Difference between revisions of "Nag po rta'i chu 'dzin la brten nas bdud kyi skyes bu trak+shad kyi rlung sgrub kyis zhag gsum na gsod pa"

From Shangpa Resource Center

Line 8: Line 8:

|Associated Person=Mokchokpa Rinchen Tsöndrü

|BDRC link=[https://www.tbrc.org/#library_work_ViewByOutline-O01DG1049095447%7CW23922 BDRC W23922]
[http://purl.bdrc.io/resource/WA00KG09215 WA00KG09215 (p.345)]

|Notes=In "scroll 5".

༈ ནག་པོ་རྟའི་ཆུ་འཛིན་ལ་བརྟེན་ནས་བདུད་ཀྱི་སྐྱེས་བུ་ཏྲཀྴད་ཀྱི་རླུང་སྒྲུབ་ཀྱིས་ཞག་གསུམ་ན་གསོད་པ་བཞུགས་སོ།།
༈ ༼བེ༽ མ་ཧཱ་ཀཱ་ལ་ན་མོ།
བདུད་ཀྱིས་སྐྱེས་བུའི་མན་ངག་ལ། །ནག་པོའི་རྟ་ཡི་ཆུ་འཛིན་དང་། །དུག་དང་ཁྲག་གིས་ལེགས་པར་བྱུགས། །རེ་བ་ནག་པོའི་ནང་དུ་བཅུག །བྱ་ནག་སྒྲོ་རྩ་སྦུ་གུར་སྦྱར། །སྣེ་མོ་ཆུ་ཤིང་ཕུར་པར་བཏགས། །དམར་ནག་ཨེ་ཡི་ནང་དུ་བཅུག །གཡུལ་བསད་རུས་པའི་ཙངས་གིས་བསྐོར། །སྔོ་དམར་བསྣལ་མས་རྒྱ་རུ་བྲེ། །ལིངྒ་སྔགས་བཅས་ཟག་པས་བྱུགས། །མི་ལྟེབས་ཤི་སྐྲས་རྒྱ་གྲམ་བསྡམས། །སྣེ་མིག་སྦུ་བར་གསང་བ་ཤེས། །ཕུར་པ་བདུད་ཀྱི་མགོན་པོར་བསྐྱེད། །གཡས་པས་རྩེ་གསུམ་འབར་བ་ཡིས། །རྩེ་གསུམ་དག་གིས་བསྣུན་པར་བསམ། །གཡོན་པ་བདུད་ཞགས་ནག་པོ་ཡིས། །དབང་པོའི་སྒོ་རྣམས་བསྡམས་པར་བསམས། །རང་ཉིད་ཡེ་ཤེས་མགོན་པོར་བསྐྱེད། །བཟླས་དང་གཏོར་མ་འཕྲིན་ལས་བཅོལ། །ལས་ཀྱི་མགོན་པོར་གཏོར་མ་ཡང་། །གཏོར་ཆེན་བཞིན་དུ་འབུལ་བར་བྱ། །རང་གི་བཀའ་ནི་བསྒོ་བ་ཡི། །སྔགས་འདི་ཞག་གསུམ་བར་དུ་བགྲང་།
།ཨོཾ་དུ་ཡོག་ཛ་མ་ཧཱ་ཀཱ་ལ་ཏྲཀྴད་དུ་ཏྲི་མཱ་ར་ནི་ཛ་ཛ་རཱ་ཛ་དྷི་ཤ་དུར་མཱ་ར་ནི་ཁུག་ཁུག་ཆེ་གེ་མོ་ནི་ཨ་ཀྵར་ཡ་ཛ་ཛ། མ་ཧཱ་ཀཱ་ལ་རུ་པ་རུ་པ་ཤ་ཏྲུཾ་ནན། ཚལ་པ་ནན། མཱ་ར་ཡ་ནན།
།རླུང་གི་སྦྱོར་བས་སྦོས་པར་འགྱུར། །གྲི་ལྕགས་མཚོན་གྱིས་སྲོག་རྩ་གཅད། །ཞག་གསུམ་ཉིད་ནས་འགྲུབ་པར་འགྱུར། །ལས་མགོན་ཀུན་གྱིས་བཅུད་བསྡུས་ནས། །[[Mokchokpa Rinchen Tsöndrü|རིན་ཆེན་བརྩོན་འགྲུས་]]ཁྱོད་ལ་གཏད། །གཞན་ལ་མ་སྤེལ་ཆིག་བརྒྱུད་ཀྱིས། །གསེར་སྲང་གསུམ་གྱི་བཀའ་རྒྱ་ཡོད། །མང་པོར་སྤེལ་ན་དམ་ཚིག་ཉམས། །སྤེལ་བྱེད་དམ་ཉམས་སྙིང་ཁྲག་དེ། །ཏྲག་ཤད་ནག་པོའི་ཞལ་དུ་གསོལ།
འདི་ནི་ལས་སྦྱོར་ཐམས་ཅད་ཀྱིས་སྙིང་པོར་སྣང་བས། བདག་གིས་ཀྱང་ཉམས་སུ་བླངས་ཤིང་ཐག་ཆོད་པར་བྱས་ཏེ། [[Gelek Pelsang|རྣལ་འབྱོར་པ་དགེ་ལེགས་དཔལ་བཟང་པོ]]ས་དག་པར་བྱས་པའོ། བདུད་མགོན་པོ་ཏྲཀྴད་ཀྱི་རླུང་བསྒྲུབ་ཀྱི་ཤོག་དྲིལ་ཏེ་དྲུག་པའོ།
།མན་ངག་འདི་ནི་སྲོག་ལས་གཅེས། །དགོས་འདོད་འབྱུང་བའི་ནོར་བུ་སྟེ། །སྲོག་ཕྲོག་དུག་མདའ་ནག་པོ་ནི། །ལོག་ལྟ་དགྲ་བོའི་གཤན་པ་ཡིན། །དེ་ཕྱིར་ཁོ་བོས་བརྩོན་པས་བཙལ། །གཞན་ལ་སྤེལ་བའི་ཐབས་མེད་ཀྱང་། །མགོན་པོ་ཉིད་ཀྱིས་རྗེས་བཟུང་ཕྱིར། །བློ་ལྡན་ཉང་སྟོན་ཁྱོད་ལ་གཏད། །ཆིག་རྒྱུད་གྱིས་ལ་བསྟན་པ་བསྲུངས། །ཆོས་དང་མི་མཐུན་གཞན་དག་ལ། །ངོ་དགར་སྟེར་ན་སྟེར་བྱེད་དེ། །མགོན་པོ་འཁོར་དང་བཅས་པ་ཡིས། །སྙིང་ཁྲག་འཐུང་ལ་ཚར་ཆོད་ཅིག །ས་མ་ཡ།

Latest revision as of 15:16, 28 August 2025

Resource ID SCv11p873
Title nag po rta'i chu 'dzin la brten nas bdud kyi skyes bu trak+shad kyi rlung sgrub kyis zhag gsum na gsod pa
Topics Chadrupa
Sub-Topics rlung bsgrub
Author Gelek Pelsang
Associated Person Mokchokpa Rinchen Tsöndrü
Link BDRC W23922
WA00KG09215 (p.345)
Notes In "scroll 5".

༈ ནག་པོ་རྟའི་ཆུ་འཛིན་ལ་བརྟེན་ནས་བདུད་ཀྱི་སྐྱེས་བུ་ཏྲཀྴད་ཀྱི་རླུང་སྒྲུབ་ཀྱིས་ཞག་གསུམ་ན་གསོད་པ་བཞུགས་སོ།།
༈ ༼བེ༽ མ་ཧཱ་ཀཱ་ལ་ན་མོ།
བདུད་ཀྱིས་སྐྱེས་བུའི་མན་ངག་ལ། །ནག་པོའི་རྟ་ཡི་ཆུ་འཛིན་དང་། །དུག་དང་ཁྲག་གིས་ལེགས་པར་བྱུགས། །རེ་བ་ནག་པོའི་ནང་དུ་བཅུག །བྱ་ནག་སྒྲོ་རྩ་སྦུ་གུར་སྦྱར། །སྣེ་མོ་ཆུ་ཤིང་ཕུར་པར་བཏགས། །དམར་ནག་ཨེ་ཡི་ནང་དུ་བཅུག །གཡུལ་བསད་རུས་པའི་ཙངས་གིས་བསྐོར། །སྔོ་དམར་བསྣལ་མས་རྒྱ་རུ་བྲེ། །ལིངྒ་སྔགས་བཅས་ཟག་པས་བྱུགས། །མི་ལྟེབས་ཤི་སྐྲས་རྒྱ་གྲམ་བསྡམས། །སྣེ་མིག་སྦུ་བར་གསང་བ་ཤེས། །ཕུར་པ་བདུད་ཀྱི་མགོན་པོར་བསྐྱེད། །གཡས་པས་རྩེ་གསུམ་འབར་བ་ཡིས། །རྩེ་གསུམ་དག་གིས་བསྣུན་པར་བསམ། །གཡོན་པ་བདུད་ཞགས་ནག་པོ་ཡིས། །དབང་པོའི་སྒོ་རྣམས་བསྡམས་པར་བསམས། །རང་ཉིད་ཡེ་ཤེས་མགོན་པོར་བསྐྱེད། །བཟླས་དང་གཏོར་མ་འཕྲིན་ལས་བཅོལ། །ལས་ཀྱི་མགོན་པོར་གཏོར་མ་ཡང་། །གཏོར་ཆེན་བཞིན་དུ་འབུལ་བར་བྱ། །རང་གི་བཀའ་ནི་བསྒོ་བ་ཡི། །སྔགས་འདི་ཞག་གསུམ་བར་དུ་བགྲང་།
།ཨོཾ་དུ་ཡོག་ཛ་མ་ཧཱ་ཀཱ་ལ་ཏྲཀྴད་དུ་ཏྲི་མཱ་ར་ནི་ཛ་ཛ་རཱ་ཛ་དྷི་ཤ་དུར་མཱ་ར་ནི་ཁུག་ཁུག་ཆེ་གེ་མོ་ནི་ཨ་ཀྵར་ཡ་ཛ་ཛ། མ་ཧཱ་ཀཱ་ལ་རུ་པ་རུ་པ་ཤ་ཏྲུཾ་ནན། ཚལ་པ་ནན། མཱ་ར་ཡ་ནན།
།རླུང་གི་སྦྱོར་བས་སྦོས་པར་འགྱུར། །གྲི་ལྕགས་མཚོན་གྱིས་སྲོག་རྩ་གཅད། །ཞག་གསུམ་ཉིད་ནས་འགྲུབ་པར་འགྱུར། །ལས་མགོན་ཀུན་གྱིས་བཅུད་བསྡུས་ནས། །རིན་ཆེན་བརྩོན་འགྲུས་ཁྱོད་ལ་གཏད། །གཞན་ལ་མ་སྤེལ་ཆིག་བརྒྱུད་ཀྱིས། །གསེར་སྲང་གསུམ་གྱི་བཀའ་རྒྱ་ཡོད། །མང་པོར་སྤེལ་ན་དམ་ཚིག་ཉམས། །སྤེལ་བྱེད་དམ་ཉམས་སྙིང་ཁྲག་དེ། །ཏྲག་ཤད་ནག་པོའི་ཞལ་དུ་གསོལ།
འདི་ནི་ལས་སྦྱོར་ཐམས་ཅད་ཀྱིས་སྙིང་པོར་སྣང་བས། བདག་གིས་ཀྱང་ཉམས་སུ་བླངས་ཤིང་ཐག་ཆོད་པར་བྱས་ཏེ། རྣལ་འབྱོར་པ་དགེ་ལེགས་དཔལ་བཟང་པོས་དག་པར་བྱས་པའོ། བདུད་མགོན་པོ་ཏྲཀྴད་ཀྱི་རླུང་བསྒྲུབ་ཀྱི་ཤོག་དྲིལ་ཏེ་དྲུག་པའོ།