Me tog mkha' spyod dkar mo'i sgrub thabs

From Shangpa Resource Center
Revision as of 10:44, 4 December 2021 by Sengue (talk | contribs)








Resource ID SCv6p203
Title me tog mkha' spyod dkar mo'i sgrub thabs
Alt. title vajrayoginī sādhanaṃ
rdo rje rnal 'byor ma'i sgrub thabs
Topics Kechari
Sub-Topics Vajra verses
Author Atisha
Link BDRC W23922
BDRC W23922
BDRC W23605
BDRC W4CZ58783 (p.372 alt. version)
BDRC W3CN18508 (p.615)
BDRC W8LS16295 (p.22)
BDRC W8LS32723

༈ མེ་ཏོག་མཁའ་སྤྱོད་དཀར་མོའི་སྒྲུབ་ཐབས་བཞུགས་སོ།

།རྒྱ་གར་སྐད་དུ། བཛྲ་ཡོ་གི་ནཱི་སཱ་དྷ་ནཾ། ༼བཛྲ་ཧྲཱི་ཡོ་གི་ནཱི།༽
བོད་སྐད་དུ། རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས།
རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ།
༼ངལ་བས་༽དོན་མེད་༼པའི་སྒོ་གསུམ་གྱི་སྤྱོད་པས་༽བདག་ལ་གནོད་པའི་༼འཇིག་རྟེན་གྱི་༽བྱ་བ་ཀུན་སྤངས་ནས།
༼སེམས་བསྐྱེད་སྔོན་སོང་ནས༽མཁའ་དབྱིངས་དག་ནས་ཧྲཱིཿཡིག་༼ལས་འོད་༽འཕྲོ་འདུ་ལས། །༼མཁའ་སྤྱོད་མ་༽གར་གྱི་ཉམས་༼དགུ་དང་༽ལྡན་༼ཕྱག་གཡས་༽རྡོ་རྗེ་གྲི་གུག་༼གཡོན་ཐོད་པ་༽བསྣམས། །ཟླ་བའི་མདོག་འདྲ་འོད་ཟེར་སྣ་ཚོགས་འཕྲོས། །སྐུ་གསུང་ཐུགས་ཀྱི་སྙིང་པོ་མཆོད་བྱས་ན། །སྒྲིབ་ཚོགས་དག་ནས་མཁའ་དབྱིངས་དག་ཏུ་འགྲོ།
།མཁའ་སྤྱོད་དཀར་མོའི་སྒྲུབ་ཐབས་པཎྜི་ཏ་དཱི་པཾ་ཀཱ་ར་ཤྲཱི་ཛྙཱ་ནས་༼མར་མེ་མཛད་ཡེ་ཤེས་དཔལ་༽མཛད་པ་ཛོགས་སོ།། །།
མཁའ་སྤྱོད་དཀར་མོའི་དབང་།།

ན་མོ་གུ་རུ།
དབང་སྐུར་བ་འདོད་པས། མཎྜལ་པད་མ་འདབ་བརྒྱད་ཀྱི་དབུས་སུ། ཆོས་འབྱུང་དཀར་པོ་རྐྱང་པ། དེའི་སྟེང་དུ་གཏོར་མ་མཁའ་སྤྱོད་མར་བསྐྱེད་ལ།
སྐྱབས་སུ་འགྲོ་བ་ནས་ལམ་ཡན་ལག་ལྔ་ལ་སོགས་པའི་བར་དུ་ཅི་རིགས་པར་བྱ། དེ་ནས་ལུས་དང་ལོངས་སྤྱོད་ཐམས་ཅད་ལྟོས་པ་མེད་པར་ཕུལ་ནས། དབང་བཞི་རྫོགས་སུ་སྐུར་དུ་གསོལ་ཞེས་གསོལ་བ་གདབ།
མཁའ་སྤྱོད་མའི་སྐུ་གསུང་ཐུགས་ལས་འོད་ཟེར་དཀར་དམར་འཐིང་གསུམ་འཕྲོས། སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་མཆོད། སྐུ་གསུང་ཐུགས་ཀྱི་ཡོན་ཏན་ཐམས་ཅད་འོད་ཟེར་དཀར་དམར་འཐིང་གསུམ་དུ་མཁའ་སྤྱོད་མའི་སྤྱི་བོར་ཐིམ་པས། མཁའ་སྤྱོད་མའི་སྨིན་མཚམས་ནས་འོད་ཟེར་དཀར་པོ་བྱོན་རང་གི་སྨིན་འཚམས་སུ་ཕོག ལུས་ཀྱི་བསགས་པའི་སྡིག་སྒྲིབ་དག །བུམ་པའི་དབང་ཐོབ་པར་བསམ།
དེ་བཞིན་དུ་དམར་པོ་མགྲིན་པར། ངག་གི་དག །གསང་དབང་ཐོབ།
འཐིང་ཁ་སྙིང་ཁར་ཕོག་པས་ཡིད་ཀྱི་སྡིག་སྒྲིབ་དག་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པར་བསམ་མོ།
།དེ་ནས་སེམས་མ་བཅོས་པ་ཕྱག་རྒྱ་ཆེན་པོར་བཞག་གོ དེས་ལུས་ངག་ཡིད་གསུམ་ཐ་དད་དུ་འཛིན་པ་དག་ནས་དབང་བཞི་པ་ཐོབ་པའོ།
།དེ་ནས་གཏོར་མ་སློབ་མའི་སྤྱི་བོར་བཞག་པ་དང་། རྗེ་བཙུན་མ་རྒྱུད་ལ་སྟིམ་གྱིས་ཐིམ་པར་བསམ་མོ།
།དེ་ནས་ཚོགས་ལ་རོལ། འཇུག་དགེ་རྩ་བྱང་ཆུབ་དུ་བསྔོའོ། ཨིཐི།།