Lha mo re ma ti'i sgrub thabs kun gyi bcud bsdus gnad bskul

From Shangpa Resource Center








Resource ID Sup21
Title lha mo re ma ti'i sgrub thabs kun gyi bcud bsdus gnad bskul
Topics Pelden Lhamo
Sub-Topics Sadhana
Author Sangyé Tönpa
Link BDRC W3CN18508 (v3p.84)

Needs to be re-read
༈ ཕྱག་དྲུག་ཡེ་ཤེས་མགོན་པོའི་ཆོས་སྐོར་ལས། ལྷ་མོ་རེ་མ་ཏིའི་སྒྲུབ་ཐབས་ཀུན་གྱི་བཅུད་བསྡུས་གནད་བསྐུལ་བཞུགས་སོ།

ན་མོ་གུ་རུ།
ལྷ་མོའི་སྒྲུབ་ཐབས་འདི་ལ་བཞི་སྟེ། བསྒྲུབ་པ། བསྙེན་པ། ལས་ལ་སྦྱར་བ། དྲེན་བཅའ་བའོ།
།ལྷ་མོ་འདི་བཀའ་སྟོད་དུ་སྒྲུབ་ན་རང་ཕྱག་རྡོར་དུ་བསྐྱེད་དོ། །རང་སྐྱར་སྒྲུབ་ན། རང་དང་མདུན་བསྐྱེད་གཉིས་ཀ་ལྷ་མོ་ལ་འཁོར་མའི་བཟླས་པ་བྱེད་དེ་བརྩུབ་གསུང་ངོ་།
།དང་པོ་བསྒྲུབ་པ་ནི། རང་ཕྱག་ན་རྡོ་རྗེ་ཞལ་གཅིག་ཕྱག་གཉིས་པ་གཡས་རྡོ་རྗེ་གཡོན་དྲིལ་བུ་བསྣམས་པ། སྐུ་ལ་སྦྲུལ་གྱིས་བརྒྱན་པ་གཅིག་ཏུ་བསྒོམ་ལ། རྒྱུན་བསྙེན་བྱེད་ན་རང་གི་སྣ་བུག་གཡོན་པའི་རླུང་དང་སྔགས་ཕྲེང་འགྲོགས་ཏེ་ལྷ་མོའི་སྣ་བུག་གཡས་སུ་ཞུགས་ཞལ་དུ་ཐོན་ནས་རང་གི་ཞལ་དུ་འཁོར་བའོ། །ཡང་ན་རང་དང་ལྷ་མོའི་ཞལ་ནས་ལྟེ་བར་འཁོར་བ་ལ་དམིགས་ནས་བཟླས་པ་བྱའོ། དེའི་མདུན་དུ་༼ཡིག་གེ་༽དྷ་གྱུར་པ་ལས་དྲེའུ་ག་པ་༼ཚོ་ཞིང་ལུས་སྐྱུས་རིང་པ་༽ཅུང་ཟད་སེར་བའི་མདངས་དང་ལྡན་པ།༼ཕྱི་ཤ་ལ་ནད་སྐྱལ་བ་་་གས་པའོ།༽ དེའི་སྟེང་དུ་༼ཡིག་གེ་༽ཕ་ནག་པོ་གྱུར་པ་ལས་ལྷ་མོ་སྐུ་མདོག་སྔོ་ནག་མོ་ཞལ་གཅིག་༼སྤྱིར་གཟིགས་པ་སྤྱན་གསུམ་མ་༽ཕྱག་བཞི་མ། གཡས་དང་པོ་རལ་གྲི་༼རྒྱབ་དུ་ཉེ་ན་ལས་ལ་གཡེལ། མདུན་དུ་ཉེ་ན་འ་་་་་་་ག་ཆེ་བས་དྲང་པོར་༽འཛིན་པ། འོག་མ་གྲི་གུག་༼གི་རྩེས་ཐོད་ཁྲག་དཀྲུག་པ་ཐུགས་ཁར་༽འཛིན་པའོ། །གཡོན་དང་པོ་བཾ་༼ནལ་བུའི་བཾ་ཐད་དཀར་འཛིན་པ་༽འོག་མ་ཐོད་པ་༼དགྲའི་དོན་སྙིང་གིས་བཀང་པ་ཐུགས་ཁར་༽འཛིན་པ་ཕྱེད་དཀྱིལ་༼གྱིས་ལྕགས་སྒྲོག་དང་བཅས་པ་༽བཞུགས་པ་གཅིག་བསྐྱེད་ལ། ༼གཙོ་མོའི་མདུན་དུ་ཆུ་སྲིན་གདོང་གཡས་ཞུགས་པས་དགྲ་བོའི་སྐེ་ནས་འཛིན་པ། གཡོན་པས་དྲེལ་སྣ་འཁྲིད་ཅིང་གཙོ་མོ་ལ་ལྟ་བ་མཐིང་ཁའོ། །སེང་གདོང་དམར་ནག་མོ་གཡས་གྲི་གུག་སྤྱིར་འཕྱང་བས་དམ་ཉམས་སྲོག་རྩ་གཅོད་པ། གཡོན་སྡིགས་འཛུབ་དང་ཞུགས་པ་བསྣམས་ནས། གཙོ་མོའི་རྗེས་སུ་འབྲེང་ཞིང་། ཞལ་ཕྱིར་བལྟ་བའོ།༽ ལྷོ་༼རང་གི་ཐུགས་ཁའི་ཧཱུྃ་ལས་འོད་འཕྲོས་ལྷ་མོའི་ཐུགས་ཁའི་ཡ་ནག་པོ་ལ་ཕོག་དེ་ལས་འོད་འཕྲོས་པས་ལྷོ་༽ནུབ་འཚམས་ནས་དེ་ཁོ་ན་འདྲ་བ་གཅིག་༼སྤྱན་དྲངས་ལ་༽ཛ་ཧཱུྃ་བཾ་ཧོས་དགུག་བཞུག་ཅིང་དབང་དུ་བྱས་ལ༼བསྟིམ་མོ༽། ཨོཾ་མ་མ་སརྦ་ཙ་དྷུ་ར་བྷ་ཀྵ་ཛ་རེ་མ་ཏྲི་འུར་བ་འུར་བ། ས་མ་ཏི་ར་ཙ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཞེས་པའི་བསྙེན་སྔགས་༼ཀྱི་དུས་སུ་ཞལ་ནང་དུ་ལས་སྦྱོར་དུས་སུ་ཕྱིར་བལྟ་བར་བསྒོམ་མོ།༽འབུམ་ཕྲག་གསུམ་བཟླས་པ་ནི་གྲངས་ཀྱི་བསྙེན་པ༼འོ༽འམ་དུས་༼ཀྱི་བསྙེན་པ་ལ་ཞག་བཅུ་བཞི་བྱའོ།༽དང་མཚན་མའི་བསྙེན་པ་༼ནི་ལྷ་མོ་ཞལ་མཐོང་པ་རབ་འབྲིང་མེ་ཏོག་ཆར་འབྲུག་རླུང་དམར། ཐ་མ་རྨི་ལམ་དུ་མ་སྲིང་་་་་་ང་མ་ཁོལ་མོ་དྲེའུ་བྱ་ནག་བུང་བུའོ། །ཡང་ན་དགྲ་དྲགས་ནང་ཁྲོལ་མང་པོ་འོང་ངོ་།༽ཅི་རིགས་པ་བྱ་བ་ནི་བསྒྲུབ་བསྙེན་གཅིག་དུ་དྲིལ་བའོ། །ལས་བྱ་བ་ནི་བཀྲ་མི་ཤིས་པའི་གནས་༼དང་པོ་གནས་ཁང་དུ་རོ་བསྲེགས་པའི་འོག་གི་ས་དང་ཕུང་ཤུལ་གྱི་ས་ལ་༽སུ་དུར་ཁྲོད་ཀྱི་ས་ལ་མཎྜལ་གྲུ་གསུམ་ཁྲུ་གང་པ་༼གཅིག་བྱས་ལ་དེ་ལ་༽དུག་སྣ་དང་ཁྲག་༼དང་རོ་སོལ་གྱི་༽སྣས་ནག་པོར་གྱུགས་ལ༼དེའི་ཟུར་དུ་འབྲུབ་འཛུབ་གང་མེ་རི་དང་བཅས་པ་བྱའོ།༽༼དཀྱིལ་དུ་ནས་ནག་ཚོམ་བུ་དགོད་༽ནས་ནག་གི་ཕྱེ་ལ་བྱས་པའི་དཔལ་བཤོས་ཁྲུ་གང་པ་གཅིག་བྱས་ལ་༼མཎྜལ་གྱི་དབུས་སུ་བཞག་དེ་ནས་དཔལ་བཤོས་དེ་དྷ་ལས་དྲེའུ་ཕ་ལས་ལྷ་མོར་བསྐྱེད་ཡེ་ཤེས་པ་རིམ་༽མཐའ་མ་་་་་་་ཀྱུས་༼བསྙེན་པའི་དུས་སུ་ཁ་ནང་དུ་ལས་སྦྱོར་དུས་སུ་ཁ་ཕྱིར་བལྟ་བ་༽དག །ནལ་བུའི་ཁྲུ་མ་ལ་གཞི་བྱས་ལ་༼དར་ནག་ལ་གཞི་བྱས་ལ་ཁྲུ་མ་རྒྱབ་དུ་སློན་༽མཚོན་གྱི་ནང་དུ་དྲི་ཁྲག་དང་ནལ་བུའི་ཁྲག་གཏང་པས་ལྷ་མོའི་༼ཙ་ཀ་ལི་ཡེ་ཤེས་མ་གཏོར་མ་དམ་ཚིག་མའོ།༽སྐུ་བྲིས་ལ་༼དབུ་ནས་ཞབས་ཡན་ཆད་དུ་སྲགས་གཉིས་ཤོང་ཚད་དུ་བྲི་༽དཔལ་ལ་གཟུགས་སོ། །༼མཎྜལ་དེའི་༽དེའི་མདུན་དུ་གྲུ་གསུམ་༼ཀྱི་ལོགས་མཎྜལ་ཟུར་ལ་གཏད་༽འཛུབ་གང་པ་གཅིག་བརྐོས་ལ་དགྲ་བོའི་ལིང་ག་༼བརྒྱ་རྩ་བརྒྱུད་ལ་སོགས་པ་མང་དུ་བྱས་ནས་བསྙེན་པའི་དུས་སུ་ཡང་ཐུན་གྱིས་་་་བ་༽དུག་དང་ཁྲག་གིས་བྲིས་ལ་འབྲུབ་ལུང་གི་ནང་དུ་གཞུག༼བསྙེན་པའི་དུས་སུ་རྣམ་ཤེས་བཀུག་དེ་ལིང་ག་ལ་བསྟིམ་ནས་ལྷ་མི་འབྲེལ།༽ །དེ་ནས་ལྷ་དང་དབྲལ་བར་བྱ་བ་ནི། ༼རང་གི་ཐུགས་ཁའི་ཧཱུྃ་ལས་འཕྲོས་༽ལྷ་མོའི་ཐུགས་ཁ་༼འི་ཕ་ལས་༽ནས་འོད་ཟེར་སྐལ་པའི་མེ་ལྟ་བུ་འཕྲོས་པས་དགྲ་བོའི་ལྷ་རྣམས་རྒྱ་མཚོའི་འགྲམ་དུ་བསྒྲལ་བར་བསམ༼ལས་འབྱོར་དུས་སུ་རྣམ་ཤེས་ཡང་འགུགས་ལྷ་དང་འབྲེལ་ལོ༽། འོད་ལྕགས་སྐྱུ་ལྟ་བུ་འཕྲོས་པས་དགྲ་བོའི་རྣམ་ཤེས་བཀུག་ནས་ལིང་ག་ལ་ཐིམ་པར་བསམས་ནས། དུག་དང་ཡུངས་དཀར་དང་ཀེ་ཚེ་ལ་སོགས་པ་རྣམས་ཀྱིས་འབྲབ་༼བསྙེན་ལས་གཉིས་ཀར་ཐུན་བྲབ་ཐུན་བརྡེག་མི་དགོས་༽ཀྱི། ༼བསད་པའི་དུས་སུ་བསྙེན་སྔགས་དང་བསད་སྔགས་སྦྲེལ་ལ་བཟླས་༽སི་དུ་ཡཾ་དུ་༼དམ་ཉམས་དགྲ་བོ་ཆེ་གེ་མོ་༽ཛ་མ་ར་ཡ་སོད་སོད་ཀྲིང་བྷ་ལ་སོད་འུར་བ་འུར་བ་སོད་སོད་རྒྱུག་རི་རྒྱུག་རི་སོད་སོད། ཞེས་ཟློས་ཀྱི་ཐུན་གྱིས་བྲབས་པས་རིད་པ་འདར་ཡེད་ཡེད་འདུག་པར་བསམ། ཞག་བདུན་གྱི་བར་དུ་ཐུན་བཞིར་དེ་ལྟར་བྱའོ། །༼བསྙེན་པ་དང་ལས་སྦྱོར་གཉིས་ཀའི་དུས་སུ་ནང་ནུབ་གཉིས་ཉིན་གུང་མཚན་གུང་གཉིས་རེ་༽ཐུན་བཞིར་དཔལ་༼མཎྜལ་འབྲུབ་ཁུང་གཏོར་མ་གསུམ་་་་་་་ར་རང་དང་གཉེན་འཁོར་ཕྱོགས་སུ་མི་བསྟན་པར་་་་་་་་་་་་།༽བཤོས་ལྷ་མོར་བསྐྱེད་པ་ལ་གཏོར་མ་རྒྱན་ཅན་དགྲ་བོའི་ཤ་ཁྲག་ཏུ་༼དོན་སྙིང་ལྔ་དང་བཅས་པ་དམར་ཅི་རི་རི་༽བསམས་ཀྱི་༼ལྷ་མོའི་ཞལ་དུ་༽དབུལ་ལོ༼གཏོར་མ་དཔལ་ནང་དུ་བླུག༽། །གཏོར་སྔགས་ནི་བསྙེན་སྔགས་ཀྱི་ཧཱུྃ་ཕཊ་༼གཅིག་༽བཞག་ལ་༼ཧཱུྃ་ཕཊ་གཉིས་ཀྱི་བར་དུ་གཏོར་སྔགས་བཞུག་༽བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་མ་ཁ་རཾ་ཛ། ལིང་ཏ་ཧཱུྃ་ཧཱུྃ་ཕཊ་ཀྱིས་དབུལ་སྨོད་བཅོལ་དྲག་ཏུ་བྱའོ། །༼ལས་སྦྱོར་༽ཞག་བདུན་ཚར་བ་དང་སྐྱེར་ཚེར་༼བསྙེན་པ་དང་བསད་པའི་དུས་སུ་ལིང་ཁ་འབྲུབ་ཁུང་ནས་བསྟོན་ལ་འབྲུབ་ཁུང་གི་མཐའ་མ་ཤིང་གདུག་པ་ཅན་གྲུ་གསུམ་དུ་གཙིགས་ལ་ཐབ་དཀྱིལ་དུ་ལྷ་མོ་སྐྲོངས་སྐྱེད་བྱ། དེའི་ཐུགས་ཀར་མེ་ལྷ་བསྐྱེད། དེ་གཉིས་ཀ་ལ་ཡེ་ཤེས་པ་བསྟིམ། ལིང་ག་གཡོན་དུ་བསྲེག་རྫས་གཡས་སུ་བཞག་ལ་མེ་སྦར་ཏེ། ལག་པ་གཡས་པས་ལིང་ག་དབུལ། གཡོན་པས་བསྲེག་རྫས་དེ་གྲ་དགྲའི་ཤ་ཁྲག་དུ་དམར་ཅི་རི་རི་བསམས་ལ། མེ་ལྷ་དང་ལྷ་མོའི་ཞལ་དམར་དང་ངེ་བ་དེར་སིབ་སིབ་དབུལ་ལོ།༽ཁྲག་སྣ་དུག་སྣ་དགྲ་བོའི་ལིང་ག་རྣམས་བསྲེག་རྣམ་ཤེས་འོག་མིན་དུ་འཕང་པ་གལ་ཆེའོ།
༼རྟེན་གསུམ་པོ་སྤོས་དང་དྲི་བཟངས་ཀྱིས་ཁྲུསབཡ་དུད་པས་གདུག༽རྟེན་༼ཕྱི་རྟེན་མདའ་ཚིགས་གསུམ་ལ་གྲི་མེད་བཞུག །བྱ་རོག་གི་སུམ་སྒྲོ་མེས་མ་བཤུར་བའི་བར་དུ་སྔགས་གཉིས་པོ་བྲིས་ནས་བྱ་ནག་རྒྱལ་མཚན་ལ་གདགས་སོ།༽བཅའ་བ་ནི། བྱ་ནག་གི་རྒྱལ་མཚན་གྱི་ནང་དུ་ལྷ་མོའི་སྐུ་༼ཚུད་ན་བྱའི་སྙིང་ཁ་མ་ཚུད་ན་ཁའོ།༽དར་ནག་ལ་བྲིས་ལ་༼རྒྱབ་དུ་ཁྲུ་མ་སླན་ལ་༽བཞུག་གོ །༼རྟེན་གསུམ་པོ་འདི་ལྷ་མོ་ཁྱོད་ཀྱི་རྟེན་དུ་འཇུགས་པ་ཡིན་ནོ་བྱ་བའི་བཀའ་བསྒོ་དང་། ལྷ་མོའི་སྐུ་བྲིས་ཚད་དང་རྟེན་རྣམས་ལྷ་མོར་བསྐྱེད་པ་དང་། མི་ལ་གསང་ཞིང་མ་མཐོང་པར་བྱས་ཏེ་དར་བག་གཡོག་གོ།༽ནང་རྟེན་ནལ་བུའི་རྒྱལ་མཚན་༼གྱི་བྲང་གི་ཕྱི་ངོས་༽ལ་ལྷ་མོའི་སྐུ་བྲིས་ལ། གྲི་ཁྲག་བཙན་དུག་སྒོག་སྐྱ་ཚིལ་ཆེན་གྱི་དུད་པས་དུས་བཟངས་ལ་བདུག་དགྲ་བོའི་ཕྱོགས་སུ་ཁ་བསྟན་ལ་བཞག༼བསྙེན་པའི་དུས་སུ་རང་ལ་ལྟ་ལས་སྦྱོར་དུས་སུ་དགྲ་ལ་བལྟ་བར་བྱའོ།༽ །དགྲ་བོའི་ལིང་ག་ལ་མིང་རུས་བྲིས་ལ་རྒྱལ་མཚན་གྱི་གསང་གནས་སུ་བཞུག །གནོད་བྱེད་ཀྱི་ལིང་ག་ཡང་བཞུག་གོ༼ནལ་བུའི་བཤང་ལམ་ནས་སྤྱི་གཙུག་དུ་སླེབ་པའི་སྲོག་ཤིང་དབྱུག་པ་གཅིག་གཟུགས། ཐུགས་ཁའི་ཐད་ཁར་དབྱུག་པའམ་ཤུ་གུ་ལ་སྔགས་གཉིས་བྲིས་ལ་དར་གྱིས་དྲིལ། ཡང་ན་བྲང་ལྤགས་ལ་བྲིའོ། །བཤང་ལམ་ནང་དུ་སྲོག་ཤིང་ངམ། ཤོ་གུ་ལ་ལིང་ག་མགོ་ཐུར་དུ་བསྟན་པ་བྲི། དེའི་རྐང་པའི་སྟེང་དུ་རྡོ་རྗེ་རྒྱ་གྲམ་གྱིས་གནན། དེའི་སྟེང་དུ་ལྷ་མོ་བྲི་ཞིང་བསྐྱེད་ཡེ་ཤེས་པ་བསྟིམ་མོ།༽ །ནང་རྟེན་དང་གནན་པ་ཆིག་དྲིལ་དུ་བསྟན་པ་ཞེས་བྱ་བའི་གནད་ཡིན། གཞན་ལ་སྟོན་ན་གནན་པའི་གནད་འདི་བསྟན་དུ་མི་རུང་ངོ་། །གསང་རྟེན་ལ་ནལ་བུའི་སྙིང་གི་རྩའི་ནང་དུ་ལྷ་མོའི་སྐུ་ནལ་བུའི་ཁྲུ་མ་ལ་དར་གི་གཞི་བྱས་ལ། ལྷ་བཟོ་བ་༼ཕྱག་རྡོར་གྱི་༽བསྙེན་པ་༼ཨེན་ཙམ་༽སོང་པས་སྐར་མ་རྒྱལ་གྱི་ཉི་མ་ལ་ཚར་བར་བྲིས་ལ། དར་ལེབ་རྒན་ལ་དྲི་བཟངས་ཀྱིས་ཆུས་བྱུགས་པ་ལ་བསྟན་མ་བཅུ་གཉིས་ཀྱི་གཟུགས་བྲིས་པས་དྲིལ་ལ་རྩ་དབུ་མའི་ནང་དུ་བཞུག །རོ་རྐྱང་གཉིས་ཀྱི་ནང་དུ་དཔལ་མགོན་བདུན་བཅུ་རྩ་གཉིས་བྲིས་ལ་བཞུག །རིན་པོ་ཆེ་སྣ་ཚོགས་བདར་ལ་བཞུག །སྙིང་དར་སྣ་ཚོགས་ཀྱིས་དྲིལ་ལ་གཡོན་དུ་གདགས། མིས་མ་ཚོར་བ་གལ་ཆེའོ། །སྒྲུབ་ཐབས་ཀུན་གྱི་བཅུད་བསྡུས། ལྷ་མོའི་གནད་བསྐུལ་མན་ངག་རྫོགས་སོ། །གཞན་ལ་མ་སྟེར་བྱིན་ན་དཔའ་བོའི་ལག་དུ་མཚོན་གཏད་པ་དང་ཁྱད་མེད་པས་སྡིག་ཆེའོ།
།མ་བྱིན་གཅིག་བྱིན་ན་དམ་ཚིག་ཎ་དོ། ངས་ཁྱོད་མེན་པ་ལ་བྱིན་པ་ཡོད་རི་སྐན། འདི་ལས་ལྷག་པའི་ལྷ་མོ་དཀོན། ཞལ་གདམས་ཆིག་བརྒྱུད་ཁྱད་པར་འཕགས། ཨིཐཱི།
།ཞུས་དག་ལན་གསུམ་བྱའོ། །སངས་རྒྱས་སྟོན་པའི་ཕྱག་བྲིས་གསེར་གདོང་མ་ནས་ཞལ་བཤུས་པ་ཡིན་ནོ། །ཤིན་དུ་ཡིད་ཆེས་སོ།