Zhing skyong nag po shing phung can gyi sgrub yig

From Shangpa Resource Center
Revision as of 12:22, 3 August 2025 by Sengue (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)








Resource ID BB209
Title zhing skyong nag po shing phung can gyi sgrub yig
Alt. title zhing skyong nag po chen po sgrub yig rA hu la'i gdams skor
zhing skyong nag po shing phung can gyi bsgrubs yig
Topics Chadrupa
Sub-Topics Kshetrapala
Author Rahula
Associated Person Khyungpo Neljor

TO INPUT
མགོན་པོ་ཕྱག་ཆོས་སྐོར་ལས། ར་ཧུ་ལའི་ཆོས་སྐོར། ཞིང་སྐྱོང་ནག་པོ་ཤིང་ཕུང་ཅན་གྱི་བསྒྲུབས་ཡིག །སྐུའི་སྒོ་ནས་གཟིའ་མདངས་བསྐྱེད་པ། གཏོར་ཆེན་མཚོན་ཆ་འཁོར་ལོའི་བྱིན་བརླབས། སྤོས་སྦྱོར་མན་ངག །མགོན་པོ་སྔོན་བྱུང་གི་རྒྱུད་རྒྱས་པ་ནས་ཕྱུངས་པ་ཕྱོགས་སྐྱོངས་བཅུའ་སོགས། གཙང་རིས་མགོན་པོའི་བསྐུལ། གཏོར་ཆུང་བཏབ་པ་རྣམས་བཞུགས་སོ།

དཔལ་མགོན་པོ་ནག་པོ་ལ་ཕྱག་འཚལ་ལོ།
།ལར་བཤད་པའི་རྒྱུད་དང་། བསྒྲུབས་པའི་རྒྱུད་གཉིས་ལས། ཆོས་སྐྱོངས་ལ་རྣམས་པ་མང་ན་ཡང་། འདི་ཞིང་སྐྱོངས་ནག་པོ་ཤིང་ཕུང་ཅན་ཞེས་བྱའོ།
།འདི་བསྒྲུབ་པར་འདོད་པས། རང་ཉིད་བདེའ་བའི་སྟན་ལ་འདུག་ལ། ཡི་དམ་གང་བྱེད་བསྐྱེད་དེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་ཚོགས་བསགས། སྒྲིབས་པ་སྦྱངས། བར་ཆད་བསལ་སྙལས་དུ་བསམ་ལ། ཆོས་སྐྱོངས་བསྒོམ་པ་བྱ་སྟེ། རང་ཉིད་ཀྱི་མདུན་དུ་ཙན་དྷན་དང་། སེང་ལྡེང་ལས་སོགས་པའི་ཤིང་ཕུང་བསྒོམ། ཤིང་གསེབས་ཏུ་བི་ན་ཡ་ཀའི། སྟེང་དུ་ནག་པོ་ཆེན་པོ་བསྒོམ་པར་བྱ། ཞགས་གདུབ་དང་བཅས་བི་ན་ཡ་ཀ་མནན། ནག་པོ་ཆེན་པོ་ཞེས་མཚན་ཉིད་གཞུང་ནས་བཤད་པ་བཞིན་དུ་རྫོགས་པ། གསལ་བ་བློས་མཁྱུད་ཚད་ཀྱི་ཆེ་བ་གཅིག་བསྒོམ། དྲག་པོའི་ཞལ་གདངས་མཆེའ་བ་རྣམ་པར་གཙིག །ཤིང་ལ་བྱོན་ནས་གཏོར་མ་ལེན་པར་དམིགས། གཡས་སུ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ་གཡེས་ན་གྲི་གུག །གཡོན་ན་ཐོད་ཁྲག་འཛིན་པ། ཞལ་བསྒྲད་པ། མཆེའ་བ་གཙིག་པ། འཇིགས་འཇིགས་དང་རྔམ་རྔམ་འདྲ་བ་ཅིག་བསྐྱེད། གཡོན་དུ་སྤྱན་རས་གཟིགས་སྐུ་མདོག་ཀར་པོ། ཕྱག་གཡས་མཆོད་སྦྱིན། གཡོབ་པད་མ་བསྣམས་པ། ཕྱོགས་བཞིའ་དང་། འཚམས་བརྒྱད་ཁེངས་པ། དེའི་ཕྱི་རིམ་དུ་གནོད་སྦྱིན་དཔག་ཏུ་མེད་པ། ་་་
བཞེངས་བསྐུལ་ནི། ཧཱུྃ་བཞེངས་ཅིག་ཆོས་ཀྱི་དབྱིངས་ནས་བཞེངས། །ཆོས་དབྱིངས་རྣམ་དག་ངང་ལས་མ་གཡོས་ཀྱང་། །མ་ཧ་ཀ་ལ་སྤྱན་འདྲེན་ནོ། །མགོན་པོ་ནག་པོ་གཤེགས་སུ་གསོལ། །ལེགས་ལྡན་ནག་པོ་གཤེགས་སུ་གསོལ། །རྣལ་འབྱོར་ཆེན་པོ་གཤེགས་སུ་གསོལ། །ཞིང་སྐྱོངས་ནག་པོ་འཁོར་བཅས་གཤེགས་སུ་གསོལ། །སྐུ་མདོག་འཐིང་ནག་ཆེན་པོ་ལ། །དབུ་སྐྲ་རམ་པ་ཁམ་ནག་གྱེན་དུ་འབར། །རལ་པ་བསིགས་པའི་གསེབས་ནས་མེ་སྟག་འཕྲོ། །བསྐལ་པའི་མེ་དཔུང་འབར་བའི་གསེབས་ན་བཞུགས། །དགྲའ་བགེག་མ་ལུས་ཐལ་བ་རྡུལ་དུ་རློག །སྤྱན་གསུམ་སྡངས་མྱིག་དགྲའ་ལ་བསྒྲད། །རྣོ་གདུག་མཆེའ་བ་བགེག་ལ་གཙིག །ལེབ་རྒན་འབར་བའི་ལྗག་ལ་འདོར། །སྐུ་མདོག་འཐིང་ནག་འབར་བ་ལ། །སྟག་ལྤག་རློན་པའི་ཤམ་ཐབས་དང་། །ཐོད་རློན་འབར་བའི་དོ་ཤལ་ཅན། །ལྷུ་ཚིག་ཐམས་ཅད་སྦྲུལ་གྱིས་བརྒྱན། །ནག་པོ་ཀླུ་འདུལ་གཤེགས་སུ་གསོལ། །བ་སྤུའི་བུ་ག་ཐམས་ཅད་ནས། །སྡོམས་དང་སྡིག་པའི་སྤྲུལ་པ་འགྱེད། །དམ་ཉམས་དགྲའ་ལ་སྤྲུལ་པ་ཁྱེས། །རལ་པ་སྤྲུག་པས་ཁམ་གསུམ་གང་། །ཕྱག་དྲུག་སྦྲུལ་གྱིས་རྣམ་པར་བརྒྱན། །ཕྱག་དྲུག་གཡས་ཀྱི་དང་པོ་ན། །གྲི་གུག་དེ་ནི་འབར་བ་བསྣམས། །དགྲའ་བགེག་ཀླད་ཁྲག་གསོལ་བའི་དུ་ལ་བབ། །ཕྱག་དྲུག་གཡས་ཀྱི་བར་པ་ན། །ཐོད་པ་ཀར་པོའི་འཕྲེང་བ་བསྣམས། །དགྲ་བགེག་མ་ལུས་དེ་ལས་འགྲང་། །ཕྱག་དྲུག་གཡོན་གྱི་བར་པ་ན། །ཁ་ཏྭཾ་ཁ་ནི་རྩེ་གསུམ་བསྣམས། །འབྲས་བུ་སྐུ་གསུམ་མཉེས་པའི་རྟག །ཕྱག་དྲུག་གཡས་ཀྱི་ཐ་མ་ན། །ཌ་མ་རུ་ནི་དྲག་ཏུ་འཁྲོལ། །མ་དང་མཁའ་འགྲོའི་ཚོགས་ནི་དབང་དུ་བསྡུད། །མ་དང་ཌ་ཀིའི་ཚོགས་རྣམས་གཤེགས་སུ་གསོལ། །མཐུན་པའི་དམ་རྫས་འདི་བཞེས་ལ། །བཅོལ་པའི་ལས་རྣམས་འགྲུབ་པར་མཛོད། །ཕྱག་དྲུག་གཡོན་གྱི་ཐ་མ་ན། །བདུད་ཞག་དེ་ནི་ནག་པོ་བསྣམས། །དགྲའ་བགེགས་མ་ལུས་སྐྱེས་ནས་ཐོག །ཁྱེད་ཀྱི་འཁོར་ནི་མི་བཟད་པ། །གནོད་སྦྱིན་ཕོ་མོའི་སྤྲུལ་པ་འགྱེད། །ཀྵེ་ཏྲ་པ་ལའི་དུས་ལ་བབ། །གཤེགས་ཅིག་གཤེགས་ཅིག་གནས་ནས་གཤེགས། །བུའི་གནས་མཆོག་དམ་པ་ནས། །ཁྱོད་ཀྱིས་མཐུན་པའི་དམ་རྫས་འདིའ་བཞེས་ལ། །དགྲའ་བགེག་མ་ལུས་རྩད་ནས་ཆོད། འགྲོ་བ་ཀུན་གྱི་བདུད། །ནག་པོ་ཆེན་པོ་ཁྱོད་ལ་བསྟོད། །བཅོལ་པའི་འཕྲིལ་ལས་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ།
།གདམས་པ་འདིའ་པནྡི་ཏ་ར་ཧུ་ལའི་གསུངས་ཏེ། །ཁྱུང་པོ་རྣལ་འབྱོར་པ་ནས་བརྒྱུད་པ་འདི་ཉིད་དང་། བླ་མ་སྟོག་པ་ནས་བརྒྱུད་པ་གཉིས་སུ་ཡོད་ཀྱང་། མན་ངག་གདམས་སྐོར་རྣམས་ལ་མི་མཐུན་པ་མེད་དོ།
།ཞིང་སྐྱོངས་ནག་པོ་ཆེན་པོའི་བསྒྲུབས་ཡིག། རྫོགས་སོ། དགེའོ།