Mkha' spyod ma dkar mo'i byin rlabs kyi bka'

From Shangpa Resource Center
Revision as of 15:41, 23 January 2023 by Sengue (talk | contribs)








Resource ID CN45
Title mkha' spyod ma dkar mo'i byin rlabs kyi bka'
Topics Initiation
Sub-Topics Kechari
Associated Person Bodong Cholé Namgyel
Link BDRC W22103 (p.250)

This text needs to be re-read
མཁའ་སྤྱོད་མ་དཀར་མོའི་བྱིན་རླབས་ཀྱི་བཀའ།
ན་མོ་གུ་རུ།
རྗེ་བཙུན་མ་འདིའི་དབང་བཀའ་ལ། མཎྜལ་ཆོས་འབྱུང་དཀར་པོ་རྐྱང་པའི་སྟེང་དུ་གཏོར་མ་མཁའ་སྤྱོད་མར་སྐྱེད་ལ། སྐྱབས་སུ་འགྲོ་བ་དང་། །སེམས་སྐྱེད་པ། གསོལ་བ་གདབ་པ། སྔགས་ལ་སྤྲོ་བ་སྐྱེད་པ། ༼་་་་་༽ རྟོག་་་་་་་་་་་། ཡན་ལག་ལྔས་རིགས་ལྔའི་སྡོམ་པ་བཟུང་བ། བདེ་སྟོང་དུ་སེམས་བསྐྱེད་པ། གནས་གསུམ་བྱིན་གྱིས་རླབ་པ། མཆོད་པ་འབུལ་བ། དམ་བཞག་བཞི། ཡེ་ཤེས་དབབ་པ། བརྟན་བཞུགས་ལ་སོགས་པ་བྱ། དེ་ནས་མཎྜལ་དང་། ལུས་ལོངས་སྤྱོད་ཕུལ་ལ། དབང་བཞི་རྫོགས་སུ་སྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་མཁའ་སྤྱོད་མའི་སྐུ་གསུང་ཐུགས་ལས་འོད་ཟེར་དཀར་པོ་དང་། དམར་པོ་དང་། འཐིང་ཁ་དང་གསུམ་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་པ་མཆོད། ཀ་ཡ་ཝ་ཀ་ཙིཏྟའི་ཡོན་ཏན་ཐམས་ཅད་འོད་ཟེར་དཀར་དམར་འཐིང་གསུམ་དུ་མཁའ་འགྲོ་མའི་སྤྱི་བོར་ཐིམ་ནས་མཁའ་སྤྱོད་མའི་སྨིན་འཚམས་ནས་འོད་ཟེར་དཀར་པོ་འཕྲོས་རང་གི་སྨིན་འཚམས་སུ་ཐིམ། ལུས་ཀྱིས་བསགས་པའི་སྡིག་པ་དག །བུམ་པའི་དབང་ཐོབ་པར་བསམ་མོ། །དེ་བཞིན་དུ་དམར་པོ་མགྲིན་པ། འཐིང་ཁ་སྙིང་ཁ་གསུམ་དུ་ཕོག་པས་ངག་དང་ཡིད་ཀྱི་སྡིག་པ་དག །གསང་བ་དང་། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པར་བསམ། དེ་ནས་སེམས་མ་བཅོས་པའི་ངང་ལ་བཞག་གོ །དེ་དབང་བཞི་་་་་། དེ་ནས་གཏོར་མ་མགོན་པོར་བཞག་ལ་རོལ་མོ་བླ་མ་རྒྱུད་པ་རྣམས་ཀྱི་མཚན་ནས་རྗོད་ལ། བྱིན་གྱིས་རློབས་ཅིག །སྔགས་གསུམ་རྗོད་ནས་ཇོ་མོ་མཁའ་སྤྱོད་མས་བྱིན་གྱིས་རློབས་ཅིག །ཅེས་རྗོད་པས་མཁའ་སྤྱོད་མ་སྤྱི་བོར་ཐི་པར་བསམ། དེ་ནས་ཚོགས་ལ་རོལ། དགེ་བའི་རྩ་བ་བསྔོའོ།
།མཁའ་སྤྱོད་མ་དཀར་མོའི་བྱིན་རླབས་ཀྱི་བཀའ་རྫོགས་སོ།

དབང་གི་ཆོ་ག
མཎྜལ་དགུག་གཞུག་བྱ། རྒྱས་གདབ། མཆོད་བསྟོད་བྱས་ཏེ། དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ། ལས་རྒྱུ་འབྲས་ལ་ཡིད་ཆེས་སྐྱེད་པ། སྐྱབས་སུ་འགྲོ་བ་ནི། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས། ཆོས། དགེ་འདུན། བཅོམ་ལྡན་འདས་མ་མཁའ་སྤྱོད་མའི་ལྷ་ཚོགས་རྣམས་དང་། རྩ་བ་དང་རྒྱུད་པའི་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། ཞེས་སོ། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས་ཞེས་སོགས་ཀྱིས་སྨོན་འཇུག །དགའ་ཆེན་ཁྱོད་བདག་གིས་ནང་འཇུག །བུ་ཁྱོད་ཐེག་ཆེན་གསང་སྔགས་ཀྱི། ཤེས་སོགས་ཀྱིས་གནང་བ་སྦྱིན། བདག་གིས་སྡིག་པ་ཅི་བགྱིས་དང་། ཞེས་སོགས་གྱི་ཡན་ལག་བདུན་པ། འདི་ཉམས་སུ་ལེན་པར་བྱེད་པ་ལ། རྟོག་པ་ཐམས་ཅད་ལེགས་པར་སྡུས་ནས་ནི། ཅེས་ཀྱང་རྗོད་ཏེ། སྔོན་འགྲོའོ།
།དངོས་གཞི་ནི། ཆོས་འབྱུང་དམར་པོ་གཉིས་རྩེག་གི་འོག་མ་དམ་ཚིག་པ། གོང་མ་ཡེ་ཤེས་པ་ཡིན་པས་དེའི་ནང་དུ་མི་རོ་དཀར་པོའི་སྟེང་དུ་མཁའ་སྤྱོད་མ་སྐུ་མདོག་དམར་གཞལ་གཅིག་མ་ཕྱག་གཡས་རྡོ་རྗེ་འཕྱར་ཐབས་སུ་སྣམས་པ། གཡོན་ཐོད་ཁྲག་ཐུགས་ཁར་སྣམས་པ། གྲུ་མོ་ན་ཁཊྭཱཾ་ཀ །མི་མགོ་དང་། རུས་པས་བརྒྱན་པ། ཞབས་གཡས་སྐུམ་པ། གཡོན་རྐྱང་བས་གར་སྟབས་སུ་བཞུགས་པ། སངས་རྒྱས་དང་བྱང་ཆུབ་སེམས་པ། དཔའ་བོ་མཁའ་འགྲོ་དཔག་ཏུ་མེད་པས་སྐོར་བར་སྒོམ། དེ་ཁོ་ན་འདྲ་བ་རང་གི་སྤྱི་བོའི་གཙུག་དུ་སྒོམས་ལ་དེ་ལ་ལུས་ལོངས་སྤྱོད་དགེ་བའི་རྩ་བ་་དང་བཅས་པ་ལྟོས་མེད་དུ་དབུལ། ༢༥༢
སྟེང་སངས་ཏེ་སོང་། ་་་བསམས་ཏེ་སྟོང་པའི་ངང་དུ་སེམས་མ་བཅོས་པར་བཞག་གོ།