Lte khung nag po dang zangs khab kyi sbyor bar brten pa'i TAk+ki rA dza'i rlung sgrub kyis zhag gsum nas bsad pa

From Shangpa Resource Center
Revision as of 15:16, 28 August 2025 by Sengue (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)








Resource ID SCv11p872
Title lte khung nag po dang zangs khab kyi sbyor bar brten pa'i Tak+ki rA dza'i rlung sgrub kyis zhag gsum nas bsad
Topics Chadrupa
Sub-Topics rlung bsgrub
Author Gelek Pelsang
Link BDRC W23922
WA00KG09215 (p.345)
Notes In "scroll 5".

༈ ལྟེ་ཁུང་ནག་པོ་དང་ཟངས་ཁབ་ཀྱི་སྦྱོར་བར་བརྟེན་པའི་ཊཀྐི་རཱ་ཛའི་རླུང་སྒྲུབ་ཀྱིས་ཞག་གསུམ་ནས་བསད་པོ་བཞུགས་སོ།།
༈ ༼ཕེ༽ མ་ཧཱ་ཀཱ་ལ་ན་མོ།
གཤིན་རྗེའི་མན་ངག་མཐར་ཐུག་པ། །ལྟེ་ཁུང་ནག་པོའི་ནང་དུ་ནི། །ཚ་བ་གསུམ་གྱིས་ལེགས་པར་བྱུགས། །ཕྱི་རུ་དུག་ཁྲག་སྦྱར་བས་བྱུགས། །ལིངྒ་སྔགས་ཅན་ཆུ་ཤུལ་པ། །དྲི་མ་སྦྱར་བ་ནང་དུ་བཅུག །བྱི་ལ་ནག་པོའི་ཐོད་པའི་ནང་། །ཐུན་རྫས་བཀང་བ་དེ་དབུས་སུ། །ལྟེ་ཁུང་གིས་སྐྲས་དྲིལ་བ་བཞག །ཕག་རྒོད་རྔ་མོང་ར་ཡི་སྤུ། །པུ་ཤུད་སྲིན་བྱ་ཀྱུང་ཀའི་སྒྲོ། །ཁྱི་ར་ཕག་གི་བྲུན་རྣམས་ནི། །མཐིལ་དུ་བཅུག་ཅིང་ལོག་ལ་བརྒྱན། །རང་ཉིད་ཡེ་ཤེས་མགོན་པོར་བསྐྱེད། །འཕྲལ་གཏོར་ཕུལ་ལ་འཕྲིན་ལས་བཅོལ། །སྔགས་ཀྱི་བཟླས་པ་ཁྲི་ཕྲག་གཅིག །ཐོད་པ་ལས་ཀྱི་མགོན་པོར་བསྐྱེད། །ཐུན་གྱི་བྲབ་ལ་སྔགས་འདི་བསྒྲངས། །ཨོཾ་ཊཀྐི་རཱ་ཛ་ས་མ་ཡ་བྷྱོ། །ཆེ་གེ་མོ་མཱ་རུ་ཡ་ཧཱུྃ་ཕཊ། །ནང་དུ་འོད་དང་མགོན་པོ་འབར། །བྱ་སྒྲོ་གཟིངས་ནས་མེ་སྟག་འཕྲོ། །ཐུག་ཆེ་གེ་མོས་འུར་སྒྲ་སྣ་ཚོགས་འབྱུང་། །དེ་ནས་དྲི་རོའི་ཕྱེ་མ་ཡི། །ལྟེ་ཁུང་ཕྱུང་ལ་ཐུན་གྱི་བྲབ། །ཟངས་ཁབ་སྦྱོར་བས་སྲོག་དང་ཕྲལ། །ལྟེ་ཁུང་དེ་ཉིད་སླར་ཡང་བཅངས། །ཉི་མ་གསུམ་ལས་འགྲུབ་པར་འགྱུར། །ཊཀྐི་རཱ་ཛའི་ལས་སྦྱོར་འདི། །ཀུན་ཀྱང་ཐུན་མོང་མ་ཡིན་ཀྱང་། །སྲས་ཀྱི་དམ་པ་ཁྱོད་ལ་གཏད། །ཅེས་གསུངས་སོ།
།མང་ཐོས་དགེ་ལེགས་དཔལ་བཟང་གིས། །མཁས་གྲུབ་གོང་མའི་མན་ངག་ལ། །ལྷད་ཞུགས་བསལ་ནས་དག་པར་བྱས།
།ཊཀྐི་རཱ་ཛའི་རླུང་སྒྲུབ་ཀྱི་ཤོག་དྲིལ་ཏེ་དང་པོའོ།།