Phyag bshags rdo rje gsal ba'i sgron me

From Shangpa Resource Center








Resource ID BB217
Title phyag bshags rdo rje gsal ba'i sgron me
Alt. title bshags pa chen po nyi ma'i snying po
Topics Chadrupa
Sub-Topics Various
Author Rahula

TO INPUT
མགོན་པོའི་ཕྱག་བཤགས་རྡོ་རྗེ་གསལ་བའི་སྒྲོན་མེ་བཞུགས་སོ།

རྒྱ་གར་སྐད་དུ། ཡིར་ཨུ་རི་ར་ཙ་པུ་ཏ་མ་ཧ་ར་ཙ་པ་ཏི་མ་ཧ་གུ་པ་ཏ་མ་ཧ་ན་མ།
བོད་སྐད་དུ། བཤགས་པ་ཆེན་པོ་ཉི་མའི་སྙིང་པོ། རྒྱལ་པོ་ཆེན་པོ་ར་ཧུ་ལ་ལ་ཞུས་པ་ཞེས་བྱ་བ།
ཕྱོགས་བཅུའ་དུས་གསུམ་གྱི་རྡོ་རྗེ་འཛིན་པ་ཐམས་ཅད་ལ་ཕྱག་འཚལ་ལོ།
།རྒྱལ་པོ་ཉི་མའི་དབང་པོས་མུ་སྟེགས་ཀྱི་ཆོས་རྣམས་ཕྱིར་གཞེ་པ་ཏེ། སངས་རྒྱས་ལ་མོས་ཤིང་ཁྱད་པར་དུ་ནག་པོ་ཆེན་པོ་འདི་ལ་མོས་ཞིང་། འདུན་པར་གྱུར་པའི་ཚེ། ནུབ་ཅིག་རྨི་ལམ་ན། མི་བསྡུག་པའི་མུན་པ་ཆེན་པོ་བསྲོས་ཤིང་། བྱེ་མའི་རི་ནག་པོ་ལ་ཐུར་དུ་མཆོད་པ་དང་། རང་གི་ཤ་རང་གིས་ཟ་ཞིང་དེ་ཉིད་ཀྱི་ཁྲག་འཐུང་པ་དང་། མི་གཙང་བའི་རོལ་མཚོའ་ལ་བརྒལ་ཞིང་། བདག་གིས་འཁོར་འབང་བསྡུའ་བ་དང་། མཛེའ་པོ་དང་། ཡུག་ས་མོ་དང་། ཤན་པ་རྣམས་ཀྱིས་མཐའ་བསྐོར་ཞིང་། ༥༣ ་་་
དེའི་ཚེ་ར་ཧུ་ལ་གུ་པ་ཏ་བཛྲས། རྒྱལ་པོ་ལ་བཀའ་རྩལ་པ།
ཨེ་མ་ཧོ་ཤེས་བྱ་རིག་པའི་གནས་ལྔ་ལ། །འཛིན་བྱེད་རིག་པའི་བློས་སྦྱང་ཤིང་། །རྒྱལ་བའི་དགོངས་པ་ཁྲོལ་གྱུར་ཅིག །དུག་ལྔའི་ཡུལ་ལ་རང་གི་སེམས། །སྒྱུ་མ་ལྟ་བུར་མ་སྦྱངས་ན། །་་་ ༥༦
པཎྜི་ཏ་རྣམས་ཀྱིས་རབ་ཏུ་ཞུས་པའི་ཚུལ་གྱིས། ར་ཧུ་ལ་གུ་ཏ་བཛྲ་ལ་འདི་སྐད་ཅེས་གསོལ་ཞིང་བསྟོད།
།སེམས་ཉིད་ཆོས་ཀྱི་བློ་གྲོས་ནམ་མཁའ་ལ། །རིག་པའི་གནས་ལྔ་སྤྲིན་དང་ན་བུན་སྦྱངས། །སྒྱུ་མར་བལྟས་ཤིང་སྒྱུ་མར་སྦྱངས་གྱུར་པའི། །བདུད་བཞི་བྲལ་བ་ཁྱེད་ལ་ཕྱག་འཚལ་ལོ། །འཁྲོ་བའི་ཉམས་ཆགས་འཁྲུལ་པར་གྱུར་པ་རྣམས། །ཅི་ལྟར་བསྐངས་ཞིང་ཅི་ལྟར་བཤགས་པར་བགྱི། །མཁས་ཤིང་མཛོད་འཆང་བློ་གྲོས་རྒྱལ་པོ་ཡིས། ་་་ ༥༨
དཀྱིལ་འཁོར་དང་མཆོད་གཏོར་ཚང་བར་བཤམ་པའམ། ཏིང་ངེ་འཛིན་བསྐྱེད་ལ་འགྲོ་བའི་དོན་དུ་དེ་རྣམས་ལ་ཕྱགས་བྱས་ཏེ།
ཨེ་མ་ཧོ་སངས་རྒྱས་ཀུན་གྱི་བདག་ཉིད་འགྲོ་བའི་དཔལ་དང་མགོན། །ཡོན་ཏན་ཀུན་གྱི་བདག་ཉིད་ཐུགས་རྗེའི་བདག་ཉིད་ཅན། །འགྲོ་བ་ཀུན་གྱི་དེད་དཔོན་མཁས་པའི་བདག་ཉིད་ཆེ། །དུས་གསུམ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །མཚན་དཔེས་རབ་བརྒྱན་ཡོན་ཏན་འབྱུང་བའི་གནས། །རྡོ་རྗེ་བླ་མའི་སྐུ་ལ་ཕྱག་འཚལ་ལོ། །སྒྲ་དབྱངས་དོན་ལྡན་ཚངས་པའི་ང་རོ་ཅན། །རྡོ་རྗེ་བླ་མའི་གསུང་ལ་ཕྱག་འཚལ་ལོ། །ཟབ་ཞི་སྤྲོས་བྲལ་འགག་མེད་འདུས་མ་བྱས། །རྡོ་རྗེ་བླ་མའི་ཐུགས་ལ་ཕྱག་འཚལ་ལོ། །འགྲེའོ། ། ་་་ ༦༠
།རྒྱལ་པོ་ཆེན་པོ་འདི་ཉིད་ལ་རབ་ཏུ་དགའ་ཞིང་མདུན་པར་གྱིས་ཅིག །རྒྱལ་པོ་ཆེན་པོ་དང་བའི་སེམས་ཀྱིས་འདི་ཟུང་ཅིག །ཅེས་བཀའ་རྩལ་པ་དང་། རྒྱལ་པོ་ཆེན་པོ་ཉི་མའི་དབང་པོ་དང་། ཕྱོགས་བཅུའི་པཎྜི་ཏ་རྣམས་རབ་ཏུ་དགའ་ཞིང་། རྗེས་སུ་ཡིད་རང་སྟེ། ནག་པོ་ཆེན་པོའི་ཞལ་དེ་ཉིད་དུ་མཐོང་སྟེ། ནག་པོ་ཆེན་པོ་དེ་ཉིད་ཀྱིས། དེའི་ཚེ་ལུང་བསྟན་པ་མང་པོ་ཡང་མཛད་དོ། །ལུང་བསྟན་པའི་སྒྲ་སྐད་དེ་ཐོས་པ་ཙམ་གྱིས་ཀྱང་མཐོང་ལམ་གྱི་ཏིང་ངེ་འཛིན་རྒྱུད་ལ་སྐྱེས་པར་གྱུར་རོ། །ཆོས་ཀྱི་རྒྱལ་པོ་ཉི་མའི་དབང་པོས། རྒྱལ་པོ་ཆེན་པོ་ར་ཧུ་ལ་གུ་པ་ཏ་བཛྲ་ལ་ཞུས་པའི་ཕྱག་བཤགས་རྡོ་རྗེ་གསལ་བའི་སྒྲོན་མེ་ཞེས་བྱ་བ། རྫོགས་སོ། མཾ་བྷ་ལ་བྷ་བ་ཏུ།།