Rtsa sgor lung 'don

From Shangpa Resource Center
Revision as of 08:53, 28 June 2019 by Sengue (talk | contribs)








Resource ID SCv8p742
Title rlung 'don
Alt. title rtsa sgor rlung 'don
Topics Yantra
Sub-Topics Various
Author Niguma
Link BDRC W23922
BDRC W3CN18508
BDRC W8LS32723
Notes Translated in english in the book Lady of illusion

༄༅། །རླུང་འདོན་ནི།།
ན་མོ་གུ་རུ།
རྩ་རླུང་ལ་སོགས་བསྒོམས་པ་ཡིས། །ལུས་ལ་བདེ་བ་སྐྱེས་གྱུར་ན། །བདེ་བ་སྨད་དུ་ལྷུང་བ་ཡིས། །བདེ་བ་ཕྱི་རུ་ཤོར་དོགས་ན། །རྩ་སྒོར་རླུང་གདོན་ཤིན་ཏུ་གཅེས།
།དབེན་ཞིང་འབོལ་བའི་སྟན་དག་ལ། །ལངས་ལ་ལུས་འདི་བསྲང་བྱས་ཏེ། །རླུང་གི་འཁོར་ལོ་ཐུར་དུ་བཤིག །ལག་ཉིས་སྤྱི་བོར་རྒྱངས་བྱས་ལ། །མེ་ཡི་འཁོར་ལོ་མཉམ་དུ་སྦྱར། །རྟིང་པ་བཏེག་ཅིང་ས་ལ་བརྡབ།
།དམིགས་པ་ལྟེ་འོག་སོར་བཞི་ན། །རྩ་གསུམ་འདུས་པའི་འདོམས་པ་ནས། །གཏུམ་མོ་ཡེ་ཤེས་མེ་འབར་ཏེ། །ཨ་བ་དྷཱུ་ཏཱིའི་ནང་ན་ཡར། །ནར་གྱིས་སོང་བས་སྤྱི་བོར་སླེབ། །ཚངས་བུག་ཀྵ་ཡིག་ཕྱིར་གསལ་ཏེ། །མེ་ལྕེ་ཉུག་སྟེ་བྱུང་བ་ལས། །མེ་དང་འགྲོགས་པའི་རླུང་དེ་ནི། །ཁ་དོག་སྔོན་པོ་པྱུ་རུ་རུ། །དུ་བའི་ཚུལ་དུ་ཐོན་པར་བསམ།
།དེ་ནས་འཇོག་པའི་དུས་ཙ་ནས། །མེ་དེ་གནས་སུ་སོང་བ་དང་། །ཀྵ་དེས་ཚངས་བུག་དཀག་པར་བསམ། །དེས་ནི་ཐིག་ལེ་འདྲེན་པའོ།
།ཐིག་ལེ་ལུས་ལ་དགྲམ་པ་ནི། །ལངས་ལ་ལག་གཉིས་ཁུ་ཚུར་བཅངས། །གཡས་པ་བརླ་ཡི་ཟུར་ལ་བརྐྱང་། །གཡོན་པ་ཅུང་ཟད་བསྐུམ་བྱས་ལ། །གཡོན་པའི་གཞོགས་ནི་གཡས་ངོས་སུ། །དགྲ་པོ་བདུན་བདུན་འཐེན་པར་བྱ། །དེ་ནས་གཡོན་པ་བརྐང་བྱས་ལ། །གཡ་པའང་དྲག་ཏུ་འཐེན་པར་བྱ།
།དེ་ནས་ལག་ཉིས་སོར་མོ་རྣམས། །བསྣོལ་ཏེ་བྲང་ལ་དགབ་པར་བུ། །མཐེབ་ཆེན་གཉིས་ནི་མཆན་འོག་དང་། །ནུ་མའི་ལོགས་ནས་བཙིར་བྱས་ཏེ། །རོ་སྟོད་གཡས་དང་གཡོན་དུ་ནི། །དྲག་པོ་བདུན་བདུན་གཅུ་བར་བྱ། །དེས་ནི་ལུས་ལ་དགྲམ་པའོ། །ཐིག་ལའི་སྐྱོན་རྣམས་སེལ་བར་བྱེད།
ནཻ་གུ་མའི་ཞལ་གདམས་སོ།། ཨྀཐིཿ །།