Difference between revisions of "Mgon po phyag drug pa'i lo rgyus"

From Shangpa Resource Center

(7 intermediate revisions by the same user not shown)
Line 1: Line 1:

{{Text

{{Text
|Text ID=BB2-1

|Text ID=BB201

|Tibetan Title=མགོན་པོ་ཕྱག་དྲུག་པའི་ལོ་རྒྱུས།

|Wylie Title=mgon po phyag drug pa'i lo rgyus

|Subject=Chadrupa

|SubTopics=Story

|Author=Khyungpo Neljor

|Associated Person=Shavaripa

|Notes=Taken from [[khyung po'i rnam thar]]

།།མགོན་པོ་ཕྱག་དྲུག་པའི་ལོ་རྒྱུས་བཞུགས་པའི་དབུའ།།

༼ཀུ་པའི་ནང་དུ། བེ་བུམ་གྱི་དཀར་ཆག༽
ཁུ་པའི་ནང་དུ། མགོན་པོ་ཕྱག་དྲུག་པའི་ལོ་རྒྱུས། རྒྱ་གཞུང་། ཕྱིར་བཟློག །གཏོར་དབང་། འཁོན་གྲིབ་སྦྱང་བ། རྨི་ལམ་བཟློག་པ། མཚན་དོན་བརྒྱ་རྩའི་བསྟོད་པ་དང་མཁའ་འགྲོ་འབུམ་བསྐུལ། ར་ཧུ་ལའི་ཆོས་སྐོར། ཞིང་སྐྱོང་ནག་པོ་ཤིང་ཕུང་ཅན་གྱི་བསྒྲུབ་ཡིག །སྐུའི་སྒོ་ནས་གཟི་མདངས་བསྐྱེད་པ། གཏོར་ཆེན་མཚོན་ཆ་འཁོར་ལོའི་བྱིན་བརླབས། སྤོས་སྦྱོར་མན་ངག །མགོན་པོ་སྔོན་བྱུང་གི་རྒྱུད་རྒྱས་པ་ནས་བྱུང་བ་ཕྱོགས་སྐྱོང་བཅུ་སོགས་གཙང་རིས་མགོན་པོའི་བསྐུལཔ་གཏོར་ཆུང་བཏབ་པ། མངའ་གསོལ། བླ་མ་ར་ཧུ་ལའི་གདམས་པ་ཕྱི་ནང་གསང་བ་རྟེན་གྱི་མན་ངག་དབང་བཞི་ལུས་ལ་བསྒྲིག་པ། ཞི་བའི་སྦྱིན་བསྲེག་ཇོ་སྲས་མ། གྲག་པོའི་སྦྱིན་བསྲེག གསང་བ་ལས་དྲུག་གི་བསྒྲུབ་ཐབས། གསང་བ་ལས་དྲུག་གི་ཞལ་གདམས། བསྐང་མདོས་ཤ་བ་རི་པས་མཛད་པ། འཁོར་བཀ་ཉན་གསུང་བསྒྲུབ་བཞིའི་བསྒྲུབ་ཐབས། རི་ཁྲོད་དབང་ཕྱུག་གིས་མཛད་པའི་ལྷ་མོ་རེ་མ་ཏི་ཡི་བསྒྲུབ་ཐབས། འཁོར་སྤྱི་ཡི་བཀ་ཡིག །བསད་གསོའ་གཉིས་ཀྱི་བཀ་ཡིག་ཁོག་འབུབ། ལག་ལེན་མཐར་ཐུག་གནད་བདུན་ཞལ་གདམས། བྱིན་བརླབ་ནག་པོ་ཆེན་པོའི་བསྒྲུབ་ཐབ་གསོའ་བའི་ལས་མཐ་ཅན། དབང་གི་རྒྱལ་པོ་དམར་པོའི་བསྒྲུབ་ཐབས། བྱིན་བརླབ་རྗེས་གནང་བཀ་ཡིག མགོན་པོ་མཆིན་ཀའི་བསྒྲུབ་ཐབས་དང་སིན་དྷུ་རའི་དབང་སྡུད་ཀྱི་གནད་ཡིག་གནད་དབབ་ལྟ་བསྒོམ་སྤྱོད་གསུམ། བསྲུང་འཁོར་བཀ་རྒྱ་མ། རབ་གནས་བཀ་རྒྱ་མ། བཀྲ་ཤིས་བཀ་རྒྱ་མ། ཞལ་གདམས་བཀ་རྒྱ་མ། བཅོམ་ལྡན་འདས་ཡིད་བཞིན་ནོར་བུའི་བསྒྲུབ་ཐབས། མགོན་པོ་གསང་བསྒྲུབ་ཀྱི་བཀ། ཡིད་བཞིན་མགོན་པོའི་བཀ། རབ་གནས་བཀ་མ། རྣམ་བཞུགས་སོ།
གུ་པའི་ནང་དུ། མགོན་པོའི་གནད་ཡིག་རང་རྒྱུད་སྦྱང་ཐབས།
ངུ་པའི་ནང་དུ། བསྒྲུབ་ཆེན་ཆོས་འབྱུང་རིན་ཆེན་གྱིས་མཛད་པའི་ལེག་ལྡན་ཕྱག་དྲུག་པའི་བསྒྲུབ་མཆོད་རིན་ཆེན་ཕྲེང་བ།
ཅུ་པའི་ནང་དུ། ཐུན་མོང་མ་ཡིན་པ་སྣ་ཚོགས་མཁའ་འགྲོའི་འཕྲིན་ལས་བསྒྲུབ་ཐབས།
ཆུ་པའི་ནང་དུ། སྣ་ཚོགས་མཁའ་འགྲོའི་སྒོ་ནས་ཚེ་དབང་བསྐུར་བ།
ཇུ་པའི་ནང་དུ། ༼དུར་ཁྲོད་གསང་བ་༽མཆོག་བསྒྲུབ།
ཉུ་པའི་ནང་དུ། རྡོ་རྗེ་ནག་པོ་ཆེན་པོའི་དབང་གི་ཆོ་ག །ཡེ་ཤེས་མགོན་པོ་ཡབ་ཡུམ་གྱི་དབང་བསྐུར་རྗེས་གནང་།
ཏུ་པའི་ནང་དུ། རྡོ་རྗེ་ནག་པོའི་ཞལ་སྔ་ནས་གསུང་པའི་འོད་ཟེར་ཆེན་པོའི་དབང་གི་ཆོ་ག
ཐུ་པའི་ནང་དུ། རྒྱན་ཅན་ཕྱི་དུར་ཁྲོད་ལམ་ཁྱེར་གྱི་མན་ངག
དུ་པའི་ནང་དུ། ནང་དུར་ཁྲོད་ལམ་ཁྱེར་གྱི་མན་ངག
ནུ་པའི་ནང་དུ། དུར་ཁྲོད་གསང་བ་མཆོག་གི་བསྒྲུབ་ཐབས།
པུ་པའི་ནང་དུ། རྒྱན་ཅན་མགོན་པོའི་འཁྲུལ་འཁོར་གྱི་བཀའ་འགྲེལ།
ཕུ་པའི་ནང་དུ། བླ་མ་རྡོ་རྗེ་ནག་པོ་ཆེན་པོའི་རྒྱན་བསྒྲུབ་མན་ངག།

།།མགོན་པོ་ཕྱག་དྲུག་པའི་ལོ་རྒྱུས་བཞུགས་པའི་དབུའ།།

བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ།
།ཐུགས་རྗེའི་དཔལ་འབྱོར་ནོར་བུ་ལས། །གདུལ་བྱའི་རེ་བ་སྐོང་མཛད་པ། །དངོས་གྲུབ་མཆོག་རྩོལ་མགོན་པོ་ཡི། །ལོ་རྒྱུས་རིམ་པ་བྲི་བར་བྱ།
བླ་མ་ཆེན་པོ་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ལ་དབང་འབྱོར་པ་སྐྱེ་དགུ་རྣམས་ཀྱི་ཡིད་ཀྱི་ས་གཞིར་ཟབ་དོན་གདམས་པའི་ཆར་རྒྱུན་གྱིས་བརླན་པར་མཛད་པ་ལས། ཐར་པ་ཆེན་པོའི་བྱང་ཆུབ་ཀྱི་མྱུ་གུ་འཐོན་པ། ངེས་པར་ལེགས་པ་འབྲས་བུའི་མཆོག་དཔལ་རྡོ་རྗེ་འཆང་ཆེན་པོ་སྐུ་ཚེ་འདི་ཉིད་དུ་བདེའ་བླག་ཏུ་བསྐྲུན་པར་མཛད་པ། ལྷ་དང་བཅས་པའི་སྐྱེ་བོ་ཐམས་ཅད་ཀྱི་རྣམ་པར་འདྲེན་པ་ཆེན་པོ། ལུང་དང་མན་ངག་མངོན་པར་རྟོགས་པའི་ཡོན་ཏན་མཐའ་དག་ལ་མངའ་བརྙེས་པ་ལ་མཁས་པའི་ཡང་མཁས་པ་མཆོག །ཐུབ་པའི་དབང་པོ་དང་གཉིས་སུ་མེད་པར་གྱུར་པའི་བདག་ཉིད་ཆེན་པོ། [[Khyungpo Neljor|ཁྱུང་པོ་རྣལ་འབྱོར་]]ཞེས་མཚན་ཡོངས་སུ་གྲགས་པ་འཇིག་རྟེན་གསུམ་གྱི་མགོན་པོ་ལྟ་བུར་གྱུར་པའི་སྐྱེས་བུ་དམ་པས།
[[Maitripa|བླ་མ་དམ་པ་མེ་ཏྲི་པ་]]ཀོ་ས་ལ་བྷིཀྵའི་དུར་ཁྲོད་ན་བཞུགས་པ་ལ་གསེར་སྲང་ཉིས་བརྒྱ་ཕུལ་ནས། བོད་ལོངས་སྤྱོད་ཆུང་བས་ནོར་སྒྲུབ་མྱུར་ལ་ལྟག་ཚན་ཆེ་བ་ཅིག་ཞུ་བྱས་པས། [[Maitripa|བླ་མ་མེ་ཏྲི་པ]]འི་ཞལ་ནས། ཡིད་བཞིན་གྱི་ནོར་བུ་ཞེས་ཀྱང་བྱ། ཤིང་ཕུང་ཅན་གྱི་མགོན་པོ་ཞེས་ཀྱང་བྱ། ཙནྡན་གྱི་མགོན་པོ་ཞེས་ཀྱང་བྱ། ཐུགས་རྗེ་ཆེན་པོ་ནག་པོ་ཞེས་ཀྱང་བྱ། ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་ཞེས་ཀྱང་བྱ། ཚེ་འདི་དང་བར་དོའི་འཇིགས་པ་ལས་སྐྱོབ་པ། ལྷ་འདྲེ་མི་གསུམ་དབང་དུ་སྡུད་པ། མི་ནོར་ཟས་གསུམ་ཤུགས་ལས་འབྱུང་བ། དགྲ་ཐམས་ཅད་བརླག་པར་བྱེད་པ། བཟློགས་པས་མི་ཚུགས་པ། མཆོག་དང་ཐུན་མོང་ལོའམ་ཟླ་བ་ཙམ་གྱིས་འགྲུབ་པ། མཆོག་བསྒྲུབས་པས་ཐུན་མོང་ཞོར་ལ་འབྱུང་བ་ཅིག་ཡོད་གསུང་། དེ་སུ་ལ་ཞུ་བྱས་པས། སྔོན་གྱི་དུས་ན་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་སྤྱན་སྔར་ཐུགས་རྗེ་ཆེན་པོས་སེམས་བསྐྱེད་དོ། །འཁོར་བའི་རྒྱ་མཚོ་འདི་མ་སྟོང་ཀྱི་བར་དུ་བདག་སངས་རྒྱ་བར་མ་གྱུར་ཅིག །གལ་ཏེ་སེམས་བསྐྱེད་དེ་ཉམས་པར་གྱུར་ན། མགོ་ཚལ་པ་སྟོང་དུ་འགས་པར་གྱུར་ཅིག ཅེས་དམ་བཅས་ཏེ། རི་བོ་པོ་ཏ་ལར་ཉིན་མཚན་དུས་དྲུག་ཏུ་སེམས་ཅན་རྣམས་ལ་ཡེ་ཤེས་ཀྱིས་གཟིགས་པ་འཇུག་ཅིང་གང་ལ་གང་འདུལ་གྱི་དོན་བྱེད་པར་གྱུར་ཏོ། །དེ་ནས་ལོ་དཔག་ཏུ་མེད་པའམ་སྐལ་པའི་བར་དུ་སེམས་ཅན་གྱི་དོན་བྱས་པས། སེམས་ཅན་ཟད་པ་ཙམ་དུ་སོང་ལས་ཆེ་སྙམ་ནས་པོ་ཏ་ལ་ནས་གཟིགས་པས། སེམས་ཅན་གྱི་ཁམས་ལས་འཕེལ་འགྲིབ་མེད་པའི་སྟེང་དུ། སྙིག་མར་སོང་ནས་ཉོན་མོངས་རག་ལ་གདུག་པ་ཆེ་བར་སོང་འདུག་པས། ད་ནི་བདག་གིས་སེམས་ཅན་འགའ་ཡང་གྲོལ་བར་མི་ནུས་པར་འདུག་སྙམ་ནས་སེམས་བསྐྱེད་བཏང་པ་དང༌། དབུ་ཚལ་པ་སྟོང་དུ་གས་པར་གྱུར་ཏོ། །དེ་ནས་སངས་རྒྱས་སྣང་བ་མཐའ་ཡས་བྱོན་ནས། རིགས་ཀྱི་བུ་དེ་ལྟ་བུའི་སེམས་བསྐྱེད་ལས་གཞོལ་བ་ནི་མ་ལེགས་ཀྱིས། དེའི་བཤགས་པ་ལ་སེམས་བསྐྱེད་དེ་བས་ཀྱང་རྒྱ་ཆེ་བ་གཅིག་སྐྱོར་ཅིག་གསུང་ནས་དབུ་ཚལ་པ་སྟོང་དུ་གས་པ་དེ་བཅུ་གཅིག་ཏུ་བྱིན་གྱིས་བརླབས་སོ། །དེ་ནས་སྔར་གྱི་སེམས་བསྐྱེད་དེ་ལས་རྒྱ་ཆེ་བ་མེད་ཅིང༌། དེའི་ཆ་ཙམ་ཅིག་ལས་མ་ནུས་པས། དེ་ལས་རྒྱ་ཆེ་བའི་ཐབས་ནི་ཅི་ཡང་མེད་སྙམ་ནས་ཞག་བདུན་གི་བར་དུ་བརྒྱལ་བར་གྱུར་ཏོ། །དེ་ནས་བརྒྱལ་བ་དེ་སངས་པ་དང༌། དེ་ནི་སྙིགས་མའི་སེམས་ཅན་ཚེ་ཐུང་ལ་བར་ཆད་མང་བས་རྐྱེན་དབང་འབའ་ཞིག་དུ་འགྲོ་བ། ལོངས་སྤྱོད་ཆུང་བ། འཚོ་བ་དམན་པ། བསྒྲུབས་ལོང་མེད་པར་བར་ཆད་ཀྱི་དབང་དུ་འགྲོ་བ། དམ་ཚིག་མི་བསྲུང་བར་བཟློག་པ་དང་ནང་དམེ་བྱེད་པ། ཕལ་ཆེར་བར་དོའི་འཇིགས་པ་ལས་མི་ཐར་བར་གཟིགས་ནས། ཡུན་རིང་བསྒྲུབས་མི་དགོས་པར་ཞལ་མཐོང་བ། གསོལ་བ་བཏབ་ཙམ་གྱིས་འདི་ཕྱིའི་འཇིགས་པ་ལས་སྐྱོབས་པ། མི་ནོར་ཟས་གསུམ་ཤུགས་ལས་འབྱུང་བ། བར་དུ་གཅོད་པའི་དགྲ་བགེག་ཐམས་ཅད་སྐད་ཅིག་གིས་བརླག་པར་བྱེད་པ། མཆོག་ཐུན་མོང་ཐམས་ཅད་རྩོལ་བས་བསྒྲུབ་ན་ཟླ་ཅིག་གིས་འབྱུང་བའི་དབང་གི་རྒྱལ་པོ་ལྟ་བུའི་ཁྲོ་བོ་གྱུར་ནས་སེམས་ཅན་གྱི་དོན་བྱའོ་སྙམས་ནས་ཐུགས་ཀ་ནས་ཧཱུྃ་འཐིང་ནག་འཐོན་པ་ལས་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་སྐྱེ་འགྲོའི་རེ་བ་ཚུལ་བཞིན་དུ་སྐོང་བའི་ཡིད་བཞིན་གྱི་ནོར་བུ་ལྟ་བུར་གྱུར་པ་དང་ས་རྣམ་པ་དྲུག་ཏུ་གཡོས་སོ། །དེ་ནས་སངས་རྒྱས་སྣང་བ་མཐའ་ཡས་སོགས་པའི་སངས་རྒྱས་དཔག་ཏུ་མེད་པ་མགྲིན་གཅིག་ཏུ་བསྡེབས་ནས། རིགས་ཀྱི་བུ་སེམས་ཅན་གྱི་རེ་བ་ཚུལ་བཞིན་དུ་བསྐང་བའི་སྤྱོད་པ་འདི་ལྟ་བུ་ཤིན་ཏུ་ལེགས་སོ། །སངས་རྒྱས་ཐམས་ཅད་ཀྱི་གསངས་བ་ལས་བྱུང་བ། བཅོམ་ལྡན་འདས་གཤིན་རྗེ་གཤེད་པོའི་འཕྲིན་ལས་ཀྱི་ནུས་མཐུ་དང་ལྡན་པར་བྱའོ། །གསང་བའི་མཁའ་འགྲོ་མས་དབང་བཞིའི་རང་བཞིན་གྱིས་དབང་དང་ལྡན་པར་བྱའོ། །དེ་ཉིད་ཀྱིས་ཞི་བ་དང་རྒྱས་པར་ཡང་འགྱུར་རོ། །སངས་རྒྱས་ཐམས་ཅད་ཀྱི་འཕྲིན་ལས་སུ་དབང་བསྐུར་བའི་སྤྲུལ་པ་ལས་བྱུང་པའི་གནོད་སྦྱིན་དང་། གཤིན་རྗེ་དང་། སྲིན་པོ་དང་། མ་མོ་རྣམས་ཀྱིས་ཀྱང་ལས་སྣ་ཚོགས་བསྒྲུབས་པར་འགྱུར་རོ། །དེ་ཉིད་ཚུལ་བཞིན་དུ་སྒྲུབས་པ་དང་། མཆོད་པ་དང་། དྲན་པས་ཀྱང་དངོས་གྲུབ་མ་ལུས་པ་ཐམས་ཅད་སྟེར་བར་འགྱུར་རོ། །མ་བསྒྲུབས་པ་ཉིད་ནས་བྱིན་གྱིས་བརླབས་པ་དེ་ཉིད་ཀྱིས་དངོས་སུ་ཞལ་མཐོང་བར་འགྱུར། ཞེས་གསུངས་སོ།
།དེ་ནས་[[Shavaripa|དཔལ་ཤ་བ་རི་པ་]]ཞེས་བྱ་བ་བྲམ་ཟེའི་རིགས་སུ་གྱུར་པ། དཔལ་ལྡན་འབྲས་སྤུངས་དང་ཉེ་བ་ན་གྲོང་ཁྱེར་ཆེན་པོ་སུམ་བཅུ་རྩ་གཉིས་ཡོད་པའི་དབུས་ན་ཏྲི་པཱ་ལ་ཞེས་བྱ་བར་རོལ་མོ་མཁས་པའི་མཆོག་ཏུ་གྱུར་ནས། སྔོན་སངས་རྒྱས་ལ་གླུ་དང་རོལ་མོས་མཉེས་པར་བྱས་པ་དེས། དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་གྱི་འཇག་མའི་སྤྱིལ་པོ་ཅིག་ན་བསྒྲུབས་པ་མཛད་ཅིང་བཞུགས་ཙ་ན་ནམ་མཁའ་ལ་ཌཱ་མ་རུ་དང་། དྲིལ་བུ་གཡེར་ཁའི་སྒྲ་ཆེན་པོ་གྲག་ནས་གཟིགས་པས་ཡེ་ཤེས་ཀྱི་མགོན་པོ་འདི་བྱོན་ནས་། རིགས་ཀྱི་བུ་ངའི་བསྒྲུབས་ཐབས་འདི་ཟུངས་ཅིག་གསུང་ནས་[[Shavaripa|ཤ་བ་རི་པ]]ས་བསྒྲུབས་ཐབས་ཡི་གེར་བཀོད་དོ།
།ངས་ནི་ལྷོ་ཕྱོགས་དཔལ་གྱི་རི་ལ་ཕྱག་རྒྱ་ཆེན་པོའི་རྒྱུད་དང་། མན་ངག་རྣམས་ཞུ་དུས་སུ་དཔལ་ཕྱག་དྲུག་པ་འདི་གནང་ནས་ཞག་ཉི་ཤུ་རྩ་གཅིག་ནས་ཞལ་མཐོང་ངོ་། །ཁྱེད་ཀྱིས་ཀྱང་དཔལ་ཕྱག་དྲུག་པ་འདི་ལ་ནས་རྗེན་འཐག་གི་གཏོར་མ་དང་སྤོས་སྦྱར་མས་མཆོད་པར་གྱིས། ཁྱི་ནག་ལ་རྡོ་མ་རྡེག་ཡིད་ཆེས་པར་གྱིས་ལ་བླ་མ་དང་དབྱེར་མེད་དུ་ལྟོས། དེ་ལྟར་བྱས་པས་སྒྲུབས་གནས་ཐམས་ཅད་དུ་འཚོ་བ་སྦྱོར་བར་འགྱུར་རོ། །ཞག་བཅུ་གསུམ་གྱིས་སློབ་མ་དང་བཅས་པ་ལ་ཞལ་དངོས་སུ་སྟོན་པར་བྱེད་པར་བྱེད་དོ། །དངོས་གྲུབ་ཐམས་ཅད་ཀྱང་ཚུལ་བཞིན་དུ་སྟེར་བར་བྱེད་དོ། །ཞེས་ལུང་བསྟན་ནས་བཀའ་བསྒོ་ལན་གསུམ་མཛད་དོ།
།བྱམས་བརྩེའི་འོད་སྟོང་འཁྲིག་པ་ན། །མཁྱེན་པའི་ཡེ་ཤེས་ནམ་མཁའ་ལས། །གདུལ་བྱ་འདུལ་བའི་སྐྱེས་བུ་ཆེ། །[[Khyungpo Neljor|བླ་མ་ཁྱུང་པོ་]]ལས་བརྒྱུད་པའི། །ཡེ་ཤེས་མགོན་པོ་ཕྱག་དྲུག་པའི། །ཐུགས་བསྐྱེད་ཚུལ་གྱི་རིམ་པ་འདི། །བྲིས་པའི་དགེ་བ་རྒྱ་ཆེན་དེས། །བདག་སོགས་སེམས་ཅན་བྱང་ཆུབ་ཤོག །སེམས་ཅན་ཐམས་ཅད་བདེ་ལེགས་སུ་གྱུར་ཅིག།

Latest revision as of 13:49, 29 July 2025

Resource ID BB201
Title mgon po phyag drug pa'i lo rgyus
Topics Chadrupa
Sub-Topics Story
Author Khyungpo Neljor
Associated Person Shavaripa
Notes Taken from khyung po'i rnam thar

།།མགོན་པོ་ཕྱག་དྲུག་པའི་ལོ་རྒྱུས་བཞུགས་པའི་དབུའ།།

བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ།
།ཐུགས་རྗེའི་དཔལ་འབྱོར་ནོར་བུ་ལས། །གདུལ་བྱའི་རེ་བ་སྐོང་མཛད་པ། །དངོས་གྲུབ་མཆོག་རྩོལ་མགོན་པོ་ཡི། །ལོ་རྒྱུས་རིམ་པ་བྲི་བར་བྱ།
བླ་མ་ཆེན་པོ་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ལ་དབང་འབྱོར་པ་སྐྱེ་དགུ་རྣམས་ཀྱི་ཡིད་ཀྱི་ས་གཞིར་ཟབ་དོན་གདམས་པའི་ཆར་རྒྱུན་གྱིས་བརླན་པར་མཛད་པ་ལས། ཐར་པ་ཆེན་པོའི་བྱང་ཆུབ་ཀྱི་མྱུ་གུ་འཐོན་པ། ངེས་པར་ལེགས་པ་འབྲས་བུའི་མཆོག་དཔལ་རྡོ་རྗེ་འཆང་ཆེན་པོ་སྐུ་ཚེ་འདི་ཉིད་དུ་བདེའ་བླག་ཏུ་བསྐྲུན་པར་མཛད་པ། ལྷ་དང་བཅས་པའི་སྐྱེ་བོ་ཐམས་ཅད་ཀྱི་རྣམ་པར་འདྲེན་པ་ཆེན་པོ། ལུང་དང་མན་ངག་མངོན་པར་རྟོགས་པའི་ཡོན་ཏན་མཐའ་དག་ལ་མངའ་བརྙེས་པ་ལ་མཁས་པའི་ཡང་མཁས་པ་མཆོག །ཐུབ་པའི་དབང་པོ་དང་གཉིས་སུ་མེད་པར་གྱུར་པའི་བདག་ཉིད་ཆེན་པོ། ཁྱུང་པོ་རྣལ་འབྱོར་ཞེས་མཚན་ཡོངས་སུ་གྲགས་པ་འཇིག་རྟེན་གསུམ་གྱི་མགོན་པོ་ལྟ་བུར་གྱུར་པའི་སྐྱེས་བུ་དམ་པས།
བླ་མ་དམ་པ་མེ་ཏྲི་པ་ཀོ་ས་ལ་བྷིཀྵའི་དུར་ཁྲོད་ན་བཞུགས་པ་ལ་གསེར་སྲང་ཉིས་བརྒྱ་ཕུལ་ནས། བོད་ལོངས་སྤྱོད་ཆུང་བས་ནོར་སྒྲུབ་མྱུར་ལ་ལྟག་ཚན་ཆེ་བ་ཅིག་ཞུ་བྱས་པས། བླ་མ་མེ་ཏྲི་པའི་ཞལ་ནས། ཡིད་བཞིན་གྱི་ནོར་བུ་ཞེས་ཀྱང་བྱ། ཤིང་ཕུང་ཅན་གྱི་མགོན་པོ་ཞེས་ཀྱང་བྱ། ཙནྡན་གྱི་མགོན་པོ་ཞེས་ཀྱང་བྱ། ཐུགས་རྗེ་ཆེན་པོ་ནག་པོ་ཞེས་ཀྱང་བྱ། ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་ཞེས་ཀྱང་བྱ། ཚེ་འདི་དང་བར་དོའི་འཇིགས་པ་ལས་སྐྱོབ་པ། ལྷ་འདྲེ་མི་གསུམ་དབང་དུ་སྡུད་པ། མི་ནོར་ཟས་གསུམ་ཤུགས་ལས་འབྱུང་བ། དགྲ་ཐམས་ཅད་བརླག་པར་བྱེད་པ། བཟློགས་པས་མི་ཚུགས་པ། མཆོག་དང་ཐུན་མོང་ལོའམ་ཟླ་བ་ཙམ་གྱིས་འགྲུབ་པ། མཆོག་བསྒྲུབས་པས་ཐུན་མོང་ཞོར་ལ་འབྱུང་བ་ཅིག་ཡོད་གསུང་། དེ་སུ་ལ་ཞུ་བྱས་པས། སྔོན་གྱི་དུས་ན་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་སྤྱན་སྔར་ཐུགས་རྗེ་ཆེན་པོས་སེམས་བསྐྱེད་དོ། །འཁོར་བའི་རྒྱ་མཚོ་འདི་མ་སྟོང་ཀྱི་བར་དུ་བདག་སངས་རྒྱ་བར་མ་གྱུར་ཅིག །གལ་ཏེ་སེམས་བསྐྱེད་དེ་ཉམས་པར་གྱུར་ན། མགོ་ཚལ་པ་སྟོང་དུ་འགས་པར་གྱུར་ཅིག ཅེས་དམ་བཅས་ཏེ། རི་བོ་པོ་ཏ་ལར་ཉིན་མཚན་དུས་དྲུག་ཏུ་སེམས་ཅན་རྣམས་ལ་ཡེ་ཤེས་ཀྱིས་གཟིགས་པ་འཇུག་ཅིང་གང་ལ་གང་འདུལ་གྱི་དོན་བྱེད་པར་གྱུར་ཏོ། །དེ་ནས་ལོ་དཔག་ཏུ་མེད་པའམ་སྐལ་པའི་བར་དུ་སེམས་ཅན་གྱི་དོན་བྱས་པས། སེམས་ཅན་ཟད་པ་ཙམ་དུ་སོང་ལས་ཆེ་སྙམ་ནས་པོ་ཏ་ལ་ནས་གཟིགས་པས། སེམས་ཅན་གྱི་ཁམས་ལས་འཕེལ་འགྲིབ་མེད་པའི་སྟེང་དུ། སྙིག་མར་སོང་ནས་ཉོན་མོངས་རག་ལ་གདུག་པ་ཆེ་བར་སོང་འདུག་པས། ད་ནི་བདག་གིས་སེམས་ཅན་འགའ་ཡང་གྲོལ་བར་མི་ནུས་པར་འདུག་སྙམ་ནས་སེམས་བསྐྱེད་བཏང་པ་དང༌། དབུ་ཚལ་པ་སྟོང་དུ་གས་པར་གྱུར་ཏོ། །དེ་ནས་སངས་རྒྱས་སྣང་བ་མཐའ་ཡས་བྱོན་ནས། རིགས་ཀྱི་བུ་དེ་ལྟ་བུའི་སེམས་བསྐྱེད་ལས་གཞོལ་བ་ནི་མ་ལེགས་ཀྱིས། དེའི་བཤགས་པ་ལ་སེམས་བསྐྱེད་དེ་བས་ཀྱང་རྒྱ་ཆེ་བ་གཅིག་སྐྱོར་ཅིག་གསུང་ནས་དབུ་ཚལ་པ་སྟོང་དུ་གས་པ་དེ་བཅུ་གཅིག་ཏུ་བྱིན་གྱིས་བརླབས་སོ། །དེ་ནས་སྔར་གྱི་སེམས་བསྐྱེད་དེ་ལས་རྒྱ་ཆེ་བ་མེད་ཅིང༌། དེའི་ཆ་ཙམ་ཅིག་ལས་མ་ནུས་པས། དེ་ལས་རྒྱ་ཆེ་བའི་ཐབས་ནི་ཅི་ཡང་མེད་སྙམ་ནས་ཞག་བདུན་གི་བར་དུ་བརྒྱལ་བར་གྱུར་ཏོ། །དེ་ནས་བརྒྱལ་བ་དེ་སངས་པ་དང༌། དེ་ནི་སྙིགས་མའི་སེམས་ཅན་ཚེ་ཐུང་ལ་བར་ཆད་མང་བས་རྐྱེན་དབང་འབའ་ཞིག་དུ་འགྲོ་བ། ལོངས་སྤྱོད་ཆུང་བ། འཚོ་བ་དམན་པ། བསྒྲུབས་ལོང་མེད་པར་བར་ཆད་ཀྱི་དབང་དུ་འགྲོ་བ། དམ་ཚིག་མི་བསྲུང་བར་བཟློག་པ་དང་ནང་དམེ་བྱེད་པ། ཕལ་ཆེར་བར་དོའི་འཇིགས་པ་ལས་མི་ཐར་བར་གཟིགས་ནས། ཡུན་རིང་བསྒྲུབས་མི་དགོས་པར་ཞལ་མཐོང་བ། གསོལ་བ་བཏབ་ཙམ་གྱིས་འདི་ཕྱིའི་འཇིགས་པ་ལས་སྐྱོབས་པ། མི་ནོར་ཟས་གསུམ་ཤུགས་ལས་འབྱུང་བ། བར་དུ་གཅོད་པའི་དགྲ་བགེག་ཐམས་ཅད་སྐད་ཅིག་གིས་བརླག་པར་བྱེད་པ། མཆོག་ཐུན་མོང་ཐམས་ཅད་རྩོལ་བས་བསྒྲུབ་ན་ཟླ་ཅིག་གིས་འབྱུང་བའི་དབང་གི་རྒྱལ་པོ་ལྟ་བུའི་ཁྲོ་བོ་གྱུར་ནས་སེམས་ཅན་གྱི་དོན་བྱའོ་སྙམས་ནས་ཐུགས་ཀ་ནས་ཧཱུྃ་འཐིང་ནག་འཐོན་པ་ལས་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་སྐྱེ་འགྲོའི་རེ་བ་ཚུལ་བཞིན་དུ་སྐོང་བའི་ཡིད་བཞིན་གྱི་ནོར་བུ་ལྟ་བུར་གྱུར་པ་དང་ས་རྣམ་པ་དྲུག་ཏུ་གཡོས་སོ། །དེ་ནས་སངས་རྒྱས་སྣང་བ་མཐའ་ཡས་སོགས་པའི་སངས་རྒྱས་དཔག་ཏུ་མེད་པ་མགྲིན་གཅིག་ཏུ་བསྡེབས་ནས། རིགས་ཀྱི་བུ་སེམས་ཅན་གྱི་རེ་བ་ཚུལ་བཞིན་དུ་བསྐང་བའི་སྤྱོད་པ་འདི་ལྟ་བུ་ཤིན་ཏུ་ལེགས་སོ། །སངས་རྒྱས་ཐམས་ཅད་ཀྱི་གསངས་བ་ལས་བྱུང་བ། བཅོམ་ལྡན་འདས་གཤིན་རྗེ་གཤེད་པོའི་འཕྲིན་ལས་ཀྱི་ནུས་མཐུ་དང་ལྡན་པར་བྱའོ། །གསང་བའི་མཁའ་འགྲོ་མས་དབང་བཞིའི་རང་བཞིན་གྱིས་དབང་དང་ལྡན་པར་བྱའོ། །དེ་ཉིད་ཀྱིས་ཞི་བ་དང་རྒྱས་པར་ཡང་འགྱུར་རོ། །སངས་རྒྱས་ཐམས་ཅད་ཀྱི་འཕྲིན་ལས་སུ་དབང་བསྐུར་བའི་སྤྲུལ་པ་ལས་བྱུང་པའི་གནོད་སྦྱིན་དང་། གཤིན་རྗེ་དང་། སྲིན་པོ་དང་། མ་མོ་རྣམས་ཀྱིས་ཀྱང་ལས་སྣ་ཚོགས་བསྒྲུབས་པར་འགྱུར་རོ། །དེ་ཉིད་ཚུལ་བཞིན་དུ་སྒྲུབས་པ་དང་། མཆོད་པ་དང་། དྲན་པས་ཀྱང་དངོས་གྲུབ་མ་ལུས་པ་ཐམས་ཅད་སྟེར་བར་འགྱུར་རོ། །མ་བསྒྲུབས་པ་ཉིད་ནས་བྱིན་གྱིས་བརླབས་པ་དེ་ཉིད་ཀྱིས་དངོས་སུ་ཞལ་མཐོང་བར་འགྱུར། ཞེས་གསུངས་སོ།
།དེ་ནས་དཔལ་ཤ་བ་རི་པ་ཞེས་བྱ་བ་བྲམ་ཟེའི་རིགས་སུ་གྱུར་པ། དཔལ་ལྡན་འབྲས་སྤུངས་དང་ཉེ་བ་ན་གྲོང་ཁྱེར་ཆེན་པོ་སུམ་བཅུ་རྩ་གཉིས་ཡོད་པའི་དབུས་ན་ཏྲི་པཱ་ལ་ཞེས་བྱ་བར་རོལ་མོ་མཁས་པའི་མཆོག་ཏུ་གྱུར་ནས། སྔོན་སངས་རྒྱས་ལ་གླུ་དང་རོལ་མོས་མཉེས་པར་བྱས་པ་དེས། དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་གྱི་འཇག་མའི་སྤྱིལ་པོ་ཅིག་ན་བསྒྲུབས་པ་མཛད་ཅིང་བཞུགས་ཙ་ན་ནམ་མཁའ་ལ་ཌཱ་མ་རུ་དང་། དྲིལ་བུ་གཡེར་ཁའི་སྒྲ་ཆེན་པོ་གྲག་ནས་གཟིགས་པས་ཡེ་ཤེས་ཀྱི་མགོན་པོ་འདི་བྱོན་ནས་། རིགས་ཀྱི་བུ་ངའི་བསྒྲུབས་ཐབས་འདི་ཟུངས་ཅིག་གསུང་ནས་ཤ་བ་རི་པས་བསྒྲུབས་ཐབས་ཡི་གེར་བཀོད་དོ།
།ངས་ནི་ལྷོ་ཕྱོགས་དཔལ་གྱི་རི་ལ་ཕྱག་རྒྱ་ཆེན་པོའི་རྒྱུད་དང་། མན་ངག་རྣམས་ཞུ་དུས་སུ་དཔལ་ཕྱག་དྲུག་པ་འདི་གནང་ནས་ཞག་ཉི་ཤུ་རྩ་གཅིག་ནས་ཞལ་མཐོང་ངོ་། །ཁྱེད་ཀྱིས་ཀྱང་དཔལ་ཕྱག་དྲུག་པ་འདི་ལ་ནས་རྗེན་འཐག་གི་གཏོར་མ་དང་སྤོས་སྦྱར་མས་མཆོད་པར་གྱིས། ཁྱི་ནག་ལ་རྡོ་མ་རྡེག་ཡིད་ཆེས་པར་གྱིས་ལ་བླ་མ་དང་དབྱེར་མེད་དུ་ལྟོས། དེ་ལྟར་བྱས་པས་སྒྲུབས་གནས་ཐམས་ཅད་དུ་འཚོ་བ་སྦྱོར་བར་འགྱུར་རོ། །ཞག་བཅུ་གསུམ་གྱིས་སློབ་མ་དང་བཅས་པ་ལ་ཞལ་དངོས་སུ་སྟོན་པར་བྱེད་པར་བྱེད་དོ། །དངོས་གྲུབ་ཐམས་ཅད་ཀྱང་ཚུལ་བཞིན་དུ་སྟེར་བར་བྱེད་དོ། །ཞེས་ལུང་བསྟན་ནས་བཀའ་བསྒོ་ལན་གསུམ་མཛད་དོ།
།བྱམས་བརྩེའི་འོད་སྟོང་འཁྲིག་པ་ན། །མཁྱེན་པའི་ཡེ་ཤེས་ནམ་མཁའ་ལས། །གདུལ་བྱ་འདུལ་བའི་སྐྱེས་བུ་ཆེ། །བླ་མ་ཁྱུང་པོ་ལས་བརྒྱུད་པའི། །ཡེ་ཤེས་མགོན་པོ་ཕྱག་དྲུག་པའི། །ཐུགས་བསྐྱེད་ཚུལ་གྱི་རིམ་པ་འདི། །བྲིས་པའི་དགེ་བ་རྒྱ་ཆེན་དེས། །བདག་སོགས་སེམས་ཅན་བྱང་ཆུབ་ཤོག །སེམས་ཅན་ཐམས་ཅད་བདེ་ལེགས་སུ་གྱུར་ཅིག།