Gtor ma 'bul lugs bsnyen pa'i tshul du bsgrub pa

From Shangpa Resource Center








Resource ID SCv11p50
Title gtor ma 'bul lugs bsnyen pa'i tshul du bsgrub pa
Topics Chadrupa
Sub-Topics Torma offering instructions
Link BDRC W23922

༈ གཏོར་མ་འབུལ་ལུགས་བསྙེན་པའི་ཚུལ་དུ་སྒྲུབ་པ་བཞུགས་སོ།།

༈ ༼ཐ༽ །ན་མོ། ད་དེ་ལ་གཏོར་མ་གཏོང་བར་འདོད་པས། སྣོད་གཙང་མའི་ནང་དུ་ཟན་དང་། ཤ་དང་། ཆང་དང་། ཁྲག་ལ་སོགས་པའི་ཅི་འབྱོར་བ་བཤམས་ལ། དེ་ནས་རང་ཉིད་ཡི་དམ་གྱི་ལྷ་གང་ཡིན་དུ་སྦྱོར་བ་དང་། དངོས་གཞི། རྗེས་གསུམ་གྱིས་རྫོགས་པར་བསྐྱེད་ལ། དེའི་རྗེས་ལ། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་གཏོར་མ་བདུད་རྩིར་གྱུར་པར་བསྒོམ། ཡང་ཨོཾ་ཨཱཿཧཱུྃ་ཞེས་བརྗོད་པས་ཆོས་སྐྱོང་མདུན་དུ་སྤྱན་དྲངས་པར་བསམ་ལ། དེ་ལ་སྙིང་པོ་བརྒྱ་རྩ་བརྒྱད་བཟླས། དེའི་རྗེས་ལ་སྔགས་ལན་བདུན་བརྗོད་པས་གཏོར་མ་གསོལ་བར་བསམ། དེས་ཐུགས་དགྱེས་པ་ལ་འདོད་པའི་དོན་ལ་གསོལ་བ་གདབ། དེ་ནས་ཨོཾ་ཨཱཿཧཱུྃ་མུཿགཤེགས་པར་བསམ། གཏོར་མ་དེས་གཙང་སར་གཏང་བར་བྱའོ།
།དེ་ནི་བསྙེན་པའི་ཚུལ་དུ་སྒྲུབ་པ་ཡིན་གསུངས་སོ།། །ཨྀཐིཿ