་ན་དར་ལྗང་ཀུའི་སྐེ་རག་བྱས་པ། །ཕྱག་དྲུག་ ཀླུ་ཆེན་པོ་བརྒྱད་ སྦྲུལ་གྱི་རྒྱན་གྱིས་རྣམ་པར་བརྒྱན། །གཡས་པ་ ཉོན་མོངས་པ་གཅོད་པའི་བརྡར་ གྲི་གུག་བར་པ་ སེམས་ཅན་གྱི་དོན་མི་བརྗེད་པའི་བརྡར་ ཕྲེང་བ་འཛིན། །ཐ་མ་ ཆོས་ཀྱི་སྒྲ་སྒྲོགས་པའི་བརྡར་ ཌཱ་མ་རུ་ནི་ གནོད་བྱེད་འཇིགས་པར་བྱེད་པའི་ཚུལ་ དྲག་ཏུ་འཁྲོལ། །གཡོན་པ་ རྣམ་རྟོག་གཅོད་པའི་བརྡར་ ཐོད་ཁྲག་དང་ནི་ དུག་གསུམ་རྩད་ནས་གཅོད་པའི་བརྡར་ མདུང་རྩེ་གསུམ། །དེ་བཞིན་ སེམས་ཅན་འཁོར་བ་ནས་འདྲེན་པའི་བརྡར་ ཞགས་པས་བཟུང་ནས་འཛིན་པར་བྱེད། ཤིན་ཏུ་འཇིག་ཤིང་རྔམ་པའི་ །དྲག་པོའི་ཞལ་ལས་མཆེའ་བ་རྣམ་པར་གཙིག། སྨང་ར་ཨག་ཚོམ་གྱེན་དུ་བརྗེས་པ། །སྤྱན་གསུམ་ དམར་ཞིང་ཟླུམ་ དྲག་པོའི་དབུ་སྐྲ་ ཁམས་སེར་ གྱེན་དུ་འབར། སྦྲུལ་གྱིས་བཅིང་པ་ །དཔྲལ་བར་སིནྡྷུ་ར འམ་ཡང་ན་མཚལ་གྱིས་ ཡིས་ལེགས་པར་བྱུགས། །སྤྱི་བོར་ སྐྲའི་གསེབ་ན་ མི་བསྐྱོད་པ་ ཐུགས་ཀ་ཡན་ཆད་གསལ་བ་དབང་བསྐུར་བའི་ཚུལ་ ཡིས་རབ་ཏུ་བརྒྱན། དུས་རྟག་པར་ཤིང་གི་ཁ་ལ་བཞུགས་ །ཤིང་ལས་བྱོན་ནས་གཏོར་མ་ལེན་པར་དམིགས། བསྙེན་སྔགས་ །ཨོཾ་བཛྲ་ ཞིང་སྐྱོང་ མ་ཧཱ་ཀ་ལ་ཀྵིཾ་ཀྵེ་ཏྲ་ པ་ལ་ བིག་ནན་ གནོད་སྦྱིན་ བི་ནཱ་ཡ་ཀ་ ཚོགས་ཀྱི་བདག་པོ་ ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། དམ་ཚིག་སེམས་དཔའ་ལ་ཡེ་ཤེས་སེམས་དཔའ་བརྟན་པར་བཞུགས་པའི་ཚུལ་དུ་རྟག་པར་རང་གི་སྟེང་ན་བཞུགས། སྔགས་འདི་ ལན་བདུན་བརྗོད་ལ་གཏོར་མ་སྦྱིན། བྱིན་གྱིས་བརླབས་པའི་ནག་པོ་ཆེན་པོའི་བསྒྲུབས་ཐབས། །སློབ་དཔོན་ཆེན་པོ་ཤ་བ་རི་པས་མཛད་པ་རྫོགས་སོ༎
༼།མྱུར་མཛད་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཞབ་གདུབ་དང་བཅས་བི་ནཱ་ཡ་ཀ་མནན།
།ནག་པོ་ཆེན་པོ་སྟག་གི་ཤམ་ཐབས་ཅན། །ཕྱག་དྲུག་སྦྲུལ་གྱི་རྒྱན་གྱིས་རྣམ་པར་བརྒྱན།
།གཡས་པ་གྲི་གུག་བར་པ་ཕྲེང་བ་འཛིན། །ཐ་མ་ཌཱ་མ་རུ་ནི་དྲག་ཏུ་འཁྲོལ།
།གཡོན་པ་ཐོད་ཁྲག་དང་ནི་མདུང་རྩེ་གསུམ། །དེ་བཞིན་ཞགས་པས་བཟུང་ནས་འཛིན་པར་བྱེད།
།དྲག་པོའི་ཞལ་ལས་མཆེའ་བ་རྣམ་པར་གཙིག། །སྤྱན་གསུམ་དྲག་པོའི་དབུ་སྐྲ་གྱེན་དུ་འབར།
།དཔྲལ་བར་སིནྡྷུ་རཡིས་ལེགས་པར་བྱུགས། །སྤྱི་བོར་མི་བསྐྱོད་པ་ཡིས་རབ་ཏུ་བརྒྱན།
།ཤིང་ལས་བྱོན་ནས་གཏོར་མ་ལེན་པར་དམིགས། །ཨོཾ་བཛྲ་མ་ཧཱ་ཀ་ལ་ཀྵིཾ་ཀྵེ་ཏྲ་བིག་ནན་བི་ནཱ་ཡ་ཀ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ།
ལན་བདུན་བརྗོད་ལ་གཏོར་མ་སྦྱིན།
བྱིན་གྱིས་བརླབས་པའི་ནག་པོ་ཆེན་པོའི་བསྒྲུབས་ཐབས། །སློབ་དཔོན་ཆེན་པོ་ཤ་བ་རི་པས་མཛད་པ་རྫོགས་སོ༎༽
