Mgon po'i gnad yig rang rgyud sbyong thabs
| Resource ID | BB3 |
|---|---|
| Title | mgon po'i gnad yig rang rgyud sbyong thabs |
| Topics | Chadrupa |
| Sub-Topics | Various |
| Author | Khyungpo Neljor |
TO INPUT
མགོན་པོའི་གནད་ཡིག་རང་རྒྱུད་སྦྱངས་ཐབས་བཞུགས་སོ།
།བླ་མ་མགོན་པོ་དབྱེར་མེད་བདེའ་ཆེན་སྐུ། །ཐུགས་རྗེས་གཞན་པས་མྱུར་མགྱོག་བཞེངས་ནས་བཞུགསསས། །འཕྲིན་ལས་ཚད་མེད་ལོག་འདྲེན་དགྲའ་བགེག་འདུལ། །བྱིན་བརླབས་མགོན་པོ་འཁོར་དང་བཅས་ལ་འདུད། །་་་
ཤིན་ཏུ་ཟབས་གསུང་ངོ་།
བླ་མ་ཤང་པའི་མགོན་པོ་འདི་གང་གིས་ཁྱད་པར་དུ་འཕགས་ན། གཏོར་མས་འཕགས་པས་མགོན་པོ་འཁོར་བཅས་ཀྱིས་སིབ་སིབ་གསོལ་བར་བསམ་ཤིང་། གཏོར་མ་གཅིག་ཀྱང་མ་ལུས་པར་གསོལ་བར་བསམ་མོ། །དེ་བར་ལ་ཤེས་པ་མ་ཡེངས་པ་གལ་ཆེའོ། །འདི་གནད་ཟབས་ཤོས་ཅིག་ཡིན་གསུང་ངོ་།། ཨྀཐི།།
