Lag len man ngag mngon rtogs bsgrub pa'i thabs 'bring po'i yi ge

From Shangpa Resource Center
Revision as of 17:51, 8 February 2020 by Sengue (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)








Resource ID scv11p36
Title lag tu len pa'i man ngag mngon par rtogs pa bcas pa sgrub pa'i thabs 'bring po'i yi ge
Topics Chadrupa
Sub-Topics Canonical description
Link BDRC W23922

༈ ལག་ཏུ་ལེན་པའི་མན་ངག་མངོན་པར་རྟོགས་པ་བཅས་པ་སྒྲུབ་པའི་ཐབས་འབྲིང་པོའི་ཡི་གེ་བཞུགས་སོ།།

༈ ༼ཆ༽ ན་མོ་མ་ཧཱ་ཀཱ་ལ་ཡ།
ལག་ཏུ་ལེན་པའི་མན་ངག་འདི་ཡིན་ཏེ། །དབེན་པའི་གནས་སུ་སྒྲུབ་པ་པོ་སྟན་བདེ་བ་ལ་འདུག་སྟེ། མདུན་གྱི་ནམ་མཁའ་ལ་བླ་མ་དང་། སངས་རྒྱས་དང་། ཆོས་དང་། དགེ་འདུན་དང་། ཡི་དམ་གྱི་ལྷ་རྣམས་གསལ་བར་དམིགས་ལ། རང་གི་མིང་ནས་སྟོན་ལ་གདུང་བའི་ཚུལ་གྱིས་སྐྱབས་འགྲོ་ལན་གསུམ་བྱའོ། །བདུན་རྣམ་དག་སྒོ་ནས་ཚོགས་བསགས། ཚད་མེད་པ་བཞི་ལ་བློ་སྦྱང་བར་བྱའོ། །དེའི་རྗེས་ལ་བདག་ཉིད་ཡི་དམ་གྱི་ལྷ་གང་ཡིན་དུ་སྦྱོར་བ་དངོས་གཞི་མཇུག་རྫོགས་པར་བསྐྱེད་དེ། དེའི་མདུན་གྱི་ནམ་མཁའ་ལ་པཾ་ལས་པདྨ་འདབ་མ་བརྒྱད་པ། དེའི་སྟེང་དུ་རཾ་ལས་ཉི་མའི་དཀྱིལ་འཁོར། །དེའི་སྟེང་དུ་ཚོགས་བདག །དེའི་སྟེང་དུ་ཧཱུྃ་མཐིང་ནག་བསམ། དེ་ཡོངས་སུ་གྱུར་པ་ལས་མགོན་པོ་གཞུང་ནས་འབྱུང་བ་བཞིན་བསྐྱེད། ཁྲོ་བོ་དེའི་ཐུགས་ཀྱི་ནང་དུ་ན་ལས་པདྨ་འདབ་མ་བརྒྱད་པ། དེའི་སྟེང་དུ་རཾ་ལས་ཉི་མ། དེའི་སྟེང་དུ་ཧཱུྃ་མཐིང་ནག་ལ་རྩ་སྔགས་ཀྱིས་བསྐོར་བ་བསམ་ལ། རང་གི་ཐུགས་ཀའི་ས་བོན་དང་མདུན་གྱི་མགོན་པོའི་ཐུགས་ཀའི་ཧཱུྃ་གཉིས་ལས་འོད་འཕྲོས་པས་ལྷོ་ཤར་གྱི་མཚམས་ཀྱི་དུར་ཁྲོད་ཀྱི་གླིང་ན་ཡེ་ཤེས་ཀྱི་མགོན་པོ་བཞུགས་པའི་ཐུགས་ཀར་ཕོག་ནས་མ་ཧཱ་ཀཱ་ལ་ཛཿཞེས་བརྗོད་པས་བྱོན་པར་བསམ། ཧཱུྃ་ཞེས་བརྗོད་པས་མདུན་གྱི་དམ་ཚིག་པ་ལ་ཐིམ། བཾ་གྱི་གཉིས་སུ་མེད་པར་བྱས་ལ། ཧོཿམི་དགྱེས་པ་མེད་པར་དགྱེས་པར་བསམ། དེ་ལྟར་བསྒོམ་པས་ཁྲོ་བོའི་ཐུགས་ཀར་དམིགས་པ་གཏད་ལ་བཟླས་པ་བྱའོ། །འཇོག་ཙ་ན་འདོད་པའི་དོན་ལ་གསོལ་བ་གདབ། ཨོཾ་ཨཱཿཧཱུྃ་མུཾཿཡེ་ཤེས་པ་གཤེགས། དམ་ཚིག་སེམས་དཔའ་འོད་ཀྱི་རང་བཞིན་དུ་རང་གི་ཐུགས་ཀར་བསྡུའོ།
།མངོན་པར་རྟོགས་པ་སྒྲུབ་པའི་ཐབས་འབྲིང་པོའི་ཡི་གེ་ཡིན་ནོ། །ཨྀཐི།