Difference between revisions of "Lug nag gcan gzan gyis bsad pa'i rgyu ma bsten pa'i dzi na mi tra'i rlung sgrub kyi nyin mtshan go ldog ste tsha grang nad kyi bsad pa"

From Shangpa Resource Center
(Created page with "{{Text |Text ID=SCv11p870 |Tibetan Title=ལུག་ནག་གཅན་གཟན་གྱིས་བསད་པའི་རྒྱུ་མ་བསྟེན་པའི...")

(13 intermediate revisions by the same user not shown)
Line 3: Line 3:

|Tibetan Title=ལུག་ནག་གཅན་གཟན་གྱིས་བསད་པའི་རྒྱུ་མ་བསྟེན་པའི་ཛི་ན་མི་ཏྲའི་རླུང་སྒྲུབ་ཀྱི་ཉིན་མཚན་གོ་ལྡོག་སྟེ་ཚ་གྲང་ནད་ཀྱི་བསད་པ།

|Wylie Title=lug nag gcan gzan gyis bsad pa'i rgyu ma bsten pa'i dzi na mi tra'i rlung sgrub kyi nyin mtshan go ldog ste tsha grang nad kyi bsad pa

|Subject=Chadrupa be bum

|Subject=Chadrupa

|SubTopics=rlung bsgrub

|Author=Gelek Pelsang

|BDRC link=[https://www.tbrc.org/#library_work_ViewByOutline-O01DG1049095445%7CW23922 BDRC W23922]
[http://purl.bdrc.io/resource/WA00KG09215 WA00KG09215 (p.343)]

|Notes=In "scroll 5".

༈ ལུག་ནག་གཅན་གཟན་གྱིས་བསད་པའི་རྒྱུ་མ་བསྟེན་པའི་ཛི་ན་མི་ཏྲའི་རླུང་བསྒྲུབ་ཀྱི་ཉིན་མཚན་གོ་ལྡོག་རེ་ཚ་གྲང་ནད་ཀྱི་བསད་པ་བཞུགས་སོ།།
༈ ༼པེ༽ མ་ཧཱ་ཀཱ་ལ་ན་མོ།
ཛི་ན་མི་ཏྲའི་ལས་སྦྱོར་ནི། །རླུང་བསྒྲུབ་མགྱོགས་པ་འདི་ལྟ་སྟེ། །ལུག་ནག་གཅན་གཟན་གྱིས་བསད་པའི། །རྒྱུ་མ་བརྟེན་པས་དེད་པའི་ནང་། །ལིངྒ་སྔགས་ཅན་བཅུག་ནས་ནི། །གྲི་ལྕགས་ཁབ་ཀྱི་སྣེ་ཕུག་ལ། །བ་སུ་ཏ་ཡི་གཟུངས་ཐག་དྲངས། །དེ་ཉིད་ཀྱིས་ནི་ཁྱད་པར་ཤེས། །གཟུངས་ཐག་སྣེ་མོ་གྲི་ཁྲག་གིས། །ངར་གླུད་ཤིང་ནག་ཕུར་ལ་བཏགས། །ལྕེ་སྤྱང་རུས་པས་ཁ་བསྡམས་ལ། །མཛོ་རྒོད་རྭ་ཡི་ནང་དུ་བཅུག །ཡུག་སའི་དོར་རྟས་ཁ་བཀབ་ལ། །ཁྱི་སྤུ་ར་བལ་བཀུད་པས་གདམས། །དུག་ཁྲག་ཐལ་ཆེན་ཕྱི་ནས་བྱུགས། །ནང་དུ་བྱི་ལའི་བྲུན་ཀྱང་བཅུག །སྟེང་དུ་གཏའ་གཏོར་བཅས་ནས་ནི། །བྱིན་གྱིས་བརླབས་ནས་འཇོག་པ་ཅེས། །འཕྲལ་གཏོར་ཕུལ་ལ་འཕྲིན་ལས་བཅོལ། །རང་ཉིད་ཡེ་ཤེས་མགོན་པོར་བསྐྱེད། །ཕུར་པ་ཆོ་ག་གསུམ་ལས་ནི། །ལས་ཀྱི་མགོན་པོར་གཞུང་བཞིན་བསྐྱེད། །རང་གི་ཐུགས་ཀའི་ས་བོན་ལས། །འོད་འཕྲོས་ལས་མགོན་གནས་ནས་བསྐུལ།
ཨོཾ་ཛི་ན་མི་ཏྲ་ཝ་ཤཾ་ཀུ་རུ་ཆེ་གེ་མོ་མཱ་ར་ཡ་ཧཱུྃ་ཕཊ།
།དུག་དང་གཡག་ནག་སྙིང་གི་ཁྲག །དམ་ཉམས་སྔགས་པ་གྲི་རུ་ཤི། །ཁྲིམས་ཉམས་བནྡྷེའི་ཟག་པ་དང་། །བྱང་ལྟའི་ཆུ་མིག་ཆུ་བླངས་ལ། །བུང་པོ་ནག་པོའི་སྒང་ཕུག་བླུག །སྔགས་ནས་གཟུངས་ཐག་བརྒྱུད་ལ་བཏགས། །ལིངྒ་འཇིགས་ཐམ་ཕ་རོལ་ལ། །འོག་སྒོ་གཉིས་ནས་རླུང་ཞུགས་ཏེ། །སྙིང་ནང་རླུང་གི་ཞུགས་གྱུར་ནས། །ཉིན་དང་མཚན་མོ་གོ་ལོག་འགྱུར། །དེ་ནས་མེ་ཆུའི་སྦྱོར་བ་ཡིས། །ཚ་གྲངས་ནད་ཀྱིས་བསད་པར་འགྱུར། །ཁྲི་ཕྲག་གཅིག་ནི་གཙོ་བོའི་སྔགས། །ཞག་གསུམ་དུག་ཆུའི་སྦྱོར་བ་སྟེ། །འདི་ལས་ཟབ་པའི་མན་ངག་མེད། །དེ་ཕྱིར་བཀའ་བབས་བུ་ལ་གཏད། །ཅེས་གསུངས།
མང་ཐོས་[[Gelek Pelsang|དགེ་ལེགས་དཔལ་བཟང་]]གིས། །མཁས་གྲུབ་གོང་མའི་མན་ངག་ལ། །ལྷད་ཞུགས་བསལ་ནས་དག་པར་བྱས།
།ཛི་ན་མི་ཏྲའི་རླུང་བསྒྲུབ་ཀྱི་ཤོག་དྲིལ་ཏེ་གསུམ་པའོ།།

Latest revision as of 15:16, 28 August 2025

Resource ID SCv11p870
Title lug nag gcan gzan gyis bsad pa'i rgyu ma bsten pa'i dzi na mi tra'i rlung sgrub kyi nyin mtshan go ldog ste tsha grang nad kyi bsad pa
Topics Chadrupa
Sub-Topics rlung bsgrub
Author Gelek Pelsang
Link BDRC W23922
WA00KG09215 (p.343)
Notes In "scroll 5".

༈ ལུག་ནག་གཅན་གཟན་གྱིས་བསད་པའི་རྒྱུ་མ་བསྟེན་པའི་ཛི་ན་མི་ཏྲའི་རླུང་བསྒྲུབ་ཀྱི་ཉིན་མཚན་གོ་ལྡོག་རེ་ཚ་གྲང་ནད་ཀྱི་བསད་པ་བཞུགས་སོ།།
༈ ༼པེ༽ མ་ཧཱ་ཀཱ་ལ་ན་མོ།
ཛི་ན་མི་ཏྲའི་ལས་སྦྱོར་ནི། །རླུང་བསྒྲུབ་མགྱོགས་པ་འདི་ལྟ་སྟེ། །ལུག་ནག་གཅན་གཟན་གྱིས་བསད་པའི། །རྒྱུ་མ་བརྟེན་པས་དེད་པའི་ནང་། །ལིངྒ་སྔགས་ཅན་བཅུག་ནས་ནི། །གྲི་ལྕགས་ཁབ་ཀྱི་སྣེ་ཕུག་ལ། །བ་སུ་ཏ་ཡི་གཟུངས་ཐག་དྲངས། །དེ་ཉིད་ཀྱིས་ནི་ཁྱད་པར་ཤེས། །གཟུངས་ཐག་སྣེ་མོ་གྲི་ཁྲག་གིས། །ངར་གླུད་ཤིང་ནག་ཕུར་ལ་བཏགས། །ལྕེ་སྤྱང་རུས་པས་ཁ་བསྡམས་ལ། །མཛོ་རྒོད་རྭ་ཡི་ནང་དུ་བཅུག །ཡུག་སའི་དོར་རྟས་ཁ་བཀབ་ལ། །ཁྱི་སྤུ་ར་བལ་བཀུད་པས་གདམས། །དུག་ཁྲག་ཐལ་ཆེན་ཕྱི་ནས་བྱུགས། །ནང་དུ་བྱི་ལའི་བྲུན་ཀྱང་བཅུག །སྟེང་དུ་གཏའ་གཏོར་བཅས་ནས་ནི། །བྱིན་གྱིས་བརླབས་ནས་འཇོག་པ་ཅེས། །འཕྲལ་གཏོར་ཕུལ་ལ་འཕྲིན་ལས་བཅོལ། །རང་ཉིད་ཡེ་ཤེས་མགོན་པོར་བསྐྱེད། །ཕུར་པ་ཆོ་ག་གསུམ་ལས་ནི། །ལས་ཀྱི་མགོན་པོར་གཞུང་བཞིན་བསྐྱེད། །རང་གི་ཐུགས་ཀའི་ས་བོན་ལས། །འོད་འཕྲོས་ལས་མགོན་གནས་ནས་བསྐུལ།
ཨོཾ་ཛི་ན་མི་ཏྲ་ཝ་ཤཾ་ཀུ་རུ་ཆེ་གེ་མོ་མཱ་ར་ཡ་ཧཱུྃ་ཕཊ།
།དུག་དང་གཡག་ནག་སྙིང་གི་ཁྲག །དམ་ཉམས་སྔགས་པ་གྲི་རུ་ཤི། །ཁྲིམས་ཉམས་བནྡྷེའི་ཟག་པ་དང་། །བྱང་ལྟའི་ཆུ་མིག་ཆུ་བླངས་ལ། །བུང་པོ་ནག་པོའི་སྒང་ཕུག་བླུག །སྔགས་ནས་གཟུངས་ཐག་བརྒྱུད་ལ་བཏགས། །ལིངྒ་འཇིགས་ཐམ་ཕ་རོལ་ལ། །འོག་སྒོ་གཉིས་ནས་རླུང་ཞུགས་ཏེ། །སྙིང་ནང་རླུང་གི་ཞུགས་གྱུར་ནས། །ཉིན་དང་མཚན་མོ་གོ་ལོག་འགྱུར། །དེ་ནས་མེ་ཆུའི་སྦྱོར་བ་ཡིས། །ཚ་གྲངས་ནད་ཀྱིས་བསད་པར་འགྱུར། །ཁྲི་ཕྲག་གཅིག་ནི་གཙོ་བོའི་སྔགས། །ཞག་གསུམ་དུག་ཆུའི་སྦྱོར་བ་སྟེ། །འདི་ལས་ཟབ་པའི་མན་ངག་མེད། །དེ་ཕྱིར་བཀའ་བབས་བུ་ལ་གཏད། །ཅེས་གསུངས།
མང་ཐོས་དགེ་ལེགས་དཔལ་བཟང་གིས། །མཁས་གྲུབ་གོང་མའི་མན་ངག་ལ། །ལྷད་ཞུགས་བསལ་ནས་དག་པར་བྱས།