Difference between revisions of "Ye shes mkha' 'gro ni gu ma'i gser chos lnga'i sngon 'gro"

From Shangpa Resource Center
Line 8: Line 8:

|BDRC link=[https://www.tbrc.org/#!rid=W4CZ58783 BDRC W4CZ58783 (p. 67)]

this text needs to be re-read
ཡེ་ཤེས་མཁའ་འགྲོ་ནི་གུ་མའི་གསེར་ཆོས་ལྔའི་སྔོན་འགྲོ།

དོན་དམ་བློ་འདས་ཆོས་ཀྱི་སྐུ། །ཟག་མེད་བདེ་རྒྱས་ལོངས་སྤྱོད་རྫོགས། །གང་འདུལ་ཐབས་ཀྱི་འགྲོ་བ་འདུལ། །བླ་མ་དམ་པའི་ཞབས་ལ་འདུད།
སྔོན་འགྲོ་རྣམས་ཉམས་སུ་བླང་བ་ལ་གསུམ། ཐུན་མོངས་ཀྱི་སྔོན་འགྲོ་དང་། ཐུན་མོངས་མཡིན་པའི་སྔོན་འགྲོ་དང་། ཁྱད་པར་གྱི་སྔོན་འགྲོའོ།
།དང་པོ་ཐུན་མོངས་ཀྱི་སྔོན་འགྲོ་ལ་བཞི། དལ་འབྱོར་རྙེད་པར་དཀའ་བསམ་པ། འཆི་བ་མི་རྟག་པ་བསམ་པ། ལས་རྒྱུ་འབྲས་བསམ་པ། འཁོར་བའི་ཉེས་དམིགས་བསམ་པའོ།
།བཞི་པ་འཁོར་བའི་ཉེས་དམིགས་བསམ་པ་ལ་དྲུག །དམྱལ་བ་ཚ་གྲང་གི་སྡུག་བསྔལ་བསམ་དང་། ཡིད་བཏགས་སྐྲེས་སྐོམ་གྱི་སྡུག་བསྔལ་བསམ་པ། དུད་འགྲོ་ཀླེན་ལྐུགས་ཀྱི་སྡུག་བསྔལ་བསམ་པ། མི་སྐྱེ་རྒས་ན་འཆིའི་སྡུག་བསྔལ་བསམ་པ། ལྷ་མ་ཡིན་འཐབ་རྩོད་ཀྱི་སྡུག་བསྔལ་བསམ་པ། ལྷ་འཕོ་ལྡུང་གི་སྡུག་བསྔལ་བསམ་པ་རྣམས་ནི་སྤྱི་དང་མཐུན།
གཉིས་པ་ཐུན་མོངས་མཡིན་པའི་སྔོན་འགྲོ་ལ་བཞི། སྐྱབས་སུ་འགྲོ་བ་དང་། སེམས་བསྐྱེད་པ། རྡོ་རྗེ་སེམས་དཔའི་སྒོམ་བཟླས་བྱ་བ། མཎྜལ་འབུལ་བ། བླ་མའི་རྣལ་འབྱོར་སྒོམ་པའོ།
དང་པོ་སྐྱབས་སུ་འགྲོ་བ་ནི། མདུན་གྱི་ནམ་མཁར། དཔག་བསམ་གྱི་སྡོང་པོ་ཡལ་ག་དང་ལོ་འདབ་ཕྱོགས་བཅུར་རྒྱས་པའི་སྟེང་དུ། སེང་གེ་བཞིའི་བཏེག་པའི་རིན་པོ་ཆེའི་ཁྲི་ཡངས་ཤིང་རྒྱ་ཆེ་བ། དེའི་སྟེང་དུ་པཾ་ལས་པདྨ། རཾ་ལས་ཉི་མ། ཨ་ལས་ཟླ་བའི་བདན་རྒྱ་ཆེ་བའི་དབུས་སུ། རྩ་བའི་བླ་མ། ཆོས་འབྲེལ་ཡོད་ཚད་ཀྱི་བླ་མ་དང་། རྒྱུད་པའི་བླ་མ་རྣམས་ཀྱིས་བསྐོར་བ། མདུན་དུ་རྒྱུད་སྡེ་ལྔའི་ལྷ་ཚོགས་ལ། ཡི་དམ་བཞན་ཡོད་ཚད་ཀྱི་བསྐོར་བ། གཡས་སུ་དུས་གསུམ་གྱི་སངས་རྒྱས་ལ། བརྒྱས་སྟོང་རྩ་གཉིས་ཀྱིས་བསྐོར་བ། རྒྱབ་དུ་ཐེག་པ་ཆེན་པོའི་ཆོས་སྤོ་སྟི། གསེར་གདོང་རང་ལ་རང་སྟན་པ། གཡོན་དུ་ཐེག་ཆེན་གྱི་དགེ་འདུན་དང་། ཉོད་ཀྱི་དགེ་འདུན་ལ་མཆེད་གྲོར་ཆོས་འཛད་རྣམས་ཀྱིས་སྐོར་བ། འཚམས་རྣམས་སུ་དམ་པ་ཆོས་སྐྱོང་བའི་བསྲུངས་མ་རྣམས་བསྒྲུབ་པ་པོ། ཆོས་སྒྲུབ་པ་ལ། བར་དུ་བཅོད་པའི་གདོན་བགེགས་བསྲུང་བའི་ཚུལ་དུ། ཞལ་ཕྱིར་བཟིགས་སུ་བཞུགས་པ་རྣམས་ལ། ཨརྒཾ་ལ་སོགས་པས་མཆོད་ཅིང་། བློ་དང་འདྲེ་ངེས་པའི་སྐྱབས་འགྲོ་བྱའོ།
།སེམས་བསྐྱེད་པ་ནི།To input

།སེམས་བསྐྱེད་པ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ། འགྲོ་རྣམས་སྒྲལ་འདོད་ཚར་གསུམ་དང་། ཚད་མེད་པ་བཞི་སྒོམ།
''''''རྡོ་རྗེ་སེམས་དཔའི་སྒོམ་བཟླས་བྱ་བ་ནི། རང་ཐ་མས་པའི་སྤྱི་བོར། པད་ཟླའི་སྟེན་དུ། ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ལྟེ་བ་ལ་ཧཱུྃ་གི་མཚན་པ། དེ་ལས་འོད་ཕྲོས་དོན་གཉིས་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས། རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་མཁྱུད་པ། ཡུམ་རྡོ་རྗེ་སྙེ་མ་དཀར་མོ་གྲི་གུག་དང་ཐོད་པ་འཛིན་པས་ཡབ་ལ་མཁྱུད་པ། གཉིས་ཀའང་མཚན་བཟང་པོ་སུམ་བཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱ་བཅུས་སྤྲས་ཞིང་། རུས་པ་དང་རིན་པོ་ཆེའི་བརྒྱན་གྱིས་བརྒྱན་པའི་གནས་གསུམ་དུ་ཡིག་འབྲུ་གསུམ་བཀོད་པའི། ཧཱུྃ་ལས་འོད་འཕྲོས། བླ་མ་ཡི་དམ། སངས་རྒྱས་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོ་རྣམས་ཀྱི་ཐུགས་ཁ་ནས་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས། རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་ཞལ་དུ་ཞུགས། སྐུའི་དབྱིབས་རྒྱུད་སྦྱོར་མཚམས་ནས་བདུད་རྩིའི་བརྒྱུན་བབས། སྤྱི་བོ་ནས་མར་ཞུགས་པས། ལུས་ངག་ཡིད་གསུམ་གྱི་སྡིག་པ་དང་སྒྲིབ་པ། ནད་དང་གདོན། དམ་ཚིག་ཉམས་ཆག་ཐམས་ཅད་བཤང་ལམ་དང་། ཆུ་ལམ་བ་སྤུའི་བུ་ཁ་སོགས་ནས་ཕྱིར་ཐོན་པར་བསམ་ལ།
ༀ་བཛྲ་ས་ཏྭ་ས་མ་ཡཱ། མ་ནུ་པ་ལ་ཡཱ། བཛྲ་ས་ཏྭ་ཏཱཻ་ནོ་པ། ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱ་མེ་བྷ་ཝ། ཨ་ནུ་རག་ཏོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། སརྦ་སདྷི་མེ་སྤྲ་ཡཾ་ཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟ་ཤྲི་ཡཾ་ཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོ། བྷ་ག་ཝན། སརྦ་ཏ་ཐཱ་ག་ཏ་བཛྲ་མ་མེ་མུཉྩ། བཛྲི་བྷ་ཝ་མཧཱ་ས་མ་ཡཱ་ས་ཏྭ་ཨཱཿ
ཅེས་པ་རྒྱ་ཙ་ལ་སོགས་པ་བསྒྲང་ཞིང་། ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དག་པར་བསམ་ཞིང་། མཐར་མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཏེ། ཞེས་པའི་བཞགས་དེ་བྱས་ལ། རྡོ་རྗེ་སེམས་དཔའ་འོད་དུ་ཞུ་ནས་རང་ལ་ཐིམ་པས་རང་དང་རྡོ་རྗེ་སེམས་དཔའ་གཉིས་དབྱེར་མེད་དུ་གྱུར་པར་བསམ།
།མཎྜལ་འབུལ་བ་ནི། སྒྲུབ་པའི་མཎྜལ་སྐྱབས་འགྲོའི་སྐྱབས་ཡུལ་དང་འདྲ་ལ། མཆོད་པའི་མཎྜལ་ནི། བཀོད་པ་ཤིན་དུ་ལེགས་པའི་མཎྜལ་མཆོག །ཞེས་སོགས་འབུལ།
བླ་མའི་རྣལ་འབྱོར་ནི།

To input

Revision as of 13:18, 10 August 2019

Resource ID kinnaur8
Title ye shes mkha' 'gro ni gu ma'i gser chos lnga'i sngon 'gro
Topics Six doctrines of Niguma
Sub-Topics Preliminary practices
Author author unknown
Link BDRC W4CZ58783 (p. 67)

this text needs to be re-read
ཡེ་ཤེས་མཁའ་འགྲོ་ནི་གུ་མའི་གསེར་ཆོས་ལྔའི་སྔོན་འགྲོ།

དོན་དམ་བློ་འདས་ཆོས་ཀྱི་སྐུ། །ཟག་མེད་བདེ་རྒྱས་ལོངས་སྤྱོད་རྫོགས། །གང་འདུལ་ཐབས་ཀྱི་འགྲོ་བ་འདུལ། །བླ་མ་དམ་པའི་ཞབས་ལ་འདུད།
སྔོན་འགྲོ་རྣམས་ཉམས་སུ་བླང་བ་ལ་གསུམ། ཐུན་མོངས་ཀྱི་སྔོན་འགྲོ་དང་། ཐུན་མོངས་མཡིན་པའི་སྔོན་འགྲོ་དང་། ཁྱད་པར་གྱི་སྔོན་འགྲོའོ།
།དང་པོ་ཐུན་མོངས་ཀྱི་སྔོན་འགྲོ་ལ་བཞི། དལ་འབྱོར་རྙེད་པར་དཀའ་བསམ་པ། འཆི་བ་མི་རྟག་པ་བསམ་པ། ལས་རྒྱུ་འབྲས་བསམ་པ། འཁོར་བའི་ཉེས་དམིགས་བསམ་པའོ།
།བཞི་པ་འཁོར་བའི་ཉེས་དམིགས་བསམ་པ་ལ་དྲུག །དམྱལ་བ་ཚ་གྲང་གི་སྡུག་བསྔལ་བསམ་དང་། ཡིད་བཏགས་སྐྲེས་སྐོམ་གྱི་སྡུག་བསྔལ་བསམ་པ། དུད་འགྲོ་ཀླེན་ལྐུགས་ཀྱི་སྡུག་བསྔལ་བསམ་པ། མི་སྐྱེ་རྒས་ན་འཆིའི་སྡུག་བསྔལ་བསམ་པ། ལྷ་མ་ཡིན་འཐབ་རྩོད་ཀྱི་སྡུག་བསྔལ་བསམ་པ། ལྷ་འཕོ་ལྡུང་གི་སྡུག་བསྔལ་བསམ་པ་རྣམས་ནི་སྤྱི་དང་མཐུན།
གཉིས་པ་ཐུན་མོངས་མཡིན་པའི་སྔོན་འགྲོ་ལ་བཞི། སྐྱབས་སུ་འགྲོ་བ་དང་། སེམས་བསྐྱེད་པ། རྡོ་རྗེ་སེམས་དཔའི་སྒོམ་བཟླས་བྱ་བ། མཎྜལ་འབུལ་བ། བླ་མའི་རྣལ་འབྱོར་སྒོམ་པའོ།
དང་པོ་སྐྱབས་སུ་འགྲོ་བ་ནི། མདུན་གྱི་ནམ་མཁར། དཔག་བསམ་གྱི་སྡོང་པོ་ཡལ་ག་དང་ལོ་འདབ་ཕྱོགས་བཅུར་རྒྱས་པའི་སྟེང་དུ། སེང་གེ་བཞིའི་བཏེག་པའི་རིན་པོ་ཆེའི་ཁྲི་ཡངས་ཤིང་རྒྱ་ཆེ་བ། དེའི་སྟེང་དུ་པཾ་ལས་པདྨ། རཾ་ལས་ཉི་མ། ཨ་ལས་ཟླ་བའི་བདན་རྒྱ་ཆེ་བའི་དབུས་སུ། རྩ་བའི་བླ་མ། ཆོས་འབྲེལ་ཡོད་ཚད་ཀྱི་བླ་མ་དང་། རྒྱུད་པའི་བླ་མ་རྣམས་ཀྱིས་བསྐོར་བ། མདུན་དུ་རྒྱུད་སྡེ་ལྔའི་ལྷ་ཚོགས་ལ། ཡི་དམ་བཞན་ཡོད་ཚད་ཀྱི་བསྐོར་བ། གཡས་སུ་དུས་གསུམ་གྱི་སངས་རྒྱས་ལ། བརྒྱས་སྟོང་རྩ་གཉིས་ཀྱིས་བསྐོར་བ། རྒྱབ་དུ་ཐེག་པ་ཆེན་པོའི་ཆོས་སྤོ་སྟི། གསེར་གདོང་རང་ལ་རང་སྟན་པ། གཡོན་དུ་ཐེག་ཆེན་གྱི་དགེ་འདུན་དང་། ཉོད་ཀྱི་དགེ་འདུན་ལ་མཆེད་གྲོར་ཆོས་འཛད་རྣམས་ཀྱིས་སྐོར་བ། འཚམས་རྣམས་སུ་དམ་པ་ཆོས་སྐྱོང་བའི་བསྲུངས་མ་རྣམས་བསྒྲུབ་པ་པོ། ཆོས་སྒྲུབ་པ་ལ། བར་དུ་བཅོད་པའི་གདོན་བགེགས་བསྲུང་བའི་ཚུལ་དུ། ཞལ་ཕྱིར་བཟིགས་སུ་བཞུགས་པ་རྣམས་ལ། ཨརྒཾ་ལ་སོགས་པས་མཆོད་ཅིང་། བློ་དང་འདྲེ་ངེས་པའི་སྐྱབས་འགྲོ་བྱའོ།
།སེམས་བསྐྱེད་པ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ། འགྲོ་རྣམས་སྒྲལ་འདོད་ཚར་གསུམ་དང་། ཚད་མེད་པ་བཞི་སྒོམ།
'རྡོ་རྗེ་སེམས་དཔའི་སྒོམ་བཟླས་བྱ་བ་ནི། རང་ཐ་མས་པའི་སྤྱི་བོར། པད་ཟླའི་སྟེན་དུ། ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ལྟེ་བ་ལ་ཧཱུྃ་གི་མཚན་པ། དེ་ལས་འོད་ཕྲོས་དོན་གཉིས་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས། རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་མཁྱུད་པ། ཡུམ་རྡོ་རྗེ་སྙེ་མ་དཀར་མོ་གྲི་གུག་དང་ཐོད་པ་འཛིན་པས་ཡབ་ལ་མཁྱུད་པ། གཉིས་ཀའང་མཚན་བཟང་པོ་སུམ་བཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱ་བཅུས་སྤྲས་ཞིང་། རུས་པ་དང་རིན་པོ་ཆེའི་བརྒྱན་གྱིས་བརྒྱན་པའི་གནས་གསུམ་དུ་ཡིག་འབྲུ་གསུམ་བཀོད་པའི། ཧཱུྃ་ལས་འོད་འཕྲོས། བླ་མ་ཡི་དམ། སངས་རྒྱས་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོ་རྣམས་ཀྱི་ཐུགས་ཁ་ནས་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས། རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་ཞལ་དུ་ཞུགས། སྐུའི་དབྱིབས་རྒྱུད་སྦྱོར་མཚམས་ནས་བདུད་རྩིའི་བརྒྱུན་བབས། སྤྱི་བོ་ནས་མར་ཞུགས་པས། ལུས་ངག་ཡིད་གསུམ་གྱི་སྡིག་པ་དང་སྒྲིབ་པ། ནད་དང་གདོན། དམ་ཚིག་ཉམས་ཆག་ཐམས་ཅད་བཤང་ལམ་དང་། ཆུ་ལམ་བ་སྤུའི་བུ་ཁ་སོགས་ནས་ཕྱིར་ཐོན་པར་བསམ་ལ།