Difference between revisions of "Su kha chos drug bdag med ma'i nang khrid"

From Shangpa Resource Center
 
(One intermediate revision by the same user not shown)
(No difference)

Latest revision as of 21:33, 7 March 2021








Resource ID SCv7p568
Title su kha chos drug bdag med ma'i nang khrid
Topics Six doctrines of Sukhasiddhi
Sub-Topics Nairatmya
Author Künga Drölchok
Associated Person Khyungpo Neljor
Virupa
Link BDRC W23922
BDRC W8LS32723

༈ བདག་མེད་མའི་ནང་ཁྲིད།

བདག་མེད་མ་ཡི་ནང་ཁྲིད་ནི།
།སྐྱབས་སེམས་སྔོན་དུ་སོང་ནས། རང་བདག་མེད་མའི་སྐུར་གསལ་བའི་སྒལ་ཚིགས་ཉེར་གཅིག་ལ་བདག་མེད་མ་མཚོན་གང་རེ་བཞུགས་པའི་ལུས་ཀྱི་དབུས་སུ་རྩ་གསུམ་ཤིང་སྡོང་ལ་འཁྲིལ་ཤིང་ཚུལ་དུ་རོ་རྐྱང་གཉིས་དབུ་མ་བསྟེན་པར་བསྒོམ། ལྟེ་བར་པད་འདབ་བཞི་མདུན་སྔོ་སྐྱ། གཡས་དམར། གཡོན་སེར། ལྟེ་བ་ལྗང་ཁུ་ལ་ཧ་རི་ནི་ས་ཨའི་ཡི་གེ་འཁོད་པ་ལ་སྤྱི་བོར་སློབ་དཔོན་བིརྺ་པ་དང་དབྱེར་མེད། དགྱེས་མཛད་རྡོ་རྗེ་ཧེ་རུ་ཀཿཞལ་གཅིག་ཕྱག་གཉིས་པ་གར་གྱི་ཉམས་ལྡན་མདུན་གྱི་ནམ་ཁར་དམ་པ་རྒྱ་གར་སྐུ་སྨད་ལ་དར་གྱི་ཐུལ་པ་བསྣམས། ཕྱག་ན་སྦའི་གླིང་བུ་འཛིན་པ་ཞལ་རང་ལ་བསྟན་པ་ཅིག་བསྒོམ་ལ། བིརྺ་པ་ཧུྃ་སུ་ཁ་མ་ཨཱཿདམ་པ་རྒྱ་གར་ཨོཾ་ཞེས་རྩེ་གཅིག་ཏུ་གསོལ་བ་བཏབ་མཐར་ཨཱཿལྟེ་བ་ན་གནས་པ་ལས་ཨའི་མདའ་གཅིག་འཆད། རྩ་དབུ་མའི་གཞུང་ལ་བརྟེན་རླུང་སེམས་གཉིས་ཀྱི་ལྕག་གིས་བསྐུལ་ནས་གྱེན་ལ་བྱོན་པར་བསམ། ལུསག་གཡས་གཡོན་རེ་མོས་སུ་གཅུ་ཞིང་། རྐང་པ་སྐྱིལ་ཀྲུང་། ལག་པ་གཉིས་རླར་བཞག །མིག་འབྲས་ཀྱང་གྱེན་ལ་རིམ་གྱིས་བཀོད། དེའི་ཚེ་རོ་རྐྱང་གིས་ཞགས་པས་དབུ་མའི་ལམ་བཅུན་ནས་ཨཱཿ སྤྱི་བོར་རྒྱངས་ཐོན་ཏེ་སུ་ཁ་མ་སིངྷི་དང་དབྱེར་མེད་པའི་བདག་མེད་མ་བདེ་བ་རྒྱས་མར་གྱུར་ནས་ནག་པོ་བིར་ཝ་པ་ལ་དཀྱུད་ཀྱི་འཁྱུད་ནས་མཉམ་པར་སྦྱར་བའི་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་སྒལ་ཚིགས་ལ་བརྒྱུད་བདག་མེད་མ་ཉེར་གཅིག་གིས་སྐུ་གང་མཐར། ལྟེ་བ་ལུས་ཀྱི་ཞིང་ས་ན་ལུས་མ་ལུས་པ་ཁྱབ་པར་བསམ་ལ། བཞིན་ལ་ངར་བླུད། མིག་རྩ་སྤངས་བསྟོད། ཤེས་པ་ལ། ཕྲོག་ཕྱུང་ལ། ནམ་མཁའ་རིག་མེད་ལྟོང་པ་ལ། །རིག་བཅས་སེམས་ཀྱི་རྩ་བ་གཅུན། །རྩ་བ་གཅུན་ལ་ལྷུག་པར་བཞག །ལྷུག་པར་བཞག་པས་རང་སོ་ཟིན། །ཅེས་པའི་གནད་ཉིད་དོ། །དགྱེས་རྡོར་ཀུན་ཏུ་དབྱེར་མིན་ལ། །སུ་ཁ་དགའ་བཞིའི་མདུད་གྲོལ་མཆོག །བདེ་ཆེན་འཁོར་ལོའི་རྒྱན་གྱུར་ཚུལ། ཡི་གེའི་སྣང་བར་འཕོས་འདྲ་འདིའོ།
།ཁྱུང་པོའི་ཡིག་རྙིང་ལས་བསྡུས་སོ།།