Sgyu lus sbas don gyis 'khrul 'khor

From Shangpa Resource Center








Resource ID SCv10p330
Title sgyu lus sbas don gyis 'khrul 'khor
Topics Illusory body, Chandali
Sub-Topics Yantra
Link BDRC W23922
Notes Linked to thabs lam 'khrul 'khor dang 'chi med 'khrul 'khor

༼སྒྱུ་ལུས་སྦས་དོན་གྱིས་འཁྲུལ་འཁོར།༽

༈ ཨོཾ་སྭ་སྟི།
སྒྱུ་ལུས་སྦས་དོན་གྱིས་འཁྲུལ་འཁོར་ནི།
།འབེབས་པའི་འཁྲུལ་འཁོར་རྣམ་གསུམ་ནི། །རྡོ་རྗེ་སྐྱིལ་ཀྲུང་༼ཁུ་ཚུར་སྤྱི་ཕྱིར་གཙུག་རྡེག༽ལན་གསུམ་རྡེག །རྡོ་རྗེ་ཁུ་ཚུར་ཐུར་དུ་རྡིག ༼ཁུ་ཚུར་སྤྱི་མཚམས་ཟླ་རྒྱུད་སྤུས་ཚུར་གན་རྐྱལ་སྤྱི་༽ །བྱ་ཉོང་བྱ་ཞིང་ཐུར་དུ་རྡིག ༼ཁུ་ཚུར་སྤྱི་མགོའི་སྟེང་ནུ་སྟེང་སྤུས་རྡེག༽
།འཛིན་པའི་འཁྲུལ་འཁོར་རྣམ་གསུམ་ནི། ༼སྔོན་མ་འདི་༽ །ལུས་གནད་ས་གནོན་མཉམ་བཞག་ལ། །རླུང་གནད་བླ་མའི་ཞལ་ལས་ཤེས།
།འདྲེན་པའི་འཁྲུལ་འཁོར་རྣམ་གསུམ་ནི། །ལུས་གནད་རུས་སྦལ་ཁ་བུག་ལ། ༼གྲུ་མོ་སྤུས་མོ་གྲངས་༽ །ཧཱུཾ་རིངས་ཧཱུཾ་ཐུང་ཤང་ལམ་བཟློག
།དགྲམ་པའི་འཁྲུལ་འཁོར་རྣམ་གསུམ་ནི། །གཅན་གཟན་རྒྱལ་པོའི་འདུག་སྟངས་དང་། །གཡང་མོའི་སྡིང་སྤྲུག་རྒོད་ལྡིང་བྱ།
།འཁྲུགས་སྡེབས་བླ་མའི་ཞལ་ལས་ཤེས།།