Difference between revisions of "Rab gnas bka' rgya ma'i zhal gdams"

From Shangpa Resource Center
 
(One intermediate revision by the same user not shown)
(No difference)

Latest revision as of 15:22, 27 July 2025








Resource ID SCv4p112
Title rab gnas bka' rgya ma
Topics Consecration
Sub-Topics Instructions
Author Khyungpo Neljor
Link BDRC W23922

༄༅། །རབ་གནས་བཀའ་རྒྱ་མ་བཞུགས་སོ།།

།ན་མོ་གུ་རུ་བཛྲ་ཏཱ་རཱ་ཡ།
རབ་གནས་བཀའ་རྒྱ་མའི་ཞལ་གདམས་འདི་ལ། སྔོན་འགྲོ། དངོས་གཞི། རྗེས་གསུམ་ལས།
དང་པོ་ནི། གང་ལ་རབ་ཏུ་གནས་པར་བྱ་བའི་རྟེན་ལ་དར་སེར་ལ་སོགས་པས་བཀབ་སྟེ་བཞག །དེ་ཡང་རང་ཉིད་སྐྱབས་འགྲོ་སེམས་བསྐྱེད་དང་ལྡན་པས། རྗེ་བཙུན་སྒྲོལ་མར་བསྒོམ་ཞིང་། མདུན་དུ་མཁར་གཞོང་ལ་སོགས་པའི་སྣོད་གཙང་མར་འབྲས་སམ། ནས་དཀར་མོ་བཟང་པོས་བཀང་བ་ལ། ཡེ་དྷརྨ་བརྒྱའམ་སྟོང་ལ་སོགས་ཅི་རིགས་བཟླས་པས་མེ་ཏོག་དེ་རྣམས་རྗེ་བཙུན་སྒྲོལ་མའི་ལྷ་ཚོགས་དཔག་ཏུ་མེད་པར་བསམ་ཞིང་། བྱིན་གྱིས་བརླབས་ཏེ་སྟ་གོན་དུ་གནས་པའ་བྱའོ།
།དངོས་གཞི་ནམ་ཕྱེད་དུ་སོང་བ་དང་། རྟེན་གྱི་དྲུང་དུ་ཕྱིན་ལ། རྟེན་གྱི་ཁེབས་གསལ་ཏེ། རྟེན་དེ་ཉིད་རྗེ་བཙུན་མ་སྒྲོལ་མར་སྐད་ཅིག་གིས་བསྐྱེད་ལ། སྔར་གྱི་བྱིན་གྱིས་བརླབས་པའི་མེ་ཏོག །སངས་རྒྱས་ལ་ཕྱག་འཚལ་ལོ་སོགས། བཏོན། གཏོར་བས། རྗེ་བཙུན་མ་སྒྲོལ་མའི་ཚོགས་དཔག་ཏུ་མེད་པ་རྟེན་ལ་སིབ་སིབ་ཐིམ་པས། དེ་རྗེ་བཙུན་མའི་སྐུ་ཤིན་ཏུ་གསལ་ཞིང་། བ་སྤུའི་བུ་ག་ཐམས་ཅད་ཀྱང་རྗེ་བཙུན་མ་སྒྲོལ་མའི་སྐུ་ཆུང་ལ་ཡན་ལག་དོད་པས་དཀྲིགས་ཐམས་ལ་བསྟིམས་པར་བསམ་ཞིང་མེ་ཏོག་གཏོར།
རྗེས་ལ་བཀྲ་ཤིས་སྨོན་ལམ་དང་བཀྲ་ཤིས་བཀའ་རྒྱ་མ་ལ་སོགས་པ་བྱ། དགེ་བའི་རྩ་བ་བསྔོ་བར་བྱའོ།
།རབ་གནས་བཀའ་རྒྱ་མ་ཤིན་ཏུ་ཟབ་པས་གསང་བར་བྱའོ། །ཨྀཐི།
ནམ་ཕྱེད་བྱེད་པ་དུས་གནད་ཡིན། དགེའོ།། །།