Drag po'i ser ba 'bebs pa'i man ngag
| Resource ID | SCv11p834 |
|---|---|
| Title | drag po'i ser ba 'bebs pa'i man ngag |
| Topics | Chadrupa |
| Sub-Topics | Various |
| Author | Gelek Pelsang |
| Link | BDRC W23922 WA00KG09215 (p.321) |
༈ མུ༽ དྲག་པོའི་སེར་བ་འབེབས་པའི་མན་ངག་བཞུགས་སོ།།
༈ ༼ཧུ༽ མ་ཧཱ་ཀཱ་ལ་ན་མོ།
།དྲག་པོའི་སེར་བ་འབེབས་འདོད་ན། །དགྲ་བོའི་ཞིང་གི་དཀྱིལ་དག་ཏུ། །ཁྲུ་གང་ཟླུམ་པོ་ཐུར་དུ་བྲུ། །སྟེང་དུ་ཆུ་རིས་མང་པོ་བྲི། །རོ་སྟོད་མི་ལ་རོ་སྨད་སྦྲུལ། །སྦྲུལ་མགོ་གསུམ་དང་ལྡན་པར་བྱ། །དེ་ལ་ཡེ་ཤེས་སེམས་དཔའ་གཞུག །དེ་སྟེང་བག་ཟན་ལས་བྱས་པའི། །མ་མོ་ཆེན་མོ་ཕྱག་བཞི་མ། །གཡས་པ་གྲི་གུག་རལ་གྲི་དང་། །གཡོན་པ་ཐོད་ཁྲག་རྒྱལ་མཚན་འཛིན། །བུང་བུ་གྲ་པ་ཞོན་པ་བྱ། །དེ་ལ་ཡེ་ཤེས་སེམས་དཔའ་གཞུག །དེ་ལ་རྒྱ་ཡི་ཚིལ་བུ་དང་། །ཁྱི་ལུད་དཀར་པོའི་དུད་པས་གདུག །རྟ་ཕོའི་ཁྲག་གི་མགོ་མ་ཏིག །སྔགས་བཞི་གདབ་ཅིང་དྲག་སྔགས་བཟླས།
།ནཱ་ག་ར་ཛ་མ་མ་ཀི་རི་ཀུ་ནན། །ཤ་ར་ཤ་ཕོབ་སྲ་ཕོབ། ཎེ་ར་ཤ་ར་ལྟོ་ཕོབ། ན་ཤ་ཡ་ཀྲ་ཕོབ། ནན་ཤ་ར་ཤ་ར་ལྟེ་ཕོབ། བྱི་ཡུ་རྩི་དྷི། སིདྡྷི་ནན། ཤར་ཤར་ལྟོ་ཕོབ།
བབས་ཤི་བས་མྱོག་ཤར་ཤར་རྡོ་ཕོབ། མགོན་པོའི་ལས་སྔགས་བཏགས་ལ་བསྙེན་པ་སྐྱལ། གླ་རྩི། འུག་པ། བྱ་རོག །རྟ། གཡག །རྟ་བོན་པ། ཡུག་སའི་དོར་རྟ་རྣམས་ཀྱི་དུད་པས་བདུག །མགོན་པོའི་སྔགས་ཀྱི་ཕྱིར་རྗེས་གཅོད། །གནམ་སྟོང་ལ་ནི་ལས་ལ་སྦྱོར། ཅེས་གསུངས་སོ།
།མང་ཐོས་དགེ་ལེགས་དཔལ་བཟང་གིས། །མཁས་གྲུབ་གོང་མའི་མན་ངག་ལས། །ལྷད་ཞུགས་བསལ་ནས་དག་པར་བྱས།།
