Rje btsun ma'i tshes bcu'i mchod pa

From Shangpa Resource Center








Resource ID CN44
Title rje btsun ma'i tshes bcu'i mchod pa
Topics Kechari
Sub-Topics Monthly Offering
Associated Person Bodong Cholé Namgyel
Link BDRC W22103 (p.245)
Notes Linked to bde mchog lha lnga'i mchod khrigs

This text needs to be re-read
བླ་མ་དམ་པ་རྣམས་ལ་གུས་པས་ཕྱག་འཚལ་ལོ།
།རྗེ་བཙུན་མའི་ཚེས་བཅུའི་མཆོད་པ་འདི་ལ་གསུམ་སྟེ། སྔོན་འགྲོ་དང་། དངོས་གཞི་དང་། རྗེས་ཀྱི་ཆོ་གའོ།
།དང་པོ་ནི། གནས་དབེན་པར་བླ་རེ་དང་། ཡོལ་བ་བྲེས། བརྟེན་རྣམས་བཞུགས་སོ། །དེར་པད་འདབ་བརྒྱད་
།གཉིས་པ་ལ་བདུན་ཏེ། སྒོ་ནས་གསོལ་བ་གདབ་པ། བརྟེན་སྤྱན་དྲང་བ། ཆུ་གཅིག་དང་གདན་དབུལ་བ། ལྷ་ལ་མཆོད་བསྟོད་བྱ་བ། ཚོགས་བྱིན་གྱིས་རླབ་པ། གསོལ་བ་བཏབ་ནས་དྲང་བ། འདུ་ཤེས་གསུམ་གྱིས་རོལ་བའོ།
།དང་པོ་ནི། ཕྱིར་ཁྲུས་བྱས་ལ། ཀྱཻ ཁྲོ་བོ་སྔོན་པོ་མཛེས་པ་སྟེ། །ཁྱོད་ནི་དམ་ཚིག་ཡིད་དུ་འོང་། །ནོར་བུ་རིན་ཆེན་སྤྱིར་བཅིངས་པ། །ཕྱག་ན་དབྱུག་པ་སྣམས་པ་ཀྱེ། །བཟང་པོས་སྒོ་འདི་ཕྱེ་སྟེ་གསོལ།
ཅེས་པས་ནང་གི་དབྱུག་སྔོན་ཅན་ལ་གསོལ་བ་བཏབ་པས་སྒོ་ཕྱེ་བ་དང་གཏོར་མ་བཏང་། མེ་ལོང་དང་མར་མེ་བསྟན་ནས་བགེགས་སྐྲད་ལ་གྲལ་རིམས་ཀྱིས་འདུག་གོ
།དེ་ནས་ཕྱག་སྔོན་དུ་སོང་བས། ཀྱཻ་བླ་མ་རྡོ་རྗེ་འཛིན་པ་དང་། །འདིར་འདུས་རྣལ་འབྱོར་དབང་ཕྱུག་གིས། །བགེགས་གཏོར་བཀའ་བསྒོ་བསྲུང་འཁོར་དང་། །སྐྱེད་རྫོགས་བཟླས་པ་མཛད་པར་ཞུ། ཅེས་མེ་ཏོག་གཏོར། བགེགས་གཏོར་བཏང་ལ། ཏིང་ངེ་འཛིན་སྐུལ་ལོ།
།དེའི་རྗེས་ལ་སློབ་དཔོན་གྱིས། སློབ་མའི་གནས་གསུམ་དུ་དྲིའི་ཐིག་ལེ་དང་། ཡི་གེ་གསུམ་ལས་ལྷར་སྐྱེད་ནས་མཆོད་བསྟོད་བྱའོ།
།གཉིས་པ་ནི། རང་གི་ས་བོན་དང་། མཎྜལ་གྱི་དམ་ཚིག་་་་་ས་བོན་གཉིས་ལས་འོད་འཕྲོས་པས་འོག་མིན་ནས་རྗེ་བཙུམ་མའི་ལྷ་ཚོགས་དང་། བླ་མ་སྤྱན་དྲང་སྟེ།
ཧཱུྃ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་ཟད་འཇོམས་མཛད་ལ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་ཕག་མོ་འཁོར་བཅས་གཤེགས་སུ་གསོལ། །ཨོཾ་ཨེ་ཧྱེ་ཧི། བྷ་ག་ཝཱན་ཤྲཱི་བཛྲ་ཡོ་གི་ནི་ས་པ་རི་ཝཱ་ར་ས་མ་ཡེ་ཧཱུྃ།
ཆོས་ཉིད་བདེ་ཆེན་གཞལ་ཡས་ནས། །རྒྱུད་པའི་བླ་མ་གཤེགས་སུ་གསོལ། །ནུབ་ཕྱོགས་ཨུ་རྒྱན་གཞལ་ཡས་ནས། །རྡོ་རྗེ་ཕག་མོ་གཤེགས་སུ་གསོལ། །དག་པ་བདེ་ཆེན་གཞལ་ཡས་ནས། །རྡོ་རྗེ་མཁའ་འགྲོ་གཤེགས་སུ་གསོལ། །མི་འགྱུར་གནས་པའི་གཞལ་ཡས་ནས། །སངས་རྒྱས་མཁའ་འགྲོ་གཤེགས་སུ་གསོལ། །གཏེར་འབྱུང་ཡིད་བཞིན་གཞལ་ཡས་ནས། །རིན་ཆེན་མཁའ་འགྲོ་གཤེགས་སུ་གསོལ། །ཆོས་འབྱུང་ཡིད་བཞིན་གཞལ་ཡས་ནས། །པད་མ་མཁའ་འགྲོ་གཤེགས་སུ་གསོལ། །འཇིག་རྟེན་སྣ་ཚོགས་གཞལ་ཡས་ནས། །སྣ་ཚོགས་མཁའ་འགྲོ་གཤེགས་སུ་གསོལ། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །ལས་ཀྱི་མཁའ་འགྲོ་གཤེགས་སུ་གསོལ།
ཅེས་པས་སྤྱན་དྲངས་ལ། དམ་ཚིག་པ་ལ་ཇཿཧཱུྃ་བཾ་ཧོཿ དགུག་བཞུག་བཅིང་དགེས་པ་སྐྱེད་དོ།
།དེ་ནས་གནས་གསུམ་དུ་ཐལ་མོ་སྦྱརཏེ། ཨོཾ་ན་མོ་ཏེ་ཧཱུྃ། ཨོཾ་ན་མོ་མི་ཧཱུྃ། ཨོཾ་ན་མོ་ན་མཿཧཱུྃ། ཞེས་པས་ཕྱག་བྱོ།
།གསུམ་པ་ལ་གཉིས་ཏེ། མཆོད་པ་དང་། གཟེད་ཞལ་བཤམ་པ། ཆུ་གཅིག་དང་གདན་དབུལ་བ་དངོས་སོ།
།དང་པོ་ནི། དཔོན་སློབ་གཉིས་ཀའི་གནས་སུ་མཆོད་པ་དྲུག་གོ །གཡོན་དུ་ཆུ་བཞིའི་སྣོད་དོ། དཀྱིལ་འཁོར་དང་རང་གི་མདུན་དུ་གཟེད་ཞལ་བཞག་གོ
།གཉིས་པ་ནི། ཨོཾ་ཤྲཱི་ཡོ་གི་ནི་པྲོཀྵ་ནཾ་པྲ་ཏིཙྪ་ཡེ་སྭཱ་ཧཱ། བསང་གཏོར་རོ། །ཨོཾ་ཤྲཱི་ཡོ་གི་ནི་ཨརྒྷཾ་པྲ་ཏིཙྪ་ཡེ་སྭཱ་ཧཱ། མཆོད་ཡོན་ནོ། །ཨོཾ་ཤྲཱི་ཡོ་གི་ནི་པདྱཾ་པྲ་ཏིཙྪ་ཡེ་སྭཱ་ཧཱ། ཞབས་སིལ་ལོ། །ཨོཾ་ཤྲཱི་ཡོ་གི་ནི་ཨཉྩ་མ་ནཾ་པྲ་ཏིཙྪ་ཡེ་སྭཱ་ཧཱ། ཞལ་བསིལ། ཨོཾ་ཤྲཱི་ཡོ་གི་ནི་པད་མ་ཀ་མ་ལ་ས་མ་ཡ་སྟྭཾ། ཅེས་པས་གདན་དབུལ་ལོ།
།བཞི་པའི་དང་པོ་ཕྱི་མཆོད་ནི། མེ་ཏོག་བདུག་སྤོས་མར་མེ་དྲི། །བཤོས་གཙང་སིལ་སྙན་མཆོད་པ་འདི། །ཕག་མོ་འཁོར་དང་བཅས་ལ་འབུལ། ཨོཾ་ཤྲཱི་ཡོ་གི་ནི་གྷ་ན་ཙཀྲ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་ཤྲཱི་ཡོ་གི་ནི་ཨ་མྲྀ་ཏ་པུ་ཛ་ཨཱཿཧཱུྃ་སྭཱ་ཧཱ། གཟེད་ཞལ་བཞག་གོ
།གསུམ་པ་གསང་མཆོད་ནི། བདེ་བའི་རང་བཞིན་ལྷ་མོ་བཞི། །ལང་ཚོ་བཅུ་དྲུག་ལྟ་བུར་མཛེས། །གཉིས་སུ་མེད་པའི་མཆོད་པ་ཡིས། །ཟག་མེ་བདེ་བས་གཙོ་བོ་མཆོད། ཨོཾ་ཤྲཱི་ཡོ་གི་ནི་མ་ཧཱ་སུ་ཁ་པུ་ཛ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་གཉིས་སུ་མེད་པའི་ཕྱག་རྒྱས་མཆོད་དོ།
།དེ་ནས་བསྟོད་པ་བྱ་སྟེ། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐ་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། ཅེས་པས་བླ་མ་ལའོ།
།ཧྲཱིཿལས་བྱུང་བའི་མཁའ་སྤྱོད་ནི། ཅེས་པ་ལ་སོགས་པས་མཁའ་སྤྱོད་མ་ལ་སྟོད།
།ལྔ་པ་ནི། ཚོགས་རྫས་མི་དམིགས་པ་ལས། ཡཾ། རཾ། ཀཾ། ཝཾ་ངོ་། །དེ་ནས་པད་མའི་ལྟེ་བ་ནས། ན་གོ །ཀུ་དྷ། ཧ་སོ། །བི་མུ་ཤུ་ར་མའོ། །དེའི་སྟེང་དུ་ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨའོ། །ཟླ་བ་ལས་ཁཊྭཱཾ་ཀ་ཧྲཱིཿས་མཚན་པའི་སྤྲོ་བསྡུ་ལས། བདུད་རྩིའི་རྒྱ་མཚོའོ། །དེ་ནས་བདུད་རྩི་ལ་རྡོ་རྗེ་འཆང་དང་། བླ་མ་རྣམས་ཀྱིས་གསོལ་བར་བསམས་ནས། ཨོཾ་ཤྲཱི་གུ་རུ་གྷ་ན་ཙཀྲ་པུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་པས་རྒྱུད་པ་རྣམས་ཀྱི་མཚན་ནས་རྗོད་ལ་དབུལ་བར་བྱའོ། །ཨོཾ་ཤྲཱི་ཡོ་གི་ནི་ག་ན་ཙཀྲས་རྗེ་བཙུན་མ་ལའོ། །ཨོཾ་བུད་དྷ་ཌཱ་ཀི་ནཱི་ག་ན། ཨོཾ་བཛྲ་ཌཱ་ཀི་ནཱི་ག་ན། ཨོཾ་རཏྣ་ཌཱ་ཀི་ནཱི་ག་ན། ཨོཾ་པདྨ་ཌཱ་ཀི་ནཱི་ག་ན། ཨོཾ་བི་ཤྭ་ཌཱ་ཀི་ནཱི་ག་ན་ཙཀྲའོ། །མཁའ་འགྲོ་རྡོ་རྗེ་ལྔ་ལའོ། །ཨོཾ་བཛྲ་མ་ཧཱ་ཀ་ལ་ཙཀྲས་ཆོས་སྐྱོང་རྣམས་ལ་དབུལ་བར་བྱའོ།
།དྲུག་པ་ནི། ཕྱག་བྱས་ནས། རྡོ་རྗེ་འཛིན་སོགས་དགོངས་སུ་གསོལ། །བདག་གི་ཚོགས་ཀྱི་ཁྱད་པར་གྱིས། །དང་བའི་ཡིད་ཀྱིས་འབུལ་ལགས་ན། །ཅི་བདེ་བར་ནི་བཞེས་སུ་གསོལ། ཞེས་གསོལ་བ་བཏབ་ནས།
མེ་ཏོག་གཏོར་བ་དང་། བླ་མས། ཨེ་མ་ཧོཿཡེ་ཤེས་ཆེན་པོ་རྣམས། །ཚོགས་ཆེན་འབར་བས་ཉོན་མོངས་སྲེག །འདི་འདྲའི་བདེ་བ་ཐོབ་ནས་ནི། །ཀུན་གྱིས་ཨ་ཧོ་སུ་ཁ་རྗོད། ཨ་ཧོཿསུ་ཁ་བྷཀྵ་ནཾ།
ཞེས་རྗོད་ནས་ལས་ཀྱི་སེམས་པའམ་སེམས་ལས་ཐོད་པ་ཆང་གིས་བཀང་བ་ལག་པ་གཡས་ཀྱིས་བཟུང་། གཡོན་རྩེ་གསུམ་པས་བཀབ་ནས། གཟིགས་ཤིག་མཛེས་པ་དམ་པའི་ཆོས། །འདི་ལ་ཐེ་ཚོམ་བྱར་མི་རུང་། །བྲམ་ཟེ་ཁྱི་དང་གདོལ་པ་དག །རང་བཞིན་གཅིག་ཏུ་དགོངས་ནས་གསོལ། ཞེས་བླ་མ་ལ་དབུལ་ལོ།
།དེ་བཞིན་དུ་ཀུན་ལ་དྲངས་བ་དང་། རྣལ་འབྱོར་པ་རྣམས་ཀྱིས། བདེ་བར་གཤེགས་པ་ཆོས་ཀྱི་མཆོག །འདོད་ཆགས་དྲི་མ་མེད་པ་འདི། །གཟུང་འཛིན་རྣམ་པར་གྲོལ་བ་ཡི། །དེ་ཁོ་ན་ཉིད་ལ་བདག་ཕྱག་འཚལ། ཞེས་རྗོད་དོ།
།བདུན་པ་ནི། རང་ལུས་ཡི་དམ། རྩ་ཁམས་དཔའ་བོ་དང་མཁའ་འགྲོ། ངག་སྔགས། སེམས་ཆོས་ཉིད། དམ་རྫས་རྣམས་ལ་བདུད་རྩིའི་འདུས་དང་མ་བྲལ་བར་ལོངས་སྤྱད་པར་བྱའོ།
།དེ་ལ་ཚོགས་འཁོར་གྱི་དུས་སུ་ཐ་མལ་གྱི་གཏམ་དང་། མ་གུས་པ་དང་། འཐབ་པ་དང་། རྩོད་པ་དང་། ཆང་གིས་གཟི་བ་དང་། སྐུག་པ་ལ་སོགས་པའི་བག་མེད་པའི་སྤྱོད་པ་ཐམས་ཅད་སྤངས་ཏེ། དད་ཅིང་གུས་པས་ཧེ་རུ་ཀའི་ང་རྒྱལ་དང་མ་བྲལ་བར་བྱས་ཏེ།
རྡོ་རྗེ་ཕྲེང་བ་ལས། ཚོགས་ཀྱི་འཁོར་ལོར་གཏམ་སྨྲ་དང་། །རྩོད་དང་དེ་བཞིན་སྐུག་པ་དང་། །མཆིལ་མ་མདོར་ཞིང་རྒོད་པ་དང་། །རྐང་པ་ལ་སོགས་རྐྱོང་བ་དང་། །ཡང་དང་ཡང་དུ་ལྟ་བ་ནི། །དེ་ཡང་དུས་ཀུན་དུ་མི་བྱ། ཅེས་པས་སྤྱོད་ལམ་ཐམས་ཅད་དུ་གུས་པ་དང་། ་་་དྲ་་་སྐད་དང་མ་བྲལ་བར་བྱའོ།
།གསུམ་པ་རྗེས་ལ་ལྔ་སྟེ། ་་་་་་་་་བྱ་བ། ཚོགས་འཁོར་བསོད་ནམས་བསྔོ་བ། སྤྲོ་སྐྱེད་ལྷག་གཏོར་བཏང་བ། བཀྲ་ཤིས་ཚིགས་བཅད་རྗོད་པ། བཟོད་གསོལ་གཤེགས་སུ་གསོལ་བའོ།
།དང་པོ་ནི། རྡོ་རྗེ་བཀོད་པའམ། རྩ་ལྟུང་ངོ་། སྡུས་པ་ནི། གོང་ན་མེད་པའི་རྒྱུད་ལས། ཐོག་མ་མེད་ནས་བསགས་པའི་སྡིག །ཉོན་མོངས་ལྔ་ཡིས་ཀུན་སློང་ཞིང་། །སྒོ་གསུམ་དབང་དུ་སྨིན་གྱུར་པའི། །ཉེས་པ་མ་ལུས་སོ་སོར་བཤགས། ཅེས་པ་དང་། ཡིག་བརྒྱ་རྗོད་དོ།
།གཉིས་པ་ནི། བདེ་མཆོག་ངེས་རྗོད་བླ་མ་ལས། སྐྱེ་བོ་ཉན་ཐོས་མཐའ་ཡས་ལ། །སྦྱིན་དང་བསོད་ནམས་སྤེལ་བ་བས། །ཚོགས་ཆུང་ཅིག་གི་བསོད་ནམས་ཀྱི། །འབུམ་གྱི་ཆར་ཡང་མི་ཕོད་དོ། ཡང་དེ་ཉིད་ལས། བསོད་ནམས་མཐར་ཐུག་ཚོགས་འཁོར་ལོ། །མ་བྱུང་མི་འབྱུང་འབྱུང་མི་འགྱུར། ཅེས་སོ། །དེ་ནས་སྦྱིན་བདག་གིས་གཙོ་བོ་དང་འཁོར་རྣམས་ལ་མེ་ཏོག་འབུལ་བ་ཐོགས་ནས་བསྔོ་བ་བྱས་ཏེ། རྡོ་རྗེ་འཛིན་སོགས་དགོངས་སུ་གསོལ། །ཁྱེད་ལ་རབ་གུས་དང་པ་ཡིས། །མཆོད་པའི་ཚོགས་ནི་རབ་ཕུལ་བས། །བདག་དང་མཐའ་ཡས་སེམས་ཅན་ཀུན། །འཁོར་བའི་སྡུག་བསྔལ་སྤངས་ནས་ནི། །བདེ་ཆེན་རྡོ་རྗེ་འཛིན་རྒྱལ་ཤོག །ཅེས་པས་བསྔོ་བ་བྱའོ།
།གསུམ་པ་ནི། གཙོ་བོས་སྦྱིན་བ་་་་ལ་འདི་སྐད་རྗོད་དོ། །ཨེ་མ་ཧོཿསེམས་ཅན་ཆེན་པོ་ཁྱོད། །དེང་ནས་སངས་རྒྱས་རྣམས་ཀྱིས་ནི། །ཁྱོད་ལ་རབ་ཏུ་དགོངས་འགྱུར་ཞིང༌། །སངས་རྒྱས་ཉིད་དུ་འགྱུར་བས་ན། །འབྲས་བུ་ཆེན་པོ་མཐོང་ནས་ནི། །ཡིད་ཆེས་པ་ཡིས་རྩོན་པར་བྱོས། ཅེས་པ་ལ་སོགས་པས་སྤྲོ་བ་སྐྱེད་དོ། །དེ་ནས་ལྷག་མའི་གཏོར་མ་སྡུས་ནས་ཕུད་ཀྱིས་བྲན་ལ་དམ་ཚིག་བསྒྲུབ་པར་བྱ་སྟེ།
སྡོམ་འབྱུང་ལས། ཁ་ནི་མྱོས་བྱེད་ཀྱིས་བཀང་ནས། །འབར་བའི་ཕྱག་རྒྱ་བཅིང་བར་བྱ། །ཧཱུྃ་གི་སྒྲ་ནི་དྲག་པ་ཡིས། །ལྷག་མའི་སྣོད་དུ་སྦྱིན་པར་བྱ། ཨོཾ་སརྦ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཨུ་ཙྪིཥྚ་བྷཀྵ་བྷྱ་སྭཱཧཱ། སྙིང་རྗེ་ལ་སོགས་ཉམས་ལྡན་པས། །དེ་བཞིན་བཀྲ་ཤིས་གླུ་བླང་བྱ། ཅེས་དང་།
གདན་བཞི་ལས། །དངོས་གྲུབ་འདོད་པའི་རྣལ་འབྱོར་པས། །ནན་ཏན་གྱིས་ནི་གཏོར་མ་སྦྱིན། །ཡེ་ཤེས་ཅན་གྱི་དཔལ་འདོད་པས། །ལྷག་མའི་གཏོར་མ་སྦྱིན་པར་བྱ། ཨོཾ་ཧི་ལི་ཧི་ལི་བཛྲ། མ་ཐ་མ་ཐ་ཡོ་གི་ནི་ཧཱུྃ་ཛཿ ཞེས་དང་།
རྡོ་རྗེ་ཕྲེང་བ་ལས། ལྷག་མའི་གཏོར་མ་བླངས་ནས་ནི། །དགོན་པ་ཆེན་པོར་སོང་ནས་དོར། ཅེས་གསུངས་པས། ལྷག་གཏོར་ལ་བརྩོན་པར་བྱའོ།
།བཞི་པ་ནི། ཕུན་སུམ་ཚོགས་པ་མ་འདབ་ལ་སོགས་པའི་བཀྲ་ཤིས་དང་།
བླ་མ་རྣམས་ཀྱིས་ལེགས་བྱིན་པའི། །རྟག་ཏུ་ཡེ་ཤེས་ཐུགས་རྗེ་ཡིས། །གཟིགས་ཤིང་ཆོས་སྐུར་ངོ་སྤྲོད་པའི། །བྱིན་རླབས་མཆོག་གི་བཀྲ་ཤིས་ཤོག
།རྡོ་རྗེ་ཕག་མོས་ལེགས་བྱིན་པའི། །གསང་སྔགས་མཆོག་གི་ཆོ་ག་ལ། །ལུས་ངག་ཡིད་གསུམ་མཐུ་གྲུབ་པའི། །དངོས་གྲུབ་མཆོག་གི་བཀྲ་ཤིས་ཤོག
།རྡོ་རྗེ་མཁའ་འགྲོས་ལེགས་བྱིན་པའི། །སེམས་ཉིད་འོད་གསལ་འདུས་མ་བྱས། །གཉིས་མེད་སྤྲོས་བྲལ་དོན་རྟོགས་པའི། །ཕྱག་རྒྱ་ཆེན་པོའི་བཀྲ་ཤིས་ཤོག
།སངས་རྒྱས་མཁའ་འགྲོས་ལེགས་བྱིན་པའི། །ཆོས་རྣམས་རང་བཞིན་རང་གི་སེམས། །རྒྱུད་འདི་ཆོས་ཀྱིས་མ་བཅིངས་པའི། །ཆོས་ཀྱི་ཕྱག་རྒྱའི་བཀྲ་ཤིས་ཤོག
།རིན་ཆེན་མཁའ་འགྲོས་ལེགས་བྱིན་པའི། །ཡོན་ཏན་དཔག་ཏུ་མེད་པས་བརྒྱན། །བདུད་དང་ནད་རྣམས་ཞི་མཛད་པའི། །བསམ་པ་འགྲུབ་པའི་བཀྲ་ཤིས་ཤོག
།པད་མ་ཌཱ་ཀིས་ལེགས་བྱིན་པའི། །ཐབས་དང་ཤེས་རབ་གཉིས་མེད་སྦྱོར། །བདེ་ཆེན་ཡེ་ཤེས་ཐབས་ཀྱི་མཆོག །གསང་བ་ཤེས་རབ་བཀྲ་ཤིས་ཤོག
།ལས་ཀྱི་ཌཱ་ཀིས་ལེགས་བྱིན་པའི། །རྣལ་འབྱོར་དམ་ཚིག་གཙང་བ་ལ། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་རྣམས་འགྲུབ་པའི་བཀྲ་ཤིས་ཤོག
།འཇིག་རྟེན་ཌཱ་ཀིས་ལེགས་བྱིན་པའི། །འགྲོ་བའི་བསམ་པ་ཤེས་རབ་སྟེ། །ཐབས་རྣམས་དུ་མས་འདུལ་མཛད་པའི། །སྤྲིན་ལས་ལྷུན་གྲུབ་བཀྲ་ཤིས་ཤོག
།ཆོས་སྐྱོང་རྣམས་ཀྱིས་ལེགས་བྱིན་པའི། །འཁོར་བཟང་ལོངས་སྤྱོད་ལྡན་པ་དང༌། །གནོད་དང་ནད་ལས་ཐར་བ་ཡི། །བར་ཆད་མེད་པའི་བཀྲ་ཤིས་ཤོག
།ལྔ་པ་ནི། གང་ཡང་བདག་བློ་གཏི་མུག་པས། །ལེགས་བྱས་འདི་ལ་ཉེས་གྱུར་གང༌། །གང་ཕྱིར་ལུས་ཅན་སྐྱབས་གྱུར་པས། །དེ་ཀུན་མགོན་ཁྱོད་བཟོད་པར་མཛོད། ཅེས་རྗོད་ནས། །ཨོཾ་ཁྱེད་ཀྱིས་སེམས་དོན་ཀུན་མཛད་སོགས་དང་། ཨོཾ་ཨཱཿཧཱུྃ་མུཿ ཞེས་ནས་ཡེ་ཤེས་པ་གཤེགས་ལ་རྡུལ་ཚོན་ལ་སོགས་པ་མི་མངོན་པར་བྱས་ཏེ།
སྒྱུ་འཕྲུལ་དྲ་བའི་རྒྱུད་ལས། རྒྱལ་བ་ཐམས་ཅད་གཤེགས་སུ་གསོལ། །སྒྲིམས་ཏེ་ཚོན་རྩི་རྣམས་སྡུས་ནས། །ཆུ་ཀླུང་ཆེན་པོར་སྐུར་ནས་ཀྱང་། །བ་ཡི་ཕྱི་བས་བྱུག་པར་བྱ། ཅེས་པས་རྗེས་མི་སྣང་བར་བྱའོ།
།དེའི་རྗེས་ལ་བྲལ་བའི་ཐིག་ལེ་ཕྱིས་ནས་རྣལ་འབྱོར་པ་རྣམས་ཀྱིས་དམ་རྫས་ཕྱིར་འདོན་པ་ལ་སོགས། འཐབ་རྩོད་ལ་སོགས་པ་བག་མེད་པ་རྣམས་སྤངས་ནས་ཧེ་རུ་ཀའི་ང་རྒྱལ་གྱིས། ཞི་ཞིང་དུལ་བས་བསྟན་ལ་བརྩོན་པར་བྱའོ།
།རྗེ་བཙུན་མའི་ཚེས་བཅུའི་མཆོད་པ་རྫོགས་སོ།