Chöjung Rinchen

From Shangpa Resource Center








Resource ID P246
Date of Birth 1291 Date of Death 1348
External links BDRC P2392

Name Variants

sgrub chen chos 'byung rin chen

Teachers

Jampa Pel

Associated Places

Associated works

Associated to work

Notes

Dates: 1291/1348 in W1KG10294

W1KG10294: འབྲེ་ཤེས་རབ་འབར་གྱིས་བྱིན་གྱིས་བརླབས་པའི་གནས་ཤོང་ཡུར་དུ། ཡབ་དཔོན་ཡིག་གཞོན་ནུ་རིན་ཆེན། ཡུམ་བསོད་ནམས་དཔལ་གཉིས་ཀྱི་སྲས་སུ་ལྕགས་མོ་ཡོས་ལ་འཁྲུངས། ཆུང་ངུ་ནས་འབྲི་ཀློག་ལ་ཚེགས་མེད་དེ། དབུ་ཅན་དབུ་མེད་ཐམས་ཅད་མཁྱེན། བཅུ་གཉིས་པ་ལ་མཁན་པོ་རིན་ཆེན་བསམ་གཏན་དཔལ་བཟང་དང་། སློབ་དཔོན་ཤོང་སྟོན་རབ་བརྟན་ལས་་རབ་ཏུ་བྱུང་། ཕར་ཕྱིན་བསླབས་ནས་གནས་རྙིང་དུ་བཤད་གསར་མཛད་ཅིང་། ཆོས་འཆད་ཀྱང་མཛད། དགུང་ལོ་སོ་གཉིས་ལ་མཁན་པོ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོ། སློབ་དཔོན་ལེགས་མཆོག་པ། གསང་སྟོན་བཀའ་བཞི་བ་རིན་ཆེན་རྡོ་རྗེས་མཛད་དེ་བསྙེན་པར་རྫོགས། སྤྱིར་ཡུལ་དུ་བཞུགས་དུས་ནས་མགོན་པོ་རྒྱན་ཅན་གྱི་སྐུ་ཡང་གཟིགས། གནས་ལུགས་ཀྱི་རྟོགས་པ་ཡང་ཤར། ཁྱུང་པོའི་རྣམ་ཐར་གཟིགས་པས་དེ་ནུབ་ནས་མནལ་ལམ་རྩོལ་མེད་དུ་ཟིན། སོ་བརྒྱད་པ་ལ་སྔ་སོར་ཞུ་ཡིག་ཅིག་བཏང་ནས་འཇག་ཆེན་བྱམས་པ་དཔལ་བ་ལ་མཇལ། གདམས་པ་མ་ལུས་པར་ཞུས། རྒྱབ་སྐྱོར་གྱི་ལུང་རྣམས་སློབ་དཔོན་དཔལ་བཟང་པ་ལ་ཞུས་ཏེ། ཕྱིས་གནས་རྙིང་དང་ཡོལ་དུ་བཞུགས། ཕལ་ཆེར་སྐུ་མཚམས་མཛད། མངོན་པར་ཤེས་པ་ཡང་མངའ། གཞན་མང་པོའང་སྨིན་པར་མཛད། ལྔ་བཅུ་རྩ་བརྒྱད་པ་ས་ཕོ་བྱི་བའི་ལོ་སྐར་མ་བྱ་སྤོས་ཉ་བའི་ཚེས་བཅུ་བཞི་ལ་མྱ་ངན་ལས་འདའ་བའི་ཚུལ་བསྟན། སྤུར་གཞུ་བས་རིང་བསྲེལ་དཔག་ཏུ་མེད་པ་བྱོན་ནོ། མདོར་ན་སྐྱེས་བུ་དམ་པ་འདི་ནི་རྩེས་ཐང་བཏབ་པའི་ལོ་ལ་འཁྲུངས་པ་ཡིན་ལ། མཁས་གྲུབ་ཤངས་སྟོན་འཁྲུངས་ནས་དེང་སང་གི་མེ་ཕོ་སྤྲེའུ་ཡན་ལ་ལོ་ཉིས་བརྒྱ་དང་བཞི་བཅུ་རྩ་གསུམ་འགྲོ་བ་ཡིན་ནོ།